YouVersion Logo
تلاش

མད་ཐཱ། དེབ་ཀྱི་ངོ་སྤྲོད།

དེབ་ཀྱི་ངོ་སྤྲོད།
མད་ཐཱའི་གཏམ་བཟང་དེ་ཡེ་ཤུའི་ཉེ་གནས་བཅུ་གཉིས་ཀྱ་ནས་ཁྲལ་སྡུད་མཁན་མད་ཐཱ་སྨྲ་གིན་གྱིས་བྲིས་པ་ལགས། འདི་གཏམ་བཟང་དེ་ཡ་ཧུ་དཱ་པ་ཀྱ་ཡི་ཕྱིར་ལ་བྲིས་བྲ་ལགས། འདི་གཏམ་བཟང་གིས་གསུང་རབ་རྙིང་པ་རུ་འོད་ཀྱིན་མངོན་ཤེས་ཀྱ་དམ་བཅའ་མཛད་ཛ་མཱ་ཤི་ཀ་ཡེ་ཤུའི་མི་ཚེ་ལ་སྒྲུབ་ཀྱིན་གོ་སྟོན་ད་ལགས།
འདི་དེབ་དེ་ལ་ཡེ་ཤུ་འཁྲུངས་ཀྱིན་ནས་གྲོངས་ཀྱིན་དང་། ཡང་ཁོང་པ་སྐུ་གསོན་པོ་བཞེངས་ཀྱིན་གྱི་གསུང་ལ་ཀྱ་ཡི་སྐོར་ལ་འགྲེལ་བཤད་བརྒྱབ་འོད་ད་ལགས། དུ་རུ་ཁོང་པ་ཡི་ཁྲུས་གསོལ་དང་། ཚོད་ལྟ་དང་། ཁོང་པ་ཡིས་ག་ལིལ་ཡུལ་ནས་བྱུང་རེ་བཀའ་གནང་གིན། ཆོས་གསུངས་ཀྱིན་དང་། བཅོས་ག་ཡི་ཕྱག་ལས་ཀྱ་ཡི་སྐོར་ལ་བྲིས་འོད་ད་ལགས། དེ་ནས་ཁོང་པ་ཡེ་རུ་ཤ་ལེམ་རྒྱལ་ས་རུ་ཕེབས་ཀྱིན་དང་། འོ་དུ་རུ་མཐའ་ཡི་གཟའ་འཁོར་བཞུགས་ཀྱིན་གྱི་སྐོར་ལའང་བྲིས་འོད་ད་ལགས།
དཀར་ཆག
ཡེ་ཤུ་མཱ་ཤི་ཀའི་གདུང་རྒྱུད་དང་འཁྲུངས་སྐར། ༡:༡–༢:༢༣
ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་ཞབས་ཕྱི། ༣:༡-༡༢
ཡེ་ཤུའི་ཁྲུས་གསོལ་དང་ཚོད་ལྟ། ༣:༡༣–༤:༡༡
ཡེ་ཤུ་ཡིས་ག་ལིལ་དུ་མཛད་ཛ་ཕྱག་ལས་ཀྱ། ༤:༡༢–༡༨:༣༥
ག་ལིལ་ནས་ཡེ་རུ་ཤ་ལེམ་ཐུག་པའི། ༡༩:༡–༢༠:༣༤
ཡེ་རུ་ཤ་ལེམ་དུ་ཁོང་པའི་བདུན་ཕྲག་ཞུག་ཡོག་གོ། ༢༡:༡–༢༧:༦༦
ཡེ་ཤུ་འཆི་བ་ནས་སླར་གསོན་པ་དང་ཉེ་གནས་ཀྱ་ཡི་ཁོག་ཏུ་མངོན་པ། ༢༨:༡-༢༠

سرخی

شئیر

کاپی

None

کیا آپ جاہتے ہیں کہ آپ کی سرکیاں آپ کی devices پر محفوظ ہوں؟ Sign up or sign in

YouVersion آپ کے تجربے کو ذاتی بنانے کے لیے کوکیز کا استعمال کرتا ہے۔ ہماری ویب سائٹ کا استعمال کرتے ہوئے، آپ ہماری کوکیز کے استعمال کو قبول کرتے ہیں جیسا کہ ہماری رازداری کی پالیسیمیں بیان کیا گیا ہے۔