མར་ཀུ། 4

4
ས་ང་བརྒྱབ་ཀྱིན་གྱི་དཔེ།
(མད་ཐཱ། ༡༣:༡-༢༣; ལུ་ཀ། ༨:༤-༡༥)
1ཡང་དང་ཡེ་ཤུ་རྒྱ་མཚོའི་མཐའ་མ་ལ་ཆོས་གནང་ཡས་འགོ་བཙུགས་པ་ལགས། དེ་ནས་མི་ཚོགས་དམི་ཅིག་གི་མང་ང་ཁོང་པ་ཡི་མཐའ་འཁོར་ལ་འཛོམས་ཏེ། ཁོང་པ་གྲུ་ནང་དུ་ཕེབས་ཏེ་མཚོ་ལ་བཞུགས་པ་ལགས། དེ་ནས་མི་ཚོགས་ཀྱ་རྒྱ་མཚོའི་མཐའ་མ་རུ་བསྡད་པ་ལགས། 2ཁོང་པ་ཡིས་མི་ཀྱ་ལ་དཔེ་ཀྱ་ཐོག་ནས་བསླབ་བྱ་དམི་ཅིག་གི་མང་ང་བསླབས་བ་མཛད་པ་ལགས། དེ་ནས་ཁོང་པ་ཡིས་དཔེ་ཀྱ་ནས་གཅིག་དེ་རེ་གསུངས་བ་ལགས། 3ཉན་དང་། ས་ང་བརྒྱབ་མཁན་གཅིག་ས་ང་བརྒྱབ་ཏུ་སོང་བ་ལགས། 4ད་ས་ང་གཏོར་རི་གང་ལ། རིང་འགའ་ལམ་ཁ་ཕྱོགས་ལ་འཐོར་པ་ལགས། དེ་ནས་བྱ་ཀྱ་འོངས་རེ་འོ་དེ་བཟས་བ་ལགས། 5ས་ང་རིང་འགའ་ས་མང་ང་མེད་ཀྱིན་རྡོ་ཧྲུག་གི་སང་ལ་འཐོར་པ་ལགས། དེ་ནས་ས་གཏིང་མེད་ཀྱིན་བྱས་རེ་འོ་དེ་ཀྱ་ལམ་སང་སྐྱེས་བ་ལགས། 6དེ་ནས་ཉི་མ་ཤར་རི་གང་ལ་འོ་དེ་སྐྱེས་ཀྱ་གོ་ཚིག་སྟེ། རྩ་བ་མེད་ཀྱིན་བྱས་རེ་བསྐམས་ཏེ་སོང་བ་ལགས། 7ས་ང་རིང་འགའ་ཚེར་མའི་ཁོག་ལ་འཐོར་པ་ལགས། དེ་ནས་ཚེར་མ་ཀྱ་འཚར་ཏེ་འོ་དེ་ལྗང་པ་ཀྱ་ལ་གླེམ་པ་ལགས། འོ་བྱས་རེ་འོ་དེ་ནས་འབྲས་བུ་གིའང་མ་བྱུང་བ་ལགས། 8དེ་ནས་གཞན་མ་ས་ང་ཀྱ་ས་བཟང་པོ་ལ་འཐོར་པ་ལགས། དེ་ནས་འབྲས་བུ་སྐྱེས་རེ་ཡར་ལ་འཚར་ཏེ་ཨེན་མ་ལས་མང་ང་རིང་འགའ་ནས་གསུམ་ཅུ། རིང་འགའ་ནས་དྲུག་ཅུ་དང་། རིང་འགའ་ནས་བརྒྱ་ཐམ་པ་བབ་པ་ལགས།
9དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། ཨམ་མཆོག་འོད་མཁན་ཀྱ་ཡིས་མཉན་ཏེ་ཧ་གོ་ར་ཤོག།
10ཡེ་ཤུ་ཁོ་རང་གཅིག་ཀ་འོད་དེ་གང་ལ། ཁོང་པ་ཡི་གཡས་གཡོན་ལ་འོད་མཁན་ཀྱ་དང་ཉེ་གནས་བཅུ་གཉིས་ཀྱ་ཡིས་འོ་དེ་དཔེའི་སྐོར་ལ་དྲི་བ་ཞུས་བ་ལགས། 11དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། དཀོན་མཆོག་གི་རྒྱལ་ཁབ་ཀྱི་གསང་བ་ཁྱེད་ཀྱ་ལ་གནང་འོད་ད་ལགས། ཡིན་ནའང་ཕི་ད་ཡི་མི་ཀྱ་ལ་#༤:༡༡ ཡེ་ཤུ་ལ་དད་པ་མི་བྱེད་མཁན་ཀྱ།ལབ་གི་རི་དཔེའི་ཐོག་ནས་བཤད་ཀྱི་ལགས།
12ཁོང་ཀྱ་ཡིས་ལྟ་ཡས་ལྟ་གི་ལགས། ཡིན་ནའང་མེད་མཐོང་གི་ལགས།
ཉན་ཡས་ཉན་གྱི་ལགས། ཡིན་ནའང་ཧ་གོ་གི་མ་ལགས།
ཁོང་ཀྱ་ཡིས་འོ་རེ་བྱེད་འོད་ན། ཁོང་ཀྱ་སེམས་འགྱུར་ཏེ་སྡིག་པ་ཀྱ་ནས་ཐར་འོད་གྲོ།
13དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། འདི་དཔེའི་དོན་དག་ཧ་མེད་གོ་ན། གཞན་མ་དཔེ་ཀྱ་ཡི་དོན་དག་ཁྱེད་ཀྱ་གང་གི་བྱས་རེ་ཧ་གོ་ཡས། 14ས་ང་གཏོར་གྱིན་གྱིས་དཀོན་མཆོག་གི་བཀའ་གཏོར་གྱི་ལགས། 15མི་རིང་འགའ་ལམ་ཁ་ལ་གཏོར་ད་ས་ང་ཀྱ་ཅོག་རེ་འོང་ང་ལགས། ཁོང་ཀྱ་ཡིས་བཀའ་གོ་ཉན་ལུང་མེད་ད་ལ་བདུད་འོངས་རེ་ཁོང་ཀྱ་ནང་དུ་བཏབ་ཏ་བཀའ་གོ་ཕྲོགས་ཏེ་འགྲོ་གི་ལགས། 16དེ་ནས་མི་རིང་འགའ་རྡོ་ཧྲུག་གི་སང་ལ་གཏོར་ད་ས་ང་ཀྱ་ཅོག་རེ་འོང་ང་ལགས། ཁོང་ཀྱ་ཡིས་བཀའ་གོ་མཉན་ཏེ་ལེ་མོ་གཅིག་ལ་རང་ཉམ་མོ་དགྱེས་རེ་ཁས་ལེན་གྱི་ལགས། 17ཡིན་ནའང་རྩ་བ་མེད་ཀྱིན་བྱས་རེ་ཏི་ཏེ་མ་ན་བསྡད་ཐུབ་ཀྱི་མ་ལགས། དེ་ནས་བཀའ་ཡིས་བྱས་རེ་དཀའ་བསྔལ་དང་སྡུག་པོ་འབྱུང་བའི་གང་ལ། ཁོང་ཀྱ་ཨུ་ཀུ་ར་དད་པ་ནས་རྒྱབ་ལོག་གི་ལགས། 18དེ་ནས་ཚེར་མ་ཡི་ཁོག་ལ་གཏོར་ད་ས་ང་གཞན་མ་ཀྱ་དེ་མི་ཀྱ་ལགས། ཁོས་བཀའ་གོ་ཉན་གྱི་ལགས། 19ཡིན་ནའང་འཇིག་རྟེན་གྱི་སྡུག་བསྔལ་དང་རྒྱུ་ནོར་ལ་དགའ་མཁན་དང་། གཞན་མ་སྣ་ཚོགས་ཀྱི་འདོད་ཆགས་ཀྱི་བྱས་རེ་བཀའ་གོ་འཚར་དུ་མི་བཅུག་གི་ལགས། དེ་ནས་འོ་དེ་ནས་འབྲས་བུ་མེད་སྐྱེ་གི་ལགས། 20དེ་ནས་ས་བཟང་པོ་ལ་གཏོར་ད་ས་ང་གོ་དེ་མི་ཀྱ་ལགས། ཁོས་བཀའ་མཉན་ཏེ་ཁས་ལེན་བྱེད་ཀྱི་ལགས། དེ་ནས་ས་ང་གཅིག་ནས་རིང་འགའ་ནས་གསུམ་ཅུ། རིང་འགའ་ནས་དྲུག་ཅུ་དང་། རིང་འགའ་ནས་བརྒྱ་བྱས་རེ་འབྲས་བུ་འཕེལ་གྱི་ལགས།
ཀྱུང་གི་དཔེ།
(ལུ་ཀ། ༨:༡༦-༡༨)
21ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། ཀྱུང་མཐོང་ས་ལ་མིན་ད་ཧ་ཡང་ཡང་མིན་ན་ཉལ་ཁྲིའི་འོག་ལ་གཞག་ཡས་ལ་ནང་དུ་ཁྱེར་ཏེ་འོངས་ང་ལེ། 22སྦས་རེ་བཞག་ཞ་གི་རི་མཐོང་དུ་བཅུག་གི་ལགས། དེ་ནས་གསང་རེ་བཞག་ཞ་གི་རི་ཧ་གོ་ཏུ་བཅུག་གི་ལགས། 23ཨམ་མཆོག་འོད་མཁན་གི་རི་ཡིས་མཉན་ཏེ་ཧ་གོ་ར་ཤོག།
24ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་ཡིས་གོ་གྱིན་ལ་དོ་སྣང་སྟེར། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཚོད་གང་བྱས་རེ་བརྒྱབ་བའི། འོ་དེ་ཚོད་ལ་རང་ཁྱེད་ཀྱ་ལ་བརྒྱབ་ཀྱི་ལགས། དེ་ནས་འོ་དེ་ལ་ལྷག་ཁྱེད་ཀྱ་ལ་གནང་གི་ལགས། 25གི་བྱས་རེ་སྨྲ་ན་འོད་མཁན་ལ་ཡོལ་ལེ་མང་ང་སྟེར་གྱི་ལགས། དེ་ནས་མེད་མཁན་ལ་ཁོ་ལ་འོད་ཀྱིན་གོའང་ཁོ་ནས་འཕྲོག་གི་ལགས།
ས་ང་འཚར་གྱིན་གྱི་དཔེ།
26ཡེ་ཤུ་ཡིས་གསུངས་བ་ལགས། དཀོན་མཆོག་གི་རྒྱལ་སྲིད་དེ། མི་གཅིག་གིས་ཞིང་ལ་ས་ང་གཏོར་གྱིན་ཅོག་རེ་ལགས། 27མི་འདི་ཉིན་མཚན་ཉལ་ན་ལངས་ནའང་འོ་དེ་ས་ང་ནས་གང་བྱས་རེ་ལྗང་པ་གསར་པ་འཐོན་གྱིན་དང་འཚར་གྱིན་གོ་ཁོས་ཧ་གོ་གི་མ་ལགས། 28ས་ནས་རང་འབྲས་བུ་སྐྱེ་གི་ལགས། དང་པོ་གོ་ལྗང་པ། དེ་ནས་སྙེ་མ། དེ་ནས་སྙེ་མའི་ནང་དུ་འབྲས་བུ་འབྱུང་གི་ལགས། 29དེ་ནས་ལོ་ཏོག་གོ་ཚོས་ལུང་མེད་ད་ལ་ཁོས་བཙས་མ་རྔ་གི་ལགས། གི་བྱས་རེ་སྨྲ་ན་སྟོན་འདུ་གྱིན་དུས་ཚོད་གོ་སླེབ་ཚར་བ་ལགས།
ཚུག་གི་ས་ང་ཡི་དཔེ།
(མད་ཐཱ། ༡༣:༣༡-༣༢,༣༤; ལུ་ཀ། ༡༣:༡༨-༡༩)
30ཡེ་ཤུ་ཡིས་དོ་རང་འང་གསུངས་བ་ལགས། དཀོན་མཆོག་གི་རྒྱལ་སྲིད་འདི་འོ་རང་གི་མུ་ལ་སྡུར་ཡས། ཡང་མིན་ན་དཔེ་གང་དྲེ་གཅིག་གིས་འགྲེལ་བཤད་བརྒྱབ་ཡས། 31འདི་ནི་ས་ལ་བཏབ་ཏ་ཚུག་གི་ས་ང་ཅོག་རེ་ལགས། འདི་ས་གཞི་ནང་གི་ས་ང་ཀྱ་ནས་ཆུང་ཤོས་གོ་ལགས། 32ཡིན་ནའང་བཏབ་བའི་གང་ལ། འདི་གཞན་མ་སྔོ་ཚོད་ཀྱ་ནས་ཆེ་ཤོས་བྱུང་ང་ལགས། དེ་ནས་གནམ་གྱི་བྱ་ཀྱ་ཡིས་འོ་འདིའི་གྲིབ་ཇག་ལ་ཚང་ཀྱ་བཟོ་ཐུབ་ཡས་ལ་འོ་དེ་ལ་ཡལ་ག་ཀྱ་ཆེ་ཆེ་སྐྱེ་ལ་ལགས།
33མི་ཀྱ་ཡིས་ཧ་གོ་ཐུབ་ཀྱིན་ཐུག་པའི་ཡེ་ཤུ་ཡིས་དེ་རེ་དམི་ཅིག་གི་མང་ང་དཔེ་ཀྱ་ནས་ཁོང་ཀྱ་ལ་བཀའ་གནང་ང་མཛད་པ་ལགས། 34ཡེ་ཤུ་ཡིས་ཁོང་ཀྱ་ལ་དཔེ་གྲངས་རེ་མ་ན་གིའང་གསུངས་ང་མ་མཛད་པ་ལགས། ཡིན་ནའང་ཟུར་ལ་ཁོང་པ་རང་ཉེ་གནས་ཀྱ་ལ་དོན་དག་གི་རི་བཀྲོལ་ལ་མཛད་པ་ལགས།
ཡེ་ཤུ་ཡིས་རླུང་འཚུབ་ལ་ལྷོད་བའི་མཛད་པ།
(མད་ཐཱ། ༨:༢༣-༢༧; ལུ་ཀ། ༨:༢༢-༢༥)
35འོ་དེ་ཉིན་མ་གོ་སྲོད་རུགས་ཏེ་ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། འོ་རང་རྒྱ་མཚོའི་ཧ་ཀན་ལ་འགྲོའོ། 36དེ་ནས་མི་ཚོགས་ཀྱ་ལ་བཏང་རེ་ཉེ་གནས་ཀྱ་ཡེ་ཤུ་བཞུགས་ཀྱིན་གྲུ་ནང་དུ་འཛུལ་རེ་ཁོ་རང་ཀྱ་མུ་ལ་ཁྲིད་པ་ལགས། དེ་ནས་ཁོང་པ་མུ་ལ་འགྲོ་གིན་གྲུ་གཞན་མ་ཀྱ་འོད་ད་ལགས། 37ཧ་ཏག་པ་ལ་དམི་ཅིག་གི་ཆེ་རླུང་ཚུབ་ལངས་རེ། རྦ་རླབས་ཀྱིས་གྲུ་ལ་བཞུས་ཏེ་གྲུ་ནང་དུ་ཆུ་ཁངས་བ་ལགས། དེ་ནས་བིབ་གུ་བྱས་བ་ལགས། 38ཡིན་ནའང་ཡེ་ཤུ་སྔས་གཅིག་བཅུག་སྟེ་གྲུའི་རྒྱབ་ཕྱོགས་ལ་གཟིམས་འོད་ད་ལགས།
དེ་ནས་ཉེ་གནས་ཀྱ་ཡིས་ཁོང་པ་ལ་གཉིད་སད་དེ་ཞུས་བ་ལགས། སློབ་དཔོན་ལགས། འེ་བིབ་སྟེ་ཤི་གུ་བྱེད་འདིག། ཁོང་པ་གིའང་དོ་སྣང་མེད་མཛད་ཡས།
39དེ་ནས་ཁོང་པ་བཞེངས་ཏེ་རླུང་ཚུབ་ལ་བཀའ་བཀྱོན་མཛད་དེ་རྒྱ་མཚོ་ལ་གསུངས་བ་ལགས། ཁ་པ་སྡོད། ལྷོད་བའི་སོང་། དེ་ནས་རླུང་ཚུབ་ཆོད་པ་ལགས། དེ་ནས་གཏིང་ལྷོད་བའི་བྱུང་བ་ལགས།
40དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་བྱས་རེ་འཇིགས་བ། ཁྱེད་ཀྱ་ལ་ད་ལྟ་ཐུག་པའི་དད་པ་མེད་དེ།
41དེ་ནས་ཁོང་ཀྱ་འཇིགས་སྣང་སྐྱེས་རེ་གཅིག་གིས་གཅིག་ལ་སྨྲས་བ་ལགས། འདི་སུ་ལེ། རླུང་དང་རྒྱ་མཚོ་ཡིས་འང་ཁོང་གི་བཀའ་ལ་མཉན་འདིག།།།

Okuqokiwe okwamanje:

མར་ཀུ། 4: LOY

Qhakambisa

Dlulisela

Kopisha

None

Ufuna ukuthi okuvelele kwakho kugcinwe kuwo wonke amadivayisi akho? Bhalisa noma ngena ngemvume

Ividiyo ye- མར་ཀུ། 4