YouVersion Logo
Search Icon

ཡོ་ཧ་ནན། 13

13
ཡེ་ཤུ་ཡིས་ཉེ་གནས་ཀྱ་ཡི་རྐང་པ་འཁྲུད་བ།
1པེ་སག་གི་དུས་ཆེན་ཨེན་ལ་ཡེ་ཤུ་འཇིག་རྟེན་འདི་ནས་ཡབ་ཀྱི་དྲུང་དུ་ཕེབས་དགོས་ཡས་དུས་བབ་ཀྱིན་གོ་ཁོང་པ་ཡིས་མཁྱེན་པ་ལགས། དེ་ནས་འཇིག་རྟེན་དུ་འོད་མཁན་རང་གི་གཤམ་ལ་འབྲང་མཁན་ཀྱ་ལ། ཁོང་པ་ཡིས་བྱམས་པ་མཛད་དེ་མཐའ་མའི་དུས་ཐུག་པའི་ཁོང་གིས་བྱམས་པ་མཛད་པ་ལགས།
2དགོང་མོ་ཞལ་ལག་བཞེས་ཡས་ཀྱི་དུས་ལ་སི་མོན་གྱི་བི་ཛ་ཡུ་དཱ་ཨཱིས་ཀ་རི་ཨཱོད་ཀྱི་སེམས་ལ་བདུད་ཀྱིས་ཡེ་ཤུ་ལ་དགྲའི་ལག་ལ་རྩི་བརྒྱབ་ཡས་ཀྱི་བསམ་བློ་བཞག་ཚར་ར་ལགས། 3ཡེ་ཤུ་ཡིས་ཡབ་ཀྱིས་དོན་གི་རི་ཁོང་གི་ལག་ལ་གནང་འོད་ཀྱིན་དང་དཀོན་མཆོག་ནས་འོངས་བ་དང་དཀོན་མཆོག་གི་དྲུང་དུ་ལོག་རྒྱུ་ཡིན་གྱིན་གོ་མཁྱེན་པ་ལགས། 4འོ་བྱས་རེ་ཁོང་པ་དགོང་མོ་ཞལ་ལག་བཞེས་ས་ནས་བཞེངས་ཏེ་ཕིའི་ན་བཟའ་དེ་བུད་དེ་འཕྱིས་རས་གཅིག་རྐེད་པ་ལ་དཀྲིས་མཛད་པ་ལགས། 5དེ་ནས་གཞོང་པ་ནང་དུ་ཆུ་བླུགས་ཏེ་ཉེ་གནས་ཀྱ་ཡི་རྐང་པ་འཁྲུད་ཡས་འགོ་བཙུགས་པ་ལགས། དེ་ནས་རང་གི་རྐེད་པ་ལ་བསྒྲིལ་གྲ་འཕྱིས་རས་ཀྱི་འོ་དེ་ཀྱ་འཕྱིས་མཛད་པ་ལགས། 6ཁོང་པ་སི་མོན་པེ་ཏྲོ་རྩ་རུ་ཕེབས་བའི་གང་ལ་ཁོས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་ངའི་རྐང་པ་འཁྲུད་ཡས་མཛད་ད་ལེ།
7ཡེ་ཤུ་ཡིས་ཁོ་ལ་ལན་གནང་བ་ལགས། ངས་བྱེད་ཀྱིན་གྱི་དོན་དག་ཁྱོས་ད་ལྟ་མེད་ཤེས་ལ་ལགས། ཡིན་ནའང་གཤམ་ལ་ཤེས་ཀྱི་ལགས།
8པེ་ཏྲོ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། ཁྱེད་རང་གིས་ངའི་རྐང་པ་ནམ་མའང་འཁྲུད་ཡས་མེད་ད་ལགས།
ཡེ་ཤུ་ཡིས་ཁོ་ལ་ལན་གནང་བ་ལགས། ངས་ཁྱོད་ལ་མ་འཁྲུད་ན། ཁྱོད་ངའི་མུ་ལ་འབྲེལ་བ་མེད་ད་ལགས།
9སི་མོན་པེ་ཏྲོ་ཡིས་ཁོང་ལ་ཞུས་བ་ལགས། གཙོ་བོ། ངའི་རྐང་པ་གཅིག་ཀ་མིན་ད་ངའི་ལག་པ་དང་མགོ་འང་ཁྲུས་རོགས་མཛད།
10ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྲུས་བརྒྱབ་ཚར་གྱིན་གྱི་རྐང་པ་མ་ན་གིའང་འཁྲུད་མེད་དགོས་གི་ལགས། ཁོ་གཙང་མ་འོང་ང་ལགས། དེ་ནས་ཁྱེད་ཀྱ་གཙང་མ་ཡིན། ཡིན་ནའང་གི་རི་མ་ལགས། 11གི་བྱས་རེ་སྨྲ་ན་ཁོང་ལ་དགྲའི་ལག་ལ་རྩི་བརྒྱབ་ཀྱིན་གོ་ལ་ཁོང་པ་ཡིས་མཁྱེན་པ་ལགས། དེ་ནས་ཁྱེད་ཀྱ་གི་རི་གཙང་མ་མིན་གསུངས་རེ་གསུངས་གནང་བ་ལགས།
12དེ་ནས་ཡེ་ཤུ་ཡིས་ཉེ་གནས་ཀྱ་ཡིས་རྐང་པ་འཁྲུད་ཚར་ཏེ། རང་གི་ཕིའི་ན་བཟའ་གོན་ཏེ་རང་བཞུགས་ས་རུ་བཞུགས་བ་མཛད་པ་ལགས། ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངས་ཁྱེད་ཀྱ་ལ་བྱེད་ཀྱིན་གྱི་དོན་ཁྱེད་ཀྱ་ཡིས་ཧ་གོ་རེ། 13ཁྱེད་ཀྱ་ང་ལ་སློབ་དཔོན་དང་གཙོ་བོ་སྨྲས་རེ་སྨྲ་ལགས། འོ་དེ་ཁྱེད་ཀྱ་བདེན་པ་སྨྲ་ལགས། གི་བྱས་རེ་སྨྲ་ན་ང་འོ་གོ་རང་ཡིན། 14ང་ཁྱེད་ཀྱ་ཡིས་སློབ་དཔོན་དང་གཙོ་བོ་བྱུང་རེའང་ཁྱེད་ཀྱ་ཡི་རྐང་པ་འཁྲུད་འོད་ན། ཁྱེད་ཀྱའང་གཅིག་གི་རྐང་པ་གཅིག་གིས་འཁྲུད་དགོས། 15གི་བྱས་རེ་སྨྲ་ན་ངས་ཁྱེད་ཀྱ་ལ་བྱེད་ཀྱིན་ཅོག་རེ་ཁྱེད་ཀྱའང་འོ་དེ་རེ་རང་བྱེད་དགོས་ཡས་ཀྱི་ཕྱིར་ལ་ངས་ཁྱེད་ཀྱ་ལ་དཔེ་གཅིག་སྟོན་འོད། 16ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། གཡོག་པོ་ནི་བདག་པོ་ནས་ཁག་ཆེ་མེད་ཡོང་གི་ལགས། དེ་ནས་བང་ཆེན་ནི་ཁོ་ལ་མངགས་མཁན་ནས་ཁག་ཆེ་མེད་ཡོང་གི་ལགས། 17ཁྱེད་ཀྱ་ཡིས་དེ་ཀྱ་ཡི་དོན་ཧ་གོ་སྟེ་འོ་དེ་ཅོག་རེ་བྱས་ན། ཁྱེད་ཀྱ་ལ་བྱིན་རླབས་འཐོབ་ཀྱི་ལགས།
རང་ལ་ཟིམ་ཡས་ཀྱི་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས།
(མད་ཐཱ། ༢༦:༢༠-༢༥; མར་ཀུ། ༡༤:༡༧-༢༡; ལུ་ཀ། ༢༢:༢༡-༢༣)
18ང་ཁྱེད་གི་རིའི་སྐོར་ལ་བཤད་ད་མིན། ངས་བདམས་ད་ཀྱ་ལ་ང་ཤེས་ལི་འོད། ཡིན་ནའང་གསུང་རབ་ལ་བྲིས་བྲ། ངའི་གྱང་ག་ཟ་མཁན་གྱིས་རང་ང་ལ་རྡོག་བརྒྱབ་སོང་།#གསུང་མགུར། ༤༡:༩ སྨྲ་གིན་དེ་སྒྲུབ་དགོས་ཀྱི་ལགས། 19དེ་བྱུང་བའི་གང་ལ་ང་འོ་གོ་རང་ཡིན་སྨྲས་རེ་ཁྱེད་ཀྱ་ཡིས་དད་པ་བྱེད་ཡས་ཀྱི་ཕྱིར་ལ། འོ་དེ་བྱུང་ཡས་ཨེན་ལ་རང་ང་ཁྱེད་ཀྱ་ལ་དེ་ད་ལྟ་སྨྲ་ཡིན། 20ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ངས་བརྫངས་མཁན་གོ་ལ་ཁས་ལེན་བྱེད་མཁན་གྱིས་ང་ལ་ཁས་ལེན་བྱེད་ད་ལགས། དེ་ནས་ང་ལ་ཁས་ལེན་བྱེད་མཁན་གྱིས་ང་ལ་མངགས་མཁན་གོ་ལ་ཁས་ལེན་བྱེད་ད་ལགས།
21དེ་ཀྱ་གསུངས་ཚར་ཏེ་ཡེ་ཤུ་ཐུགས་འཁྲུགས་ཏེ་གསུངས་ང་མཛད་པ་ལགས། ང་ཁྱེད་ཀྱ་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། ཁྱེད་ཀྱ་ནང་ནས་གཅིག་གིས་ང་ལ་དགྲའི་ལག་ལ་རྩི་བརྒྱབ་ཀྱི་ལགས། 22ཁོང་པ་ཡིས་སུའི་སྐོར་ལ་གསུངས་ཀྱིན་གོ་ཧ་མ་གོ་བ་ཉེ་གནས་ཀྱ་ཡིས་གཅིག་གིས་གཅིག་ལ་བལྟས་བ་ལགས། 23ཡེ་ཤུ་ཡིས་བྱམས་པ་བྱེད་ཀྱིན་ཉེ་གནས་གོ་ཁོང་པ་ཡིས་སྐུ་འགྲམ་དུ་བསྙེས་རེ་བསྡད་འོད་ད་ལགས།
24དེ་ནས་སི་མོན་པེ་ཏྲོ་ཡིས་མཛུབ་བརྡ་བྱས་རེ་ཁོ་ལ་དྲིས་བ་ལགས། ཁོང་གིས་སུ་ལ་དམིགས་ཏེ་གསུངས་ང་ལེ་སྨྲས་རེ་ཞུས་དང་།
25འོ་བྱས་རེ་ཡེ་ཤུའི་སྐུ་འགྲམ་ལ་བསྙེས་རེ་བསྡད་ད་ཉེ་གནས་ཀྱིས་ཁོང་ལ་ཞུས་བ་ལགས། གཙོ་བོ། འོ་གོ་སུ་ལེ།
26ཡེ་ཤུ་ཡིས་བཀའ་ལན་གནང་བ་ལགས། ངའི་གྱང་ག་གི་དུམ་བུ་འདི་ཁུ་བ་ལ་སྦངས་རེ་སུ་ལ་སྟེར་རེ། འོ་གོ་རང་ལགས། དེ་ནས་ཁོང་པ་ཡིས་གྱང་ག་གི་དུམ་བུ་སྦངས་རེ་སི་མོན་ཨཱིས་ཀ་རི་ཨཱོད་ཀྱི་བི་ཛ་ཡུ་དཱ་ལ་གནང་བ་ལགས། 27གྱང་ག་གི་དུམ་བུ་གོ་ལེན་ལུང་མེད་ད་ལ་ཡུ་དཱ་ཡི་ནང་དུ་བདུད་འཛུལ་བ་ལགས།
དེ་ནས་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོད་གི་བྱེད་ཡས་ཡིན་གྱིན་གོ་མགྱོགས་སེ་བྱེད། 28ཡིན་ནའང་འོ་དུ་རུ་འོད་མཁན་སུའང་ཁོང་པ་ཡིས་ཁོ་ལ་དེ་རེ་གི་བྱས་རེ་གསུངས་ཀྱིན་གྱི་དོན་གོ་ཧ་མ་གོ་བ་ལགས། 29གི་བྱས་རེ་སྨྲ་ན་ཡུ་དཱ་ལ་དངུལ་གྱི་ཁུག་མ་གོ་བྱས་རེ། ཡེ་ཤུ་ཡིས་ཁོ་ལ་དུས་ཆེན་གྱི་ཕྱིར་ལ་ཁོང་ཀྱ་ལ་དགོས་ཀྱིན་གོ་ཉོ་ཡས། ཡང་ན་དབུལ་སྤྲེ་ཀྱ་ལ་སྦྱིན་པ་བཏང་ཡས་ལ་དེ་རེ་གསུངས་བ་ཡིན་གྲོ་སྨྲས་རེ། ཁོང་ཀྱ་ནས་རིང་འགའ་ཡིས་བསམས་པ་ལགས། 30ད་གྱང་ག་གི་དུམ་བུ་འབྱོར་ཏེ་ཡུ་དཱ་ལམ་སང་ཕི་ལ་ཐོན་ཏེ་སོང་བ་ལགས། འོ་དེ་གང་ལ་མཚན་མོ་བྱུང་ཚར་ལགས།
བཀའ་ཁྲིམས་གསར་པ་གཅིག།
31ད་ཡུ་དཱ་ཕི་ལ་སོང་ཚར་ཏེ་ཡེ་ཤུ་ཡིས་གསུངས་བ་ལགས། ད་མིའི་བུ་གཟི་བརྗིད་ལ་མངོན་འདུག། དེ་ནས་དཀོན་མཆོག་ཁོའི་ཐོག་ནས་གཟི་བརྗིད་ལ་མངོན་འདུག། 32དཀོན་མཆོག་ཁོའི་ཐོག་ནས་གཟི་བརྗིད་ལ་མངོན་མཛད་འོད་ན། དཀོན་མཆོག་གིས་འང་རང་གི་ཐོག་ནས་ཁོ་ལ་གཟི་བརྗིད་ལ་མངོན་མཛད་ཀྱི་ལགས། དེ་ནས་ལམ་སང་ཁོ་ལ་གཟི་བརྗིད་ལ་མངོན་མཛད་ཀྱི་ལགས། 33ཕྲུ་བ་ཀྱ་བོ། དོ་རང་འང་དུས་ཐུང་ཐུང་གཅིག་ང་ཁྱེད་ཀྱི་མུ་ལ་འོད། ཁྱེད་ཀྱ་ཡིས་ང་ལ་བཙལ་གྱི་ལགས། ཡིན་ནའང་ངའི་ཨེན་ལ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ལ་བཤད་ཀྱིན་གོ་ད་ལྟ་ང་ཁྱེད་ཀྱ་ལ་སྨྲ་ཡིན། ང་འགྲོ་ས་རུ་ཁྱེད་ཀྱ་འོང་མི་ཐུབ་ཀྱི་ལགས།
34ང་ཁྱེད་ཀྱ་ལ་བཀའ་ཁྲིམས་གསར་པ་གཅིག་སྟེར་ར་ཡིན། གཅིག་གིས་གཅིག་ལ་བྱམས་པ་བྱེད། ངས་ཁྱེད་ཀྱ་ལ་བྱམས་པ་བྱེད་ཀྱིན་ཅོག་རེ། ཁྱེད་ཀྱ་ཡིས་འང་གཅིག་གིས་གཅིག་ལ་བྱམས་པ་བྱེད། 35ཁྱེད་ཀྱ་ཡིས་གཅིག་གིས་གཅིག་ལ་བྱམས་པ་བྱེད་ན། དེ་ནས་རང་ཁྱེད་ཀྱ་ངའི་ཉེ་གནས་ཡིན་གྱིན་གོ་མི་གི་རི་ཡིས་ཧ་གོ་གི་ལགས།
པེ་ཏྲོའི་ངོ་ལོག་གི་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས།
(མད་ཐཱ། ༢༦:༣༡-༣༥; མར་ཀུ། ༡༤:༢༧-༣༡; ལུ་ཀ། ༢༢:༣༡-༣༤)
36སི་མོན་པེ་ཏྲོ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། གཙོ་བོ། ཁྱེད་རང་ག་རུ་ཕེབས་ཡས་ཡིན་ནོ།
ཡེ་ཤུ་ཡིས་ཁོ་ལ་བཀའ་ལན་གནང་བ་ལགས། ང་འགྲོ་ས་རུ་ད་ལྟ་ཁྱོད་ངའི་གཤམ་པ་ལ་འབྲང་མི་ཐུབ་ཀྱི་ལགས། ཡིན་ནའང་གཤམ་ལ་ཁྱོད་འབྲང་གི་ལགས།
37པེ་ཏྲོ་ཡིས་ཁོང་པ་ལ་ཞུས་བ་ལགས། གཙོ་བོ། ད་ལྟ་ང་གི་བྱས་རེ་ཁྱེད་རང་གི་གཤམ་ལ་འབྲང་མི་ཐུབ་ཀྱི་ལེ། ཁྱེད་རང་གི་དོན་དུ་ངས་ང་རི་སྲོག་བློས་བཏང་ཐུབ་བ།
38ཡེ་ཤུ་ཡིས་བཀའ་ལན་གནང་བ་ལགས། ཁྱོད་ཁྱེད་རི་སྲོག་ངའི་ཕྱིར་ལ་བློས་བཏང་ཡས་ཡིན་ནེ། ང་ཁྱོད་ལ་བདེན་པ་བདེན་ཀྱང་སྨྲ་ཡིན། བྱ་ཕོ་སྐད་མ་བརྒྱབ་ཀྱིན་ཨེན་ལ་ཁྱོས་ང་ལ་ངོ་མེད་ཤེས་འོད་སྨྲས་རེ་ཐེངས་མ་གསུམ་སྨྲ་གི་ལགས།།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in