YouVersion 標識
搜索圖示

མད་ཐཱ། 7

7
ལེའུ་བདུན་པ།
མི་གཞན་ལེ་སྐྱོན་འཛུགས་བགྱིད་མི་ཆོག་པའི་སྐོར།
1ཡང་ཡེ་ཤུས་མི་གཞན་ལེ་སྐྱོན་འཛུགས་མ་བགྱིད་ཅིག རང་ལེ་ཁྲིམས་གཅོད་ཕོག་གྱི་མ་དིག 2ཅི་ལེ་ཟེར་ནི། ཁྱོད་ཀྱིས་ཅི་གི་བྱས་ཏེ་མི་གཞན་ལེ་སྐྱོན་བཙུགས་བྱས་འོད་ནི། ཁྱོད་རང་ལེ་ཟང་འོ་དེ་གི་ཅོག་འདྲ་ཁྲིམས་གཅོད་ཕོག་གྱི་དིག ཡང་ཁྱོད་ཀྱིས་སྣོད་ཅི་གི་ཞིག་གིས་ཚད་བརྒྱབ་ནི། ཁོས་ཟང་ཁྱོད་ལེ་སྣད་དེ་རང་གིས་ཚད་རྒྱག་གྱི་དིག 3མི་གཞན་གྱི་མིག་གི་ནང་ལེ་འོད་ཡོད་རྡུལ་མཐོང་ནི། རང་གི་མིག་གི་ནང་ལེ་འོད་ཡོད་གདུང་མ་དེ་ཅི་ལེ་མི་མཐོང་འདུག་གོ། 4ཁྱོད་ཀྱིས་རང་གི་མིག་གི་ནང་ལེ་འོད་ཡོད་གདུང་མ་དེ་མི་མཐོང་འོད་ནི། ཁྱོད་ཀྱིས་མི་གཞན་ལེ་ངས་ཁྱོད་ཀྱི་མིག་གི་ནང་ལེ་འོད་ཡོད་རྡུལ་དེ་འདོན་ནོ་ཟིན་ཅི་གི་བྱས་ཏེ་ཟེར་ཐུབ་རྒྱུ། 5ཁ་བཤད་ལག་མེད་བགྱིད་མཁན་མི་ཁྱོད། དང་པོ་ཁྱོད་ཀྱིས་རང་གི་མིག་ནང་ལེ་འོད་ཡོད་གདུང་མ་དེ་ཐོན་དང་། དེ་ནས་མི་གཞན་གྱི་མིག་ནང་ལེ་འོད་ཡོད་རྡུལ་དེ་འདོན་རྒྱུ་ལེ་མིག་གསལ་པོ་མཐོང་ཐུབ་ཀྱི་དིག 6རྩལ་ཆེན་གྱི་རིགས་དེ་ཁྱི་ལེ་མ་སྟེར།#7.6 གེ་རིག་གི་སྐད་ནང་ལེ་དམ་པ་ཡིན་དི་རིགས་ཟིན་སྨྲས་འོད་དིག ཡིན་ནའང་། དོལ་པོའི་སྐད་ནང་ལེ་རྩལ་ཆེན་གྱི་རིགས་ཟིན་བྲིས་འོད་དིག ཅི་ལེ་ཟེར་ནི། དམ་པའི་རིགས་ཁྱི་ལེ་མ་སྟེར་སྨྲས་ནི་ཚིག་དེ་ཆུང་མ་འཚམས་པོ་ཞིག་མེད་ཕེན། རྩལ་ཆེན་ཟིན་བྲིས་པི་དིག འཛེན་ཁ་ཚུར་ལོག་སྟེ། ཁྱོད་ལེ་གཉེར་འོང་གྱི་དིག ཁྱོད་རང་ལེ་འོད་ཡོད་རིན་ཆེན་མུ་ཏིག་དེ་ཀྱ་ཕག་པའི་མདུན་དུ་མ་གཡུགས་ཤིག ཅི་ལེ་ཟེར་ནི། ཕག་པས་རིན་ཆེན་མུ་ཏིག་དེ་ཀྱ་རྐང་པས་བརྫིས་ཀྱི་དིག
གསོལ་བ་སྨོན་ལམ་བཏབ་ནི་འཐོབ་རྒྱུ་ཡིན་དི་སྐོར།
7གསོལ་བ་སྨོན་ལམ་ཐོབ་དང་། ཁྱེད་ཀྱ་ལེ་གནང་གྱི་དིག འཚོལ་དང་རྙེད་ཀྱི་དིག སྒོ་རྡུངས་དང་འབྱེད་ཀྱི་དིག 8ཅི་ལེ་ཟེར་ནི། གསོལ་བ་སྨོན་ལམ་འདེབས་མཁན་ཡེ་རེ་ལེ་འཐོབ་ཀྱི་དིག ཡང་འཚོལ་མཁན་ཡེ་རེ་ལེ་རྙེད་ཀྱི་དིག ཡང་སྒོ་རྡུངས་མཁན་ཡེ་རེ་ལེ་སྒོ་འབྱེད་ཀྱི་དིག 9དཔེར་ན། ཁྱེད་ཀྱ་ནང་ནས་མི་སུ་ཞིག་གིས་རང་གི་བི་སས་ང་ལེ་སྒོར་ཕྱེ་སྦྱིན་དང་སྨྲས་ནི། ཁོ་ལེ་རྡོ་སྟེར་གྱོ་འོད་དི་གས། 10ཡང་ནི། ང་ལེ་ཉ་ཤ་སྦྱིན་དང་སྨྲས་ནི། ཁོ་ལེ་སྦྲུལ་སྟེར་གྱོ་འོད་དི་གས། 11ཁྱེད་ཀྱ་ནི་ངན་སེམས་ཅན་ཞིག་ཡིན་ནའང་། རང་གི་ཕྲུ་གུ་ཀྱ་ལེ་དངོས་པོ་བཟང་པོ་སྟེར་ཤེས་ནི། ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱིས་རང་ལེ་གསོལ་བ་སྨོན་ལམ་འདེབས་མཁན་ཀྱ་ལེ་འཛེན་བཟང་པོ་ཅི་ཡིན་དི་དེ་གནང་གྱི་དིག 12མི་གཞན་གྱིས་རང་ལེ་ཅི་གི་བྱས་ནི་དགའ་རི་འོད་དི་ཅོག་འདྲ། མི་གཞན་ལེ་གྱིས་ཤིག དེ་ནི་ཆོས་ཁྲིམས་དིང་། ལུང་སྟོན་པ་ཀྱ་ཀྱིས་བསྟན་པའི་བསླབ་བྱའི་མདོར་བསྡུས་དེ་ཡིན་དིག 13སྒོ་དོག་པོའི་བརྒྱུད་ནས་ནང་ལེ་འཛུལ་ཅིག ཅི་ལེ་ཟེར་ནི། འཆི་བའི་ལམ་ལེ་འཁྲིད་འགྲོ་རྒྱུ་སྒོ་དེ་ནི། ཞེང་ག་ཆེན་པོ་དིང་། ལམ་ཀ་ཟང་ཡངས་པོ་འཇུ་གུ་འོད་ཕེན། མི་མང་པོ་ཞིག་སྒོ་དེའི་བརྒྱུད་ནས་འཛུལ་གྱོ་འོད་དིག 14ཡང་ཚེ་མཐའ་མེད་པའི་གནས་ལེ་འཁྲིད་འགྲོ་རྒྱུ་སྒོ་དེ་ནི། ཞེང་ག་ཆུང་མ་དིང་། ལམ་ཟང་དོག་པོ་འོད་ཕེན། མི་ཉུང་མ་ཀྱ་ལེ་མ་གཏོགས་ལམ་དེ་མི་རྙེད་འོད་དིག
ལུང་སྟོན་པ་རྫུན་མའི་སྐོར།
15ལུང་སྟོན་མཁན་རྫུན་མ་ཀྱ་ལེ་དོགས་ཟོན་གྱིས་ཤིག ལུག་ཅོག་འདྲ་གླེན་པ་བགྱིད་མཁན་མི་དེ་ཀྱ་ཁྱེད་ཀྱ་ཀྱི་རྩ་ལེ་འོང་གྱི་དིག ཡང་མི་དེ་ཀྱ་ཀྱིས་བགྱིད་དང་ནི། ངོ་ཐོག་དམར་ཟུག་ཆེན་པོ་འོད་ཡོད་སྤྱང་རྐུ་དིང་ཅོག་འདྲ་ཡིན་དིག 16མི་དེ་ཀྱ་ཀྱི་འབྲས་བུ་དེ་ཅི་གི་ཡིན་མིན་དེ་ཁྱེད་ཀྱ་ཀྱིས་ངོ་ཤེས་ཐུབ་ཀྱི་དིག ཚེར་མའི་སྡོང་པོ་ནས་ཆུ་རྒུན་འབྲུམ་དིང༌། ཡང་ནི། སེ་བའི་མེ་ཏོག་ནས་བསེ་ཡབ་འཐོག་སྲིད་གྱོ་འོད་དི་གས། 17འོ་དེ་ཅོག་འདྲ། སྡོང་པོ་བཟང་པོ་ལེ་འབྲས་བུ་ཟང་བཟང་པོ་སྐྱེས་ཀྱི་དིག ཡང་སྡོང་པོ་ངན་པ་ལེ་འབྲས་བུ་ཟང་ངན་པ་སྐྱེས་ཀྱི་དིག 18ཤིང་སྡོང་བཟང་པོ་ལས་འབྲས་བུ་ངན་པ་དིང༌། ཤིང་སྡོང་ངན་པ་ལས་འབྲས་བུ་བཟང་པོ་སྐྱེ་མི་སྲིད་འོད་དིག 19འབྲས་བུ་བཟང་པོ་མི་སྐྱེ་མཁན་སྡོང་པོ་དེ་བཅད་དེ་མེའི་ནང་ལེ་གཡུག་གྱི་དིག 20འོ་དེ་ལེ་བརྟེན་ཏེ། མི་དེ་ཀྱ་ཀྱི་འབྲས་བུ་ལེ་བལྟས་ཏེ། ཁྱེད་ཀྱ་ཀྱིས་ཧ་གོ་ཐུབ་ཀྱི་དིག 21ཡང་ང་ལེ། ཇོ་བོ། ཇོ་བོ། ཟེར་མཁན་ཡེ་རེ་ནམ་མཁའི་ཞིང་ཁམས་ཀྱི་རྒྱལ་ཁབ་ནང་ལེ་མི་ཐར་འོད་དིག ཞིང་ཁམས་ལེ་བཞུགས་མཁན་ངའི་ཨ་ཀྱི་ཐུགས་དགོངས་ཅོག་འདྲ་སྒྲུབ་མཁན་དེ། དཀོན་མཆོག་གི་རྒྱལ་ཁབ་ནང་ལེ་ཐར་ཐུབ་ཀྱི་དིག 22ཉིན་མ་དེ་ལེ་མི་མང་པོས། ཇོ་བོ། ཇོ་བོ། ཉེད་ཀྱ་ཀྱིས་ཁྱེད་ཀྱི་མཚན་ནང་ལེ་ལུང་བསྟན་པི་དིང་། ཁྱེད་ཀྱི་མཚན་ནང་ལེ་གདོན་འདྲེ་བཏོན་པི་ཡིན། ཁྱེད་ཀྱི་མཚན་ནང་ལེ་ངོ་མཚར་ཆེན་པོའི་ལས་མང་པོ་བྱས་འོད་དི་མ་གས་ཟིན་ང་ལེ་ཟེར་གྱི་དིག 23དེ་ནས་ངས་མི་དེ་ཀྱ་ལེ། ཁྱེད་ཀྱ་རྩ་བ་ནས་ངོ་མི་ཤེས་འོད། ངན་པའི་ལས་བགྱིད་མཁན་ཁྱེད་ཀྱ་ངའི་རྩ་ནས་ཕ་ལེ་རྒྱུགས་ཤིག་ཟེར་གྱི་ཡིན།
རྨང་གཞི་མི་འདྲ་བ་གཉིས་ཀྱི་སྐོར།
24འོ་དེ་ལེ་བརྟེན་ཏེ། ངས་བཤད་དི་ཚིག་ཐོས་ཏེ་ཉམས་ལེན་བགྱིད་མཁན་མི་ཡེ་རེ་ནི། རང་གི་ཁང་པ་བྲག་གི་ལྟག་ག་ལེ་རྒྱག་མཁན་ཤེས་རབ་ཅན་གྱི་མི་དིང་ཅོག་འདྲ་ཡིན་དིག 25བྲག་གི་ལྟག་ག་ལེ་བརྒྱབ་པའི་ཁང་པ་དེ་ལེ། ཆར་པ་བབས་ནའང་། ཡང་ཆུ་ལོག་རྒྱུགས་ནའང་། ཡང་འུར་ཚུབས་བརྒྱབ་ནའང་། ཁང་པ་དེ་མི་རྡིབ་འོད་དིག 26ངས་བཤད་དི་ཚིག་ཐོས་ཏེ་ལག་ལེན་མི་བགྱིད་མཁན་མི་ཡེ་རེ་ནི། རང་གི་ཁང་པ་བྱེ་མའི་ལྟག་ག་ལེ་རྒྱག་མཁན་མི་གླེན་པ་དིང་ཅོག་འདྲ་ཡིན་དིག 27ཆར་པ་བབས་ཏེ་ཆུ་ལོག་གིས་འཁྱེར་འགྲོ་བ་དིང་། འུར་ཚུབས་ཆེན་པོ་བརྒྱབ་སྟེ་ཁང་པ་དེ་ལེ་ཕོག་སྟེ། ཡེ་རེ་རྡིབ་འགྲོ་གྱི་དིག་ཟིན་གསུངས་པི་དིག 28དེ་ནས་ཡེ་ཤུས་ཆོས་དེ་བསྟན་ནུས་པའི་རྗེས་ལེ། ཁོང་གི་བསྟན་པའི་ཆོས་དེ་ལེ་མི་ཚོགས་ཀྱ་ཀྱིས་ཡ་མཚན་ཆེན་པོ་སྐྱེས་པི་དིག 29ཅི་ལེ་ཟེར་ནི། ཡ་ཧུ་དཱ་པའི་ཆོས་ཁྲིམས་མཁས་པའི་མི་ཀྱ་དིང་མི་འདྲ། མི་དབང་ཆེན་པོ་ཞིག་གིས་གསུངས་པི་ཅོག་འདྲ། མི་ཀྱ་ལེ་ཆོས་བསྟན་གནང་བའི་ཆེད་དུ་ཡིན་དིག །

醒目顯示

分享

複製

None

想要在所有設備上保存你的醒目顯示嗎? 註冊或登入