YouVersion Logo
Search Icon

ཡོ་ཧ་ནན། 19

19
ཡེ་ཤུ་ལ་རྒྱང་ཤིང་ཁར་ལ་བརྐྱང་ཡས་ཀྱི་ཆད་པ།
(མད་ཐཱ། ༢༦:༡༥-༣༡; མར་ཀུ། ༡༥:༦-༢༠; ལུ་ཀ། ༢༣:༡༣-༢༥)
1ད་པི་ལ་ཏུ་ཡིས་ཡེ་ཤུ་ལ་ཁྲིད་དེ་རྟ་ལྕག་བཞུས་དུ་བཅུག་པ་ལགས། 2དེ་ནས་དམག་མི་ཀྱ་ཡིས་ཚེར་མ་ཡི་ཅོད་པན་བསླས་རེ་ཁོང་པ་ཡི་དབུ་ལ་བསྐོན་པ་ལགས། དེ་ནས་ན་བཟའ་རྒྱ་སྨུག་གཅིག་ཁོང་པ་ལ་བསྐོན་པ་ལགས། 3དེ་ནས་ཁོང་ཀྱ་ཁོང་པ་ཡི་དྲུང་དུ། ཡ་ཧུ་དཱ་པའི་རྒྱལ་བོ་ལ་ཕྱག་འཚལ་ལོ། སྨྲས་རེ་འོང་རེ་ཁོང་པ་ལ་འགྲམ་ལྕག་བཞུས་པ་ལགས།
4པི་ལ་ཏུ་ལྡབ་ལེ་ཕི་ལ་སོང་རེ་ཁོང་ཀྱ་ལ་སྨྲས་བ་ལགས། ལྟོས། ངས་ཁྱོད་ལ་སྐྱོན་གིའང་མ་རྙེད་ཀྱིན་གོ་ཁྱེད་ཀྱ་ཡིས་ཧ་གོ་ཡས་ལ་ངས་ཁོ་ལ་ཁྱེད་ཀྱི་གདོང་དུ་ཕི་ལ་ཁྲིད་དེ་འོང་འོད། 5ད་ཡེ་ཤུ་ཚེར་མ་ཡི་ཅོད་པན་དང་ན་བཟའ་རྒྱ་སྨུག་གོ་བསྣུམས་ཏེ་ཕི་ལ་ཐོན་མཛད་པ་ལགས། དེ་ནས་པི་ལ་ཏུ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ལྟོས། མི་འདི་དུ་རུ་འོད།
6ད་མཆོད་དཔོན་ཆེ་ཀྱ་དང་དམག་མི་ཀྱ་ཡིས་ཁོང་པ་ལ་མཇལ་ལི་གང་ལ། ཁོ་ལ་རྒྱང་ཤིང་ཁར་ལ་རྐྱོངས། སྨྲས་རེ་ཕེ་ར་བརྒྱབ་པ་ལགས།
པི་ལ་ཏུ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ངས་ཁོ་ལ་སྐྱོན་གིའང་མ་རྙེད། འོ་བྱས་རེ་ཁྱེད་ཀྱ་རང་ཁོ་ལ་འཁྲིད་དེ་སོང་རེ་རྒྱང་ཤིང་ཁར་ལ་རྐྱོངས།
7ཡ་ཧུ་དཱ་པ་ཀྱ་ཡིས་ཁོ་ལ་ལན་བརྒྱབ་པ་ལགས། འེ་ལ་ཆོས་ཁྲིམས་གཅིག་འོད་ད་ལགས། དེ་ནས་ཆོས་ཁྲིམས་དེ་ལ་ལྟ་ན། ཁོ་ཤི་དགོས་གུ་ལགས། གི་བྱས་རེ་སྨྲ་ན་ཁོས་ཁོ་རང་ལ་དཀོན་མཆོག་གི་སྲས་ཡིན་སྨྲ་ལགས།
8པི་ལ་ཏུ་ཡིས་ལབ་དེ་གོ་སྟེ་ཁོ་ཡོལ་ལེ་མང་ང་འཇིགས་པ་ལགས། 9ཁོ་ལྡབ་ལེ་ཕོ་བྲང་ནང་དུ་འཛུལ་རེ་ཡེ་ཤུ་ལ་དྲིས་བ་ལགས། ཁྱོད་ག་ནས་ཡིན་ནོ། ཡིན་ནའང་ཡེ་ཤུ་ཡིས་ལན་གཅིག་འང་མ་གསུངས་བ་ལགས། 10འོ་བྱས་རེ་པི་ལ་ཏུ་ཡིས་ཁོང་པ་ལ་ཞུས་བ་ལགས། ཁྱོད་ངའི་མུ་ལ་ལབ་བཏང་ཡས་མི་ནེ། ཁྱོད་ལ་གློད་བཏང་ཡས། དེ་ནས་རྒྱང་ཤིང་ཁར་ལ་བརྐྱང་ཡས་ཀྱི་དབང་ཆ་ང་ལ་འོད་ད་ལགས་སྨྲས་རེ་ཁྱོད་ལ་ཤེས་ཡས་མེད་དེ།
11ཡེ་ཤུ་ཡིས་ཁོ་ལ་བཀའ་ལན་གནང་བ་ལགས། ཐོད་ནས་མ་གནང་གིན་ཐུག་པའིི་ངའི་ཐོག་ལ་ཁྱེད་རང་ལ་དབང་ཆ་གིའང་མེད་ད་ལགས། འོ་བྱས་རེ་ཁྱེད་རང་གི་ལག་ལ་ང་ལ་རྩིས་བརྒྱབ་མཁན་གོ་ལ་དེ་ལས་ལྷག་སྡིག་པ་ཆེ་ཕོག་གི་ལགས།
12དེ་གོ་སྟེ་པི་ལ་ཏུ་ཡིས་ཁོང་པ་ལ་གློད་བཏང་ཡས་ཐབས་ཤེས་བྱས་བ་ལགས། ཡིན་ནའང་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་དེ་རེ་སྨྲས་རེ་ཕེ་ར་བརྒྱབ་པ་ལགས། ཁྱེད་རང་གིས་འདི་མི་དེ་ལ་གློད་བཏང་ན། ཁྱེད་རང་ཀེ་སར་གྱི་གྲོགས་པོ་མིན། རང་ལ་རྒྱལ་བོ་རྩི་མཁན་གི་རི་ཡིས་ཀེ་སར་ལ་ངོ་རྒོལ་བྱེད་ད་ལགས།
13པི་ལ་ཏུ་ཡིས་དེ་གོ་སྟེ་ཡེ་ཤུ་ལ་ཕི་ལ་ཁྲིད་དེ་འོངས་བ་ལགས། དེ་ནས་ཁོ་རྡོ་གཅལ་སྨྲ་གིན་ཁྲིམས་གཅོད་ཀྱི་ཁྲི་ལ་བསྡད་པ་ལགས། (ཨིབ་རི་པ་སྐད་ལ་གབ་བ་ཐཱ་སྨྲ་ལགས།) 14ད་འོ་དེ་ཉིན་མ་གོ་པེ་སག་གི་དུས་ཆེན་གྲ་སྒྲིག་བྱེད་ཀྱིན་ཉིན་མ་གོ་ལགས། དེ་ནས་འོ་དེ་གང་ལ་ཉིན་མོ་ཆུ་ཚོད་བཅུ་གཉིས་བྱུང་འོད་ད་ལགས།
པི་ལ་ཏུ་ཡིས་ཡ་ཧུ་དཱ་པ་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་ཡི་རྒྱལ་བོ་ལ་ལྟོས།
15དེ་ནས་ཁོང་ཀྱ་ཡིས་ཁོ་ལ་ཧ་ལ་ཁྲིད། ཁོ་ལ་རྒྱང་ཤིང་ལ་རྐྱོངས། སྨྲས་རེ་ཕེ་ར་བརྒྱབ་པ་ལགས།
པི་ལ་ཏུ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་ཡི་རྒྱལ་བོ་ལ་ང་རྒྱང་ཤིང་ཁར་ལ་བརྐྱང་ཡས།
མཆོད་དཔོན་ཆེ་ཀྱ་ཡིས་ལན་བརྒྱབ་པ་ལགས། ཀེ་སར་མ་ན་འེ་ཀྱ་ལ་རྒྱལ་བོ་གཞན་མ་མེད།
16དེ་ནས་པི་ལ་ཏུ་ཡིས་ཁོང་པ་ལ་རྒྱང་ཤིང་ཁར་ལ་བརྐྱང་ཡས་ལ་ཁོང་ཀྱ་ཡི་ལག་ལ་རྩིས་བརྒྱབ་པ་ལགས།
ཡེ་ཤུ་རྒྱང་ཤིང་ཁར་ལ།
(མད་ཐཱ། ༢༦:༣༢-༤༤; མར་ཀུ། ༡༥:༢༡-༣༢; ལུ་ཀ། ༢༣:༢༦-༤༣)
འོ་བྱས་རེ་ཁོང་ཀྱ་ཡིས་ཁོང་པ་ཡི་རྩི་ལེན་པ་ལགས། 17དེ་ནས་ཡེ་ཤུ་ཕི་ལ་ཕེབས་ཏེ་རང་གི་རྒྱང་ཤིང་འཁུར་ཏེ་མགོ་རུས་ཀྱི་རི་སྨྲ་གིན་ས་ཆ་ལ་ཕེབས་པ་ལགས། ཨིབ་རི་པ་སྐད་ལ་གོལ་གོ་ཐཱ་སྨྲ་ལགས། 18འོ་དུ་རུ་ཁོང་ཀྱ་ཡིས་མི་གཞན་མ་གཉིས། གཅིག་ལ་ཡེ་ཤུའི་གཡས་དང་གཅིག་ལ་གཡོན་བྱས་རེ། ཁོང་པ་ལ་གུང་ལ་བཞག་སྟེ་ཁོང་ཀྱ་ལ་བསད་ཡས་ལ་རྒྱང་ཤིང་ཁར་ལ་བརྐྱངས་པ་ལགས། 19པི་ལ་ཏུ་ཡིས་ན་ཙ་རེད་པ་ཡེ་ཤུ་ཡ་ཧུ་དཱ་པའི་རྒྱལ་བོ་སྨྲས་རེ་ཉེས་སྐྱོན་གྱི་ཡིག་བྲིས་ཏེ་རྒྱང་ཤིང་གི་མགོ་ལ་བཏགས་པ་ལགས།
20ཡིག་འདི་ཨིབ་རི་པ་དང་ལཱ་ཏིན་དང་གྷི་རིག་སྐད་ལ་བྲིས་འོད་ད་ལགས། དེ་ནས་ཡེ་ཤུ་རྒྱང་ཤིང་ལ་བརྐྱངས་ཀྱ་ས་ཆ་གོ་རྒྱལ་ས་ནས་ཉེ་ལ་བྱས་རེ། ཡ་ཧུ་དཱ་པ་མང་ཆེ་ཡིས་ཡིག་འདི་སྒྲོག་པ་ལགས། 21འོ་བྱས་རེ་ཡ་ཧུ་དཱ་པའི་མཆོད་དཔོན་ཆེ་ཀྱ་ཡིས་པི་ལ་ཏུ་ལ་སྨྲས་བ་ལགས། ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་སྨྲས་རེ་འབྲི་བ་མ་མཛད། ཡིན་ནའང་འདི་མི་དེས་ང་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་ཡིན་སྨྲས་རེ་སྨྲིས། སྨྲས་རེ་འབྲི་བ་མཛད།
22པི་ལ་ཏུ་ཡིས་ལན་སྟེར་པ་ལགས། ངས་གི་བྲིས་ཀྱིན་གོ་བྲིས་ཚར་ལགས།
23དམག་མི་ཀྱ་ཡིས་ཡེ་ཤུ་ལ་རྒྱང་ཤིང་ལ་བརྐྱངས་ཚར་ཏེ། ཁོང་པ་ཡི་ན་བཟའ་གོ་ཁྱེར་ཏེ་དམག་མི་རེ་རེ་ལ་དུམ་བུ་རེ་རེ་བྱས་རེ་དུམ་བུ་བཞི་ལ་བགོས་བ་ལགས། དེ་ནས་ཁོང་པ་ཡི་ནང་གོས་གོའང་ཁྱེར་པ་ལགས། ཡིན་ནའང་འོ་དེ་ནང་གོས་གོ་ཚེམ་བུ་མེད་ད་མགོ་ནས་རྒབ་ཐུག་པའི་བསླས་འོད་ད་ལགས། 24འོ་བྱས་རེ་ཁོང་ཀྱ་ཡིས་གཅིག་གིས་གཅིག་ལ་སྨྲས་བ་ལགས། ད་འོ་རང་འདི་རལ་མོ་དགོས། ཡིན་ནའང་འདི་སུ་ལ་ཐོབ་བའི་སྨྲས་རེ་ལྟ་ཡས་ལ་རྒྱན་བརྒྱབ་བོ། གསུང་རབ་ལ་བྲིས་བྲ་འདི་འགྲུབ་ཡས་ཀྱི་ཕྱིར་ལ་དེ་བྱུང་བ་ལགས།
ངའི་གོས་ལག་ཁོང་ཀྱ་ཡིས་ཁོ་རང་ཀྱ་ནང་དུ་བགོས་སོང་། དེ་ནས་ངའི་ནང་གོས་ལ་ཁོང་ཀྱ་ཡིས་རྒྱན་བརྒྱབ་སོང་།#གསུང་མགུར། ༢༢:༡༨
འོ་བྱས་རེ་དམག་མི་ཀྱ་ཡིས་དེ་ལས་ཀ་བྱས་བ་ལགས། 25ཡེ་ཤུའི་རྒྱང་ཤིང་གི་ཉེ་རུ་ཁོང་པ་ཡི་ཡུམ་དང་། ཁོང་པ་ཡི་ཡུམ་གྱི་ནུ་མོ་དང་། ཀོ་ལོ་པཱས་ཀྱི་སྐྱེས་དམན་མིར་ཡམ་དང་། མིར་ཡམ་མག་ད་ལི་ནི་ལངས་རེ་བསྡད་འོད་ད་ལགས། 26ཡེ་ཤུ་ཡིས་རང་གི་ཡུམ་དང་། ཁོང་པ་ཡི་དམིགས་བསལ་གྱི་བྱམས་པ་མཛད་ཛ་ཉེ་གནས་ལ་འགྲམ་དུ་ལངས་རེ་བསྡད་ད་གོ་གཟིགས་ཏེ། ཁོང་པ་ཡིས་རང་གི་ཡུམ་ལ་གསུངས་བ་ལགས། བུ་མོ། ཁོ་ཁྱོའི་བུ་ལགས།
27དེ་ནས་འོ་དེ་ཉེ་གནས་ལའང་ཁོང་པ་ཡིས་གསུངས་བ་ལགས། མོ་ཁྱོའི་ཨ་མ་ལགས། དེ་ནས་འོ་དེ་དུས་ནས་འོ་དེ་ཉེ་གནས་ཀྱིས་ཡེ་ཤུའི་ཡུམ་ལ་རང་གི་ནང་ལ་ཁྲིད་པ་ལགས།
ཡེ་ཤུ་གྲོངས་པ།
(མད་ཐཱ། ༢༦:༤༥-༥༦; མར་ཀུ། ༡༥:༣༣-༤༡; ལུ་ཀ། ༢༣:༤༤-༤༩)
28འོ་དེ་གཤམ་ནས་ད་གི་རི་འགྲུབ་ཀྱིན་གོ་མཁྱེན་ད་མཛད་དེ། ཁོང་པ་ཡིས་གསུང་རབ་ལ་བྲིས་བྲ་གོ་འགྲུབ་ཡས་ཀྱི་ཕྱིར་ལ། ང་ཁ་སྐོམ་མའི།#གསུང་མགུར། ༦༩:༢༡;༢༢:༡༥ གསུངས་རེ་གསུངས་བ་ལགས། 29འོ་དུ་རུ་ཁུ་བ་སྐྱུར་མོ་གང་ཁངས་ཁ་སྣོད་ཅིག་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་སྲིང་པ་གཅིག་འོ་དེ་ལ་སྦངས་རེ། ཧི་སོབ་སྨྲ་གིན་རྩི་ཤིང་མགོ་ལ་བརྒྱུས་རེ་ཁོང་པ་ཡིས་བཞེས་ཡས་ལ་བཞག་པ་ལགས། 30དེ་ནས་ཡེ་ཤུ་ཡིས་འོ་དེ་རྒུན་ཆང་སྐྱུར་མོ་གོ་བཞེས་རེ་གསུངས་བ་ལགས། ད་གྲུབ་སོ། དེ་ནས་ཁོང་པ་ཡིས་དབུ་གུག་སྟེ་སྐུ་སྲོག་བློས་བཏང་ང་མཛད་པ་ལགས།
31འོ་དེ་ཉིན་མ་གོ་གྲ་སྒྲིག་གི་ཉིན་མོ་དང་ཉིན་མ་གཤམ་མ་གོ་ངལ་གསོ་གིན་ཉིན་མ་ཁག་ཆེ་གོ་བྱས་རེ། ཤི་བའི་རོ་ཀྱ་རྒྱང་ཤིང་དུ་མ་ལུས་བར་ཤོག་སྨྲས་རེ། ཡ་ཧུ་དཱ་པ་ཀྱ་ཡིས་པི་ལ་ཏུ་ལ་ཁོང་ཀྱ་ཡི་རྐང་པ་བཅག་སྟེ་རོ་འཁྱེར་ཡས་ལ་ཞུས་བ་ལགས། 32འོ་བྱས་རེ་དམག་མི་ཀྱ་འོངས་རེ་ཁོང་པ་མུ་ལ་རྒྱང་ཤིང་དུ་བརྐྱངས་ཀྱ་མི་གཉིས་བོ་ནས་དང་པོའི་རྐང་པ་བཅག་པ་ལགས། དེ་ནས་གཉིས་བའི་རྐང་པ་བཅག་པ་ལགས། 33ཡིན་ནའང་ཁོང་ཀྱ་ཡེ་ཤུ་དྲུང་དུ་སླེབས་ཏེ་ཁོང་པ་གྲོངས་ཚར་གྱིན་གོ་མཐོང་རེ། ཁོང་པ་ཡིས་ཞབས་མ་བཅག་པ་ལགས། 34གི་ཡིན་ན་དམག་མི་ཀྱ་ནས་གཅིག་གིས་ཡེ་ཤུའི་གཞོགས་ལ་མདུང་བཙུགས་པ་ལགས། དེ་ནས་ཁྲག་དང་ཆུ་ཐེངས་གཅིག་ལ་རང་ཐོན་པ་ལགས།
35འོ་དེ་མཐོང་ཐ་མིས་འདིའི་སྐོར་ལ་དཔང་པོ་བྱས་བ་ལགས། དེ་ནས་ཁོའི་དཔང་པོ་གོ་བདེན་པ་ལགས། དེ་ནས་མི་འདི་ཁོ་རི་བཤད་ཀྱིན་གོ་བདེན་པ་ལགས་སྨྲས་རེ་ཁོ་ལ་ཤེས་ཡས་འོད་ད་ལགས། 36གསུང་རབ་ལ་ཁོང་གི་རུས་གོག་གཅིག་འང་མེད་གཅག་གི་ལགས།#སྡེབ་ཐོན། ༡༢:༤༦; གྲངས་ཀ། ༩:༡༢; གསུང་མགུར། ༣༤:༢༠ སྨྲས་རེ་བྲིས་བྲ་བཀའ་དེ་འགྲུབ་ཡས་ཀྱི་ཕྱིར་ལ་དེ་ཀྱ་བྱུང་བ་ལགས། 37དེ་ནས་ཡང་གསུང་རབ་ལ་གཞན་མ་གཅིག་བྲིས་འོད་ད་ལགས། ཁོང་ཀྱ་ཡིས་བཙུགས་ཀྱིན་གོ་ལ་ཁོང་ཀྱ་ཡིས་ལྟ་གི་ལགས།#ཟེ་ཀ་རི་ཡཱས། ༡༢:༡༠; མངོན་པ། ༡:༧
ཡེ་ཤུའི་སྐུ་ཕུང་སྦས་བ།
(མད་ཐཱ། ༢༦:༥༧-༦༡; མར་ཀུ། ༡༥:༤༢-༤༧; ལུ་ཀ། ༢༣:༥༠-༥༦)
38འོ་དེ་གཤམ་ནས་ཡ་ཧུ་དཱ་པ་ཀྱ་ནས་འཇིགས་ཏེ། གསང་བ་ལ་ཡེ་ཤུའི་ཉེ་གནས་ཡིན་མཁན་ཨ་རི་མ་ཐཱི་ཡ་ཡུལ་གྱི་ཡོ་སེབ་ཀྱིས་པི་ལ་ཏུ་ལ་ཡེ་ཤུའི་སྐུ་ཕུང་འཁྱེར་ཏེ་འགྲོ་ཡས་ལ་ཞུས་བ་ལགས། པི་ལ་ཏུ་ཡིས་ཁོ་ལ་འཁྱེར་ཏེ་འགྲོ་ཡས་བཀའ་གནང་བ་ལགས། འོ་བྱས་རེ་ཁོས་ཡེ་ཤུའི་སྐུ་ཕུང་རྒྱང་ཤིང་མ་ལ་བབ་སྟེ་ཁྱེར་ཏེ་སོང་བ་ལགས། 39ཨེན་ལ་མཚན་མོ་ཡེ་ཤུ་ལ་མཇལ་དུ་འོངས་ཀྱིན་ནཱི་ཀོ་དེམ་གོའང་ཡོ་སེབ་མུ་ལ་ཀི་ལོ་སུམ་ཅུ་ཚོད་ཀྱི་མུར་ར་དང་། ཨ་ག་རུ་ཡི་དྲི་ཞིམ་བསྲེས་མ་ཁྱེར་ཏེ་འོངས་བ་ལགས། 40དེ་ནས་ཡ་ཧུ་དཱ་པའི་ཕུང་པོ་སྦ་ཀྱིན་ལུགས་སྲོལ་ཅོག་རེ་ཁོང་གཉིས་བོ་ཡིས་སོ་རས་ལ་དྲི་ཞིམ་བླུགས་ཏེ་ཡེ་ཤུའི་སྐུ་ཕུང་གོ་ལ་བསྒྲིལ་བ་ལགས། 41ཡེ་ཤུ་ལ་རྒྱང་ཤིང་ལ་བརྐྱངས་ཀྱིན་ས་ཆ་ཡི་འགྲམ་ལ་ལྡུམ་རྭ་གཅིག་འོད་ད་ལགས། དེ་ནས་འོ་དེ་ལྡུམ་རྭ་ནང་དུ་རོ་སྦེད་མ་མྱོང་གིན་དུར་ཁྲོད་གསར་པ་གཅིག་འོད་ད་ལགས། 42དེ་ནས་འོ་དེ་ཉིན་མོ་གོ་ངལ་གསོ་གིན་ཉིན་མ་ཨེན་མ་གོ་བྱེད། དེ་ནས་དུར་ཁྲོད་གོའང་ཉེ་ལ་བྱས་རེ། ཁོང་གཉིས་བོས་ཡེ་ཤུའི་སྐུ་ཕུང་འོ་དུ་རུ་བཞག་པ་ལགས།།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in