ཡོ་ཧ་ནན། 18
18
ཡེ་ཤུ་ལ་ཟིམ་པ།
(མད་ཐཱ། ༢༦:༤༧-༥༦; མར་ཀུ། ༡༤:༤༣-༥༠; ལུ་ཀ། ༢༢:༤༧-༥༣)
1ཡེ་ཤུ་ཡིས་དེ་བཀའ་ཀྱ་གསུངས་ཚར་ཏེ། ཁོང་པ་ཉེ་གནས་ཀྱ་མུ་ལ་ཀིད་དོ་རོན་གྲོག་པོའི་ཧ་ཀན་ལ་འོད་ཀྱིན་ལྡུམ་ར་ལ་ཕེབས་པ་ལགས། ཁོང་པ་ཉེ་གནས་ཀྱ་མུ་ལ་འོ་དེ་ནང་དུ་འཛུལ་བ་ལགས། 2ད་ཁོང་པ་ལ་དགྲའི་ལག་ལ་རྩིས་བརྒྱབ་ཀྱིན་ཡུ་དཱ་ལའང་འདི་ས་ཆ་དེ་ཤེས་ཡས་འོད་ད་ལགས། གི་བྱས་རེ་སྨྲ་ན་ཡེ་ཤུ་ཉེ་གནས་ཀྱ་མུ་ལ་མང་ཆེ་འོ་དུ་རུ་ཐུག་བ་མཛད་ད་ལགས། 3ད་ཡུ་དཱ་དམག་དཔུང་གཅིག་དང་། མཆོད་དཔོན་ཆེ་ཀྱ་དང་། ཕཱ་རུ་ཤི་པ་ཀྱ་ཡིས་བརྫངས་ཛ་མཆོད་ཁང་གི་སྲུང་དམག་རིང་འགའ་འཁྲིད་དེ་ལག་པ་རུ་སྒྲོན་མེ་དང་། གློག་བཞུ་དང་། ལག་ཆ་ཀྱ་ཁྱེར་ཏེ་འོ་དུ་རུ་འོངས་བ་ལགས།
4དེ་ནས་ཡེ་ཤུ་ཡིས་རང་ལ་གི་འབྱུང་ཡས་ཡིན་གྱིན་གི་རི་མཁྱེན་ད་མཛད་དེ། གདོང་ལ་ཕེབས་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་སུ་ལ་བཙལ་ལ་ཡིན་ནོ།
5ཁོང་ཀྱ་ཡིས་ཁོང་པ་ལ་སྨྲས་བ་ལགས། ན་ཙ་རེད་པ་ཡེ་ཤུ་ལ་བཙལ་ལ་ཡིན།
དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ང་ཁོ་རང་ཡིན། དེ་ནས་ཁོང་པ་ལ་དགྲའི་ལག་ལ་རྩིས་བརྒྱབ་མཁན་ཡུ་དཱ་གོའང་ཁོང་ཀྱ་མུ་ལ་འོ་དུ་རུ་ལངས་རེ་བསྡད་འོད་ད་ལགས། 6དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་ང་ཁོ་རང་ཡིན་གསུངས་རེ་གསུངས་བའི་གང་ལ། ཁོང་ཀྱ་གོམ་པ་རྒྱབ་ལ་སྤོས་རེ་ས་ལ་འགྱེལ་བ་ལགས།
7ཡང་ཁོང་པ་ཡིས་ཁོང་ཀྱ་ལ་ལྡབ་ལེ་འདྲི་བ་མཛད་པ་ལགས། ཁྱེད་ཀྱ་སུ་ལ་བཙལ་ལ་ཡིན་ནོ།
ཁོང་ཀྱ་ཡིས་སྨྲས་བ་ལགས། ན་ཙ་རེད་པ་ཡེ་ཤུ་ལ་བཙལ་ལ་ཡིན།
8ཡེ་ཤུ་ཡིས་ལན་གནང་བ་ལགས། ངས་ཁྱེད་ཀྱ་ལ་ང་ཁོ་རང་ཡིན་སྨྲས་བའི། འོ་བྱས་རེ་ད་ཁོང་ཀྱ་ཡིས་ང་ལ་བཙལ་ལ་ཡིན་ན། དེ་མི་ཀྱ་ལ་འགྲོ་རུ་ཆུག།
9ཁྱེད་རང་གིས་ང་ལ་གནང་ན་ཀྱ་ནས་སུ་གཅིག་ལའང་ངས་མ་སྟོར་འོད། གསུངས་རེ་ཁོང་པ་ཡིས་གསུངས་ཀྱིན་དེ་སྒྲུབ་ཏུ་བཅུག་ཡས་ལ་དེ་བྱུང་བ་ལགས།
10དེ་ནས་སི་མོན་པེ་ཏྲོ་ཡིས་རང་མུ་ལ་འོད་ཀྱིན་རལ་གྲི་གོ་བཏོན་ཏེ་གཙོ་མཆོད་དཔོན་གྱི་གཡོག་པོ་གཅིག་གི་ཨམ་མཆོག་གཡས་གོ་བཅད་པ་ལགས། (འོ་དེ་གཡོག་པོའི་མིང་མལ་ཀུ་ལགས།)
11ཡེ་ཤུ་ཡིས་པེ་ཏྲོ་ལ་གསུངས་བ་ལགས། རང་གི་རལ་གྲི་དེ་ཤུབས་ནང་ལ་ཆུག།ཡབ་ཀྱིས་ང་ལ་གནང་ན་ཕོར་ར་ནས་ང་མི་འཐུང་ཡས།
ཡེ་ཤུ་གཙོ་མཆོད་དཔོན་རྩ་རུ།
12འོ་དེ་གཤམ་ནས་དམག་དཔུང་དང་། ཁོང་ཀྱ་ཡིས་དམག་དཔོན་དང་། ཡ་ཧུ་དཱ་པ་སྲུང་དམག་ཀྱ་ཡིས་ཡེ་ཤུ་ལ་ཟིམ་ཏེ་བསྡམས་པ་ལགས། 13ཨེན་ལ་ཁོང་ཀྱ་ཡིས་ཁོང་པ་ལ་ཧན་ནཱ་སི་རྩ་རུ་ཁྲིད་པ་ལགས། ཁོ་འོ་དེ་ལོ་ཡི་གཙོ་མཆོད་དཔོན་ཀ་ཡ་ཕཱ་ཡི་སྐྱེས་དམན་གྱི་ཨ་རྒས་ལགས། 14ཀ་ཡ་ཕཱ་གོ་མི་མང་ཀྱ་ཡི་དོན་དུ་མི་གཅིག་ཤི་ན་དགའ་གུ་ལགས་སྨྲས་རེ་ཡ་ཧུ་དཱ་པ་ཀྱ་ལ་བསླབ་བྱ་སྟེར་གྱིན་གོ་ལགས།
པེ་ཏྲོའི་ངོ་ལོག་དང་པོ།
(མད་ཐཱ། ༢༦:༦༩-༧༠; མར་ཀུ། ༡༤:༦༦-༦༨; ལུ་ཀ། ༢༢:༥༥-༥༧)
15སི་མོན་པེ་ཏྲོ་དང་ཉེ་གནས་གཞན་མ་གཅིག་ཡེ་ཤུའི་གཤམ་པ་ལ་འབྲངས་བ་ལགས། འོ་དེ་གཞན་མ་ཉེ་གནས་ཀྱིས་གཙོ་མཆོད་དཔོན་ལ་ངོ་ཤེས་ཀྱིན་བྱས་རེ། ཡེ་ཤུ་མུ་ལ་གཙོ་མཆོད་དཔོན་གྱི་གཡབ་ཀུ་རུ་འཛུལ་བ་ལགས། 16ཡིན་ནའང་པེ་ཏྲོ་ཕི་དི་སྒོ་རྩ་རུ་ལངས་རེ་བསྡད་པ་ལགས། འོ་བྱས་རེ་གཙོ་མཆོད་དཔོན་ལ་ངོ་ཤེས་ཀྱིན་ཉེ་གནས་གཞན་མ་གོ་ཕི་ལ་སོང་རེ། སྒོ་སྲུང་མཁན་གཡོག་མོ་ལ་ལབ་བཏང་རེ་པེ་ཏྲོ་ལ་ནང་དུ་ཁྲིད་དེ་འོངས་བ་ལགས།
17དེ་ནས་སྒོ་སྲུང་མཁན་གཡོག་མོས་པེ་ཏྲོ་ལ་སྨྲས་བ་ལགས། ཁྱོད་འང་མི་འདིའི་ཉེ་གནས་ཀྱ་ནས་གཅིག་མ་ལགས་སེ།
ཁོས་ལན་བརྒྱབ་པ་ལགས། ང་མིན།
18ད་གནམ་གྲང་མོ་བྱས་རེ་གཡོག་པོ་ཀྱ་དང་སྲུང་དམག་ཀྱ་ཡིས་སོལ་ལའི་མེ་བཏང་རེ་འོ་དུ་རུ་ལངས་རེ་མེ་བསྲོས་རེ་བསྡད་འོད་ད་ལགས། དེ་ནས་པེ་ཏྲོ་ཁོང་ཀྱ་མུ་ལ་ལངས་རེ་མེ་བསྲོས་བའི་འོད་ད་ལགས།
ཡེ་ཤུ་ལ་གཙོ་མཆོད་དཔོན་གྱི་འདྲི་བ།
(མད་ཐཱ། ༢༦:༥༩-༦༦; མར་ཀུ། ༡༤:༥༥-༦༤; ལུ་ཀ། ༢༢:༦༦-༧༡)
19ད་གཙོ་མཆོད་དཔོན་གྱི་ཡེ་ཤུ་ལ་ཁོང་པ་ཡི་ཉེ་གནས་ཀྱ་དང་ཁོང་པ་ཡི་ཆོས་གསུངས་ཀྱིན་གྱི་སྐོར་ལ་འདྲི་བ་བསྐུལ་བ་ལགས།
20དེ་ནས་ཡེ་ཤུ་ཡིས་ཁོང་པ་ལ་ལན་གནང་བ་ལགས། ངས་མངོན་སུམ་དུ་འཇིག་རྟེན་ལ་ཤེས་འོད། ཡ་ཧུ་དཱ་པ་ཀྱ་གི་རི་འཛོམས་ས་ཚོགས་ཁང་ཀྱ་དང་མཆོད་ཁང་དུ་ངས་ཙོག་བའི་ཆོས་སྟོན་འོད། ངས་གསང་བའི་ཐོག་ནས་གིའང་མ་བཤད་འོད། 21ཁྱེད་རང་གིས་ང་ལ་གི་བྱས་རེ་འདྲི་བ་བསྐུལ་ལ་མཛད་ད། ངས་བཤད་ཀྱིན་ལབ་ཀྱ་མཉན་མཁན་མི་ཀྱ་ལ་དྲིས་བ་མཛད། ངས་གི་བཤད་ཀྱིན་གོ་ཁོང་ཀྱ་ལ་ཤེས་ཡས་འོད་ད་ལགས།
22ཡེ་ཤུ་ཡིས་དེ་གསུངས་རེ་འགྲམ་དུ་ལངས་རེ་བསྡད་ད་སྲུང་དམག་ཀྱ་ནས་གཅིག་གིས་ཁོང་ལ་འགྲམ་ལྕག་བཞུས་ཏེ་སྨྲས་བ་ལགས། གཙོ་མཆོད་དཔོན་ལ་ཁྱོས་ལན་བརྒྱབ་སྟངས་གོ་དེ་རེ་ལེ།
23ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ངས་བཤད་ཀྱིན་ལབ་དེ་ནོར་འོད་ན། འོ་དེའི་དཔང་པོ་སྟེར། ཡིན་ནའང་ངས་སྨྲ་གིན་གོ་བདེན་པ་ཡིན་ན། ཁྱོས་ང་ལ་གི་བྱས་རེ་བཞུས་ར། 24ད་ཧན་ནཱ་སི་ཡིས་ཁོང་པ་ལ་འོ་རེ་བསྡམས་ད་ལ་རང་གཙོ་མཆོད་དཔོན་ཀ་ཡ་ཕཱ་རྩ་རུ་བརྫངས་བ་ལགས།
པེ་ཏྲོའི་ངོ་ལོག་གཉིས་བ་དང་གསུམ་པ།
(མད་ཐཱ། ༢༦:༧༡-༧༥; མར་ཀུ། ༡༤:༦༩-༧༢; ལུ་ཀ། ༢༢:༥༨-༦༢)
25ད་སི་མོན་པེ་ཏྲོ་ལངས་རེ་མེ་བསྲོས་རེ་བསྡད་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། ཁྱོད་འང་ཁོའི་ཉེ་གནས་ཀྱ་ནས་གཅིག་མ་ལགས་སེ།
ཁོས་ཁས་མེད་ལེན་ད་སྨྲས་བ་ལགས། ང་མིན།
26པེ་ཏྲོ་ཡིས་ཨམ་མཆོག་བཅད་ཅ་མིའི་སྤུན་ཟླ་གཙོ་མཆོད་དཔོན་གྱི་གཡོག་པོ་ཀྱ་ནས་གཅིག་གིས་པེ་ཏྲོ་ལ་དྲིས་བ་ལགས། ངས་ཁྱོད་ལ་ཁོའི་མུ་ལ་ལྡུམ་རྭ་རུ་མཐོང་བ་མ་ལེ། 27དེ་ནས་ཡང་པེ་ཏྲོ་ཡིས་ཁས་མ་ལེན་པ་ལགས། དེ་ནས་ལམ་སང་བྱ་ཕོ་ཡིས་སྐད་བརྒྱབ་པ་ལགས།
ཡེ་ཤུ་པི་ལ་ཏུའི་དྲུང་དུ།
(མད་ཐཱ། ༢༧:༡-༢,༡༡-༡༤; མར་ཀུ། ༡༥:༡-༥; ལུ་ཀ། ༢༣:༡-༥)
28སྔ་རོག་སྔ་ཏི་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཀ་ཡ་ཕཱའི་ནང་ནས་སྤྱི་ཁྱབ་ཀྱི་ཕོ་བྲང་དུ་ཁྲིད་པ་ལགས། རང་ལ་མེད་གཙང་ང་མེད་བཟོ་བ། པེ་སག་གི་དུས་ཆེན་ཟ་ཡས་ཀྱི་ཕྱིར་ལ་ཁོང་ཀྱ་སྤྱི་ཁྱབ་ཀྱི་ཕོ་བྲང་ནང་དུ་མ་འཛུལ་བ་ལགས། 29འོ་བྱས་རེ་པི་ལ་ཏུ་ཁོ་རང་ཁོང་ཀྱ་རྩ་རུ་ཕི་ལ་སོང་རེ་སྨྲས་བ་ལགས། ཁྱེད་ཀྱ་མི་འདི་ལ་སྐྱོན་གི་བཙུགས་ཡས་འོད་དོ།
30ཁོང་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། མི་འདི་ལས་ངན་བྱེད་མཁན་མིན་ན། འི་ཀིས་ཁོ་ལ་ཁྱེད་རང་གདོང་དུ་རྩིས་བརྒྱབ་ཡས་མེད།
31པི་ལ་ཏུ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་རང་ཁོ་ལ་ཁྲིད་དེ་ཁྱེད་རང་ཀྱ་ཡི་ཁྲིམས་ལ་མཐུན་གྱིན་ཁྲིམས་གཅོད་བྱེད།
དེ་ནས་ཡ་ཧུ་དཱ་པ་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། མི་སུ་ལའང་བསད་དུ་བཅུག་ཡས་ཀྱི་དབང་ཆ་འེ་ཀྱ་ལ་མེད།
32དེ་ནི་ཡེ་ཤུ་རང་གང་གི་བྱས་རེ་གྲོངས་ཡས་ཡིན་གྱིན་གོ་སྟོན་ཡས་ལ། ཁོ་རང་གིས་གསུངས་ཀྱིན་བཀའ་གོ་སྒྲུབ་ཡས་ཀྱི་ཕྱིར་ལ་བྱུང་བ་ལགས།
33ད་པི་ལ་ཏུ་ཁོ་རང་གི་ཕོ་བྲང་ནང་དུ་སོང་རེ་ཡེ་ཤུ་ལ་བོས་རེ་སྨྲས་བ་ལགས། ཁྱོད་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་གོ་ཡིན་ནེ།
34ཡེ་ཤུ་ཡིས་གསུངས་བ་ལགས། དེ་ཁྱེད་རང་རང་གིས་ཐོག་ནས་གསུངས་ང་ལེ། ཡང་ན་མི་གཞན་མ་ཡིས་ངའི་སྐོར་ལ་ཁྱེད་རང་ལ་བཤད་སོ།
35པི་ལ་ཏུ་ཡིས་ལན་བརྒྱབ་པ་ལགས། ང་ཡ་ཧུ་དཱ་པ་ལགས་སེ། ཁྱོད་རི་མི་རིགས་དང་མཆོད་དཔོན་ཆེ་ཀྱ་ཡིས་ཁྱོད་ལ་ངའི་ལག་ཏུ་རྩིས་བརྒྱབ་སོང་། ཁྱོས་གི་བྱས་བོ།
36ཡེ་ཤུ་ཡིས་ལན་མཛད་པ་ལགས། ངའི་རྒྱལ་སྲིད་འདི་འཇིག་རྟེན་གྱི་མིན། ངའི་རྒྱལ་སྲིད་འཇིག་རྟེན་གྱི་ཡིན་ན། ང་ཡ་ཧུ་དཱ་པ་ཀྱ་ཡི་ལག་ཏུ་མི་ཆུད་ཡས་ལ་ངའི་གཡོག་པོ་ཀྱ་ཡིས་འཐྲབ་བའི་འོད་གྲོ། ཡིན་ནའང་ངའི་རྒྱལ་སྲིད་འདི་འཇིག་རྟེན་གྱི་མ་ལགས།
37པི་ལ་ཏུ་ཡིས་ཁོང་པ་ལ་ཞུས་བ་ལགས། ད་ཧ་ན་ཁྱོད་རྒྱལ་བོ་གཅིག་ལེ།
ཡེ་ཤུ་ཡིས་གསུངས་བ་ལགས། ཁྱེད་རང་རང་གི་ང་རྒྱལ་བོ་གཅིག་ལགས་སྨྲས་རེ་གསུངས་སོང་། ང་བདེན་པའི་དཔང་པོ་བྱེད་ཡས་ཀྱི་ཕྱིར་ལ་སྐྱེས་བ་ལགས། དེ་ནས་འདིའི་ཕྱིར་ལ་རང་ང་འཇིག་རྟེན་དུ་འོངས་བ་ཡིན། བདེན་པའི་ཡིན་གྱིན་ཀྱ་ཡིས་ངའི་བཀའ་ལ་ཉན་ད་ལགས།
38དེ་ནས་པི་ལ་ཏུ་ཡིས་ཁོང་པ་ལ་ཞུས་བ་ལགས། བདེན་པ་གི་ལེ། དེ་སྨྲས་ཚར་ཏེ་ཁོ་ཡ་ཧུ་དཱ་པ་ཀྱ་འོད་ས་རུ་ཕི་ལ་སོང་རེ་ཁོང་ཀྱ་ལ་སྨྲས་བ་ལགས། ངས་མི་འདིའི་ནང་སྐྱོན་གིའང་མེད་རྙེད་དག། 39ཡིན་ནའང་པེ་སག་གི་དུས་ཆེན་ལ་ཁྱེད་ཀྱི་ཕྱིར་ལ་ངས་མི་གཅིག་ལ་གློད་བཏང་ཡས་ཀྱི་ཁྱེད་ཀྱི་ལུགས་སྲོལ་གཅིག་འོད་ད་ལགས། འོ་བྱས་རེ་ཁྱེད་ཀྱི་ཕྱིར་ལ་ཡ་ཧུ་དཱ་པ་ཀྱ་ཡི་རྒྱལ་བོ་སྨྲ་གིན་འདི་ལ་གློད་བཏང་ཡས་གོ་ཁྱེད་ཀྱ་འདོད་འདིག་འོད་དེ།
40ཡིན་ནའང་ཁོང་ཀྱ་ཡིས་ལྡབ་ལེ་ཕེ་ར་བརྒྱབ་ཏེ་སྨྲས་བ་ལགས། མི་འདི་ལ་མ་ལགས། ཡིན་ནའང་བ་རབ་བཱ་ལ་གློད་བཏང་རོགས་གནང་། ད་བ་རབ་བཱ་ནི་ཇག་པ་གཅིག་ལགས།།
Currently Selected:
ཡོ་ཧ་ནན། 18: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society