YouVersion Logo
تلاش

མད་ཐཱ། 9

9
རྩ་གྲིབ་མི་ལ་བཅོས་ག།
(མར་ཀུ། ༢:༡-༡༢; ལུ་ཀ། ༥:༡༧-༢༦)
1ཡེ་ཤུ་གྲུ་ནང་དུ་ཧ་ཀན་ལ་ཕེབས་ཏེ་ཁོང་པ་རང་བཞུགས་ས་རྒྱལ་ས་#༩:༡ འོ་དེ་རྒྱལ་ས་གོ་ཀཱ་ཕར་ན་ཧུམ་ལགས།ལ་ཕེབས་པ་ལགས། 2ད་མི་རིང་འགའ་ཡིས་རྩ་གྲིབ་ཀྱི་ནད་ས་འོད་ཀྱིན་མི་གཅིག་ལ་ཉལ་ཆས་མུ་ལ་རང་ཁོང་པ་རྩ་རུ་ཁྱེར་ཏེ་འོངས་བ་ལགས། ཡེ་ཤུ་ཡིས་ཁོང་ཀྱ་ཡི་དད་པ་ལ་གཟིགས་ཏེ་གསུངས་བ་ལགས། བི་ཛའོ། སེམས་ལྷོད་བྱེད། ཁྱོའི་སྡིག་པ་ཀྱ་སེལ་འདུག། 3ད་ཆོས་ཁྲིམས་ཀྱི་སློབ་དཔོན་རིང་འགའ་ཡིས་ཁོ་རང་ཀྱ་ནང་དུ་དེ་རེ་བསམས་པ་ལགས། འདི་མི་དེ་ནི་དཀོན་མཆོག་ལ་སྐུར་བ་འདེབས་བའི།
4ཡིན་ནའང་ཡེ་ཤུ་ཡིས་ཁོང་ཀྱ་ཡི་བསམ་བློ་ཀྱ་མཁྱེན་ཏེ་གསུངས་ང་མཛད་པ་ལགས། ཁྱེད་ཀྱ་གི་བྱས་རེ་ཁྱེད་རི་སེམས་ནང་དུ་བསམ་བློ་ངན་པ་ཀྱ་བཏང་ང་། 5ཁྱེད་རི་སྡིག་པ་ཀྱ་སེལ་སོང་། ཡང་མེད་ན་ལོངས་ལ་གོམ་པ་ཚུགས་སྨྲས་རེ་གིན་གོ་སྨྲ་ན་ཡོལ་ལེ་ལས་སླ་འདུག་བོ། 6ཡིན་ནའང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་ཡས་ཀྱི་དབང་ཆ་འོད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་བྱེད། དེ་ནས་ཁོང་པ་ཡིས་རྩ་གྲིབ་འོད་ཀྱིན་མི་གོ་ལ་གསུངས་བ་ལགས། ལོངས། དེ་ནས་རང་གི་ཉལ་ཆས་ཁྱེར་ཏེ་ནང་ལ་སོང་། 7དེ་ནས་ཁོ་ལངས་རེ་ནང་ལ་སོང་བ་ལགས། 8ད་མི་ཚོགས་ཀྱ་དེ་མཐོང་རེ་འཇིགས་པ་ལགས། དེ་ནས་མི་ལ་དེ་རེ་དབང་ཆ་གནང་མཁན་དཀོན་མཆོག་ལ་བསྟོད་པ་ཕུལ་བ་ལགས།
མད་ཐཱ་ལ་འབོད་བ།
(མར་ཀུ། ༢:༡༣-༡༧; ལུ་ཀ། ༥:༢༧-༣༢)
9དེ་ནས་ཡེ་ཤུ་འོ་དེ་ནས་ཧ་ལ་ཕེབས་བའི་གང་ལ། ཁྲལ་སྡུད་ས་རུ་བསྡད་ད་མད་ཐཱ་སྨྲ་མཁན་མི་གཅིག་ལ་གཟིགས་པ་ལགས། དེ་ནས་ཁོ་ལ། ངའི་གཤམ་པ་ལ་འབྲོང་གསུངས་རེ་གསུངས་བ་ལགས། དེ་ནས་ཁོ་ལངས་རེ་ཁོང་པ་ཡི་གཤམ་ལ་འབྲངས་བ་ལགས།
10ད་ཡེ་ཤུ་མད་ཐཱའི་ཁྱིམ་ནང་དུ་ཞལ་ལག་བཞེས་ཡས་ལ་བཞུགས་བའི་གང་ལ། ཁྲལ་སྡུད་མཁན་ཀྱ་དང་སྡིག་ཅན་ཀྱ་མང་ང་འོངས་རེ་ཁོང་པ་དང་། ཁོང་པ་ཡི་ཉེ་གནས་ཀྱ་མུ་ལ་ཟ་ཡས་ལ་བསྡད་པ་ལགས། 11དེ་ནས་ཕཱ་རུ་ཤི་པ་ཀྱ་ཡིས་དེ་མཐོང་རེ་ཁོང་པ་ཡི་ཉེ་གནས་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་ཡི་དགེ་རྒན་གི་བྱས་རེ་ཁྲལ་སྡུད་མཁན་ཀྱ་དང་སྡིག་ཅན་གཞན་མ་ཀྱ་མུ་ལ་ཟ་མ་ཟ་ལེ།
12ཡིན་ནའང་ཡེ་ཤུ་ཡིས་དེ་གསན་ད་མཛད་དེ་གསུངས་བ་ལགས། ཨེམ་རྗེ་ཐང་ང་ཀྱ་ལ་མིན་ད་ནད་པ་ཀྱ་ལ་དགོས་ལ་ལགས། 13སོང་། དེ་ནས་ང་མཆོད་པ་ལ་མིན་ད་སྙིང་རྗེ་དགའ་བའི་འོད་#ཧོ་ཟེ། ༦:༦སྨྲ་གིན་གྱི་དོན་དག་གོ་ཧ་གོ་ར་བྱེད། གི་བྱས་རེ་སྨྲ་ན་ང་དྲང་བདེན་ཀྱ་ལ་མིན་ད་སྡིག་ཅན་ཀྱ་ལ་འབོད་རུ་འོངས་བ་ཡིན།
སྨྱུང་གནས་ཀྱི་སྐོར་ལ་དྲི་བ།
(མར་ཀུ། ༢:༡༨-༢༢; ལུ་ཀ། ༥:༣༣-༣༩)
14ད་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་ཉེ་གནས་ཀྱ་ཁོང་པ་རྩ་རུ་འོངས་རེ་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་དང་ཕཱ་རུ་ཤི་པ་ཀྱ་སྨྱུང་གནས་སྲུང་ང་ལགས། ཡིན་ནའང་ཁྱེད་རང་གི་ཉེ་གནས་ཀྱ་གི་བྱས་རེ་མི་སྲུང་ང་ལེ།
15དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། མག་པ་དང་མག་པའི་རོགས་བ་ཀྱ་མུ་ལ་འོད་དེ་གང་ལ་ཁོང་ཀྱ་སྡུག་སྲུང་ང་ལེ། ཡིན་ནའང་མག་པ་ཁོང་ཀྱ་ནས་འཁྲིད་དེ་འགྲོ་གིན་ཉིན་མ་གོ་སླེབ་ཀྱི་ལགས། དེ་ནས་འོ་དེ་གང་ལ་ཁོང་ཀྱ་སྨྱུང་གནས་བསྲུང་གི་ལགས།
16མི་སུས་འང་གོས་ལག་རྙིང་པ་ལ་ལྷན་པ་གསར་པ་མེད་བརྒྱབ་བ་ལགས། གི་བྱས་རེ་སྨྲ་ན་ལྷན་པ་གོ་འཁུམས་ཏེ་འོ་དེ་གོས་ལག་ནས་རལ་རེ་ཡོལ་ལེ་མིག་བོ་ཆེ་བཟོ་བ་ལགས།
17ཡང་པི་ཁུག་རྙིང་པ་ནང་དུ་རྒུན་འབྲུམ་གྱི་ཆང་གསར་པ་མི་བླུགས་བ་ལགས། བླུག་ན་པི་ཁུག་གོ་རལ་རེ་ཆང་གོ་བོ་གི་ལགས། དེ་ནས་པི་ཁུག་གོ་ནོངས་ཀྱི་ལགས། ཡིན་ནའང་ཆང་གསར་པ་གོ་པི་ཁུག་གསར་པ་ནང་དུ་བླུགས་བ་ལགས། དེ་ནས་གཉིས་ཀ་ར་མེད་ནོངས་ཀྱི་ལགས།
བུ་མོ་གཤིན་པོ་གཅིག་དང་སྐྱེས་དམན་ནད་པ་གཅིག།
(མར་ཀུ། ༥:༢༡-༤༣; ལུ་ཀ། ༨:༤༠-༥༦)
18ཁོང་པ་ཡིས་ཁོང་ཀྱ་ལ་འོ་དེ་ལབ་ཀྱ་གསུངས་བའི་གང་ལ། ཡ་ཧུ་དཱ་པའི་དཔོན་པོ་གཅིག་འོངས་རེ་ཁོང་གི་གདོང་དུ་པུས་མོ་བཙུགས་ཏེ་ཞུས་བ་ལགས། ངའི་བུ་མོ་ད་ལྟ་ཀ་ཤི་སོང་། ཡིན་ནའང་ཁྱེད་རང་ཕེབས་ཏེ་ཁྱེད་རང་གི་ཕྱག་མོའི་ཁར་ལ་བཞག་བ་མཛད། དེ་ནས་མོ་གསོན་གྱི་ལགས། 19ཡེ་ཤུ་ཡར་བཞེངས་ཏེ་ཁོ་རི་ཉེ་གནས་ཀྱ་མུ་ལ་ཁོའི་གཤམ་པ་ལ་ཕེབས་པ་ལགས།
20འོ་དེ་གང་ལ་རང་ལོ་བཅུ་གཉིས་ཐུག་པའི་ཁྲག་འཛག་ན་ཚ་ཡིས་མྱངས་མྱ་སྐྱེས་དམན་གཅིག་རྒྱབ་ཕྱོགས་ནས་འོངས་རེ། ཁོང་པ་ཡི་ན་བཟའི་སྣེ་མོ་ནས་འཇུས་བ་ལགས། 21གི་བྱས་རེ་སྨྲ་ན་མོས་མོ་རང་ལ། ངས་ཁོང་པ་ཡི་ན་བཟའ་གཅིག་ཀ་འཇུ་ན། ང་ཕན་གྱི་ལགས་སྨྲས་རེ་བསམས་པ་ལགས།
22ཡེ་ཤུ་ཡིས་རྒྱབ་ལོག་སྟེ་མོ་ལ་གཟིགས་པ་ལགས། དེ་ནས་གསུངས་བ་ལགས། བུ་མོ། སེམས་ལྷོད་བྱེད། ཁྱེད་རི་དད་པ་ཡིས་ཁྱོད་ལ་ཕན་པ་ལགས། དེ་ནས་འོ་དེ་གང་ལ་རང་འོ་དེ་སྐྱེས་དམན་གོ་དྲག་པ་ལགས།
23ཡེ་ཤུ་དཔོན་པོའི་ནང་ལ་ཕེབས་ཏེ། ཁོང་པ་ཡིས་གླིང་བུ་བཏང་མཁན་ཀྱ་དང་མི་ཚོགས་ཀྱ་ངུ་བརྡ་བརྒྱབ་ཀྱིན་གོ་གཟིགས་པ་ལགས། 24དེ་ནས་ཁོང་པ་ཡིས་གསུངས་བ་ལགས། དེ་ནས་ཧ་ལ་སོང་། བུ་མོ་འདི་མ་ཤི་འོད་ད་ལགས། ཡིན་ནའང་གཉིད་ལོག་སྟེ་བསྡད་འདུག། ད་དེ་ཀྱ་ཁོང་པ་ལ་དགོད་ཤོར་ཏེ་སྨད་ཇུ་བཏང་བ་ལགས། 25དེ་ནས་ཁོང་པ་ཡིས་མི་ཚོགས་ཀྱ་ལ་ཕི་ལ་བཏོན་ཚར་ཏེ། ཁོང་པ་ཁྱིམ་ནང་དུ་ཕེབས་ཏེ་བུ་མོའི་ལག་པ་ནས་ཟིམ་པ་ལགས། དེ་ནས་བུ་མོ་གོ་ལངས་བ་ལགས། 26གནས་ཚུལ་འདི་ས་ཕྱོགས་གི་རི་ལ་ཁྱབ་པ་ལགས།
ཞ་ར་མི་གཉིས།
27ད་ཡེ་ཤུ་འོ་དེ་ནས་ཕེབས་བའི་གང་ལ། མི་ཞ་ར་གཉིས་ཁོང་པ་ཡི་གཤམ་པ་ལ་འབྲངས་རེ་སྐད་བརྒྱབ་སྟེ་ཞུས་བ་ལགས། དཱ་བིད་ཀྱི་སྲས། འེ་ཀྱ་ལ་སྙིང་རྗེ་གཟིགས་རོགས་གནང་།
28ཡེ་ཤུ་ཁྱིམ་ནང་དུ་ཕེབས་བའི་གང་ལ། མི་ཞ་ར་གཉིས་བོ་ཁོང་པ་ཡི་དྲུང་དུ་འོངས་བ་ལགས། དེ་ནས་ཡེ་ཤུ་ཡིས་ཁོང་གཉིས་བོ་ལ་གསུངས་བ་ལགས། ངས་དེ་བྱེད་ཐུབ་ཀྱི་ལགས་སྨྲས་རེ་ཁྱེད་གཉིས་བོ་ལ་ཡིད་ཆེས་འོད་དེ།
ཁོང་གཉིས་བོ་ཡིས་ཞུས་བ་ལགས། བྱེད་འདིག་འོད། གཙོ་བོ།
29དེ་ནས་ཁོང་པ་ཡིས་ཁོང་གཉིས་བོའི་མིག་ལ་འཇུས་རེ་གསུངས་བ་ལགས། ཁྱེད་གཉིས་བོའི་དད་པ་འོད་ཀྱིན་ཅོག་རེ་ཁྱེད་གཉིས་བོ་ལ་འགྲུབ་པར་ཤོག། 30དེ་ནས་ཁོང་གཉིས་བོའི་མིག་བས་བ་ལགས། དེ་ནས་ཡེ་ཤུ་ཡིས་ཁོང་གཉིས་བོ་ལ། འདི་ལབ་དེ་སུ་ལ་ཧ་མ་གོ་ར་ཤོག་སྨྲས་རེ་ཁོང་གཉིས་བོ་ལ་བཀའ་ཤུགས་ཆེ་གནང་བ་ལགས། 31ཡིན་ནའང་ཁོང་གཉིས་བོ་ལོག་སྟེ་སོང་རེ་ཁོང་པ་ཡི་སྙན་གྲགས་ཡུལ་ཕྱོགས་གི་རི་རུ་ཁྱབ་ཏུ་བཅུག་པ་ལགས།
འདྲེ་འཛུལ་ཛ་མི་གཅིག།
32ད་ཁོང་པ་ཀྱ་འོ་དེ་ནས་ཐོན་ཏེ་ཕེབས་བའི་གང་ལ། འདྲེ་ཡིས་ཟིམ་ཏེ་ལབ་བཏང་མི་ཐུབ་ཀྱིན་མི་གཅིག་ཡེ་ཤུ་གདོང་དུ་ཁྲིད་དེ་འོངས་བ་ལགས། 33ཡེ་ཤུ་ཡིས་འདྲེ་གོ་བཏོན་ད་མཛད་པ་ལགས། དེ་ནས་མི་གོ་ལབ་བཏང་ཐུབ་པ་ལགས། དེ་ནས་མི་ཚོགས་ཀྱ་དམི་ཅིག་གི་ཡམ་སངས་རེ་སྨྲས་བ་ལགས། ཡིས་ར་ཨེལ་ལ་དེ་རེ་ནམ་མའང་མཐོང་མ་མྱོང་།
34ཡིན་ནའང་ཕཱ་རུ་ཤི་པ་ཀྱ་ཡིས་སྨྲས་བ་ལགས། བདུད་ཀྱ་ཡི་རྒྱལ་བོའི་ཐོག་ནས་ཁོས་འདྲེ་ཀྱ་བཏོན་ད་ལགས།
མི་ལག་ཉུང་ང་ཡི་སྐོར་ལ།
(མར་ཀུ། ༦:༣༤; ལུ་ཀ། ༡༠:༢)
35དེ་ནས་ཡེ་ཤུ་རྒྱལ་ས་གི་རི་དང་ཡུལ་གི་རིའི་ཚོགས་ཁང་ཀྱ་ལ་ཆོས་སྟོན་ཏེ་དང་། རྒྱལ་སྲིད་ཀྱི་གཏམ་བཟང་གོ་གསལ་བསྒྲགས་མཛད་དེ་ཕེབས་པ་ལགས། དེ་ནས་ན་ཚ་གི་རི་དང་ནད་སྐྱོན་གི་རི་བཅོས་ག་མཛད་དེ་ཕེབས་པ་ལགས། 36མི་ཚོགས་ཀྱ་ལ་གཟིགས་ཏེ་ཁོང་པ་སྙིང་རྗེ་ཡིས་ཁངས་བ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་རྫི་བོ་མེད་ཀྱིན་ལུག་ཀྱ་ཅོག་རེ་གཞན་མ་ནས་སྡུག་པོ་ཕོག་ཕ་དང་། རོགས་བ་མེད་ཀྱིན་གཟིགས་པ་ལགས། 37དེ་ནས་ཁོང་པ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། སྟོན་ཐོག་མང་ང་འདུག།ཡིན་ནའང་མི་ལག་ཀྱ་ཉུང་ང་འདུག། 38འོ་བྱས་རེ་ལོ་ཏོག་གི་གཙོ་བོ་ལ། རང་གི་ལོ་ཏོག་སྡུད་ཡས་ཀྱི་ཕྱིར་ལ་མི་ལག་ཀྱ་བཏང་རོགས་མཛད་སྨྲས་རེ་སྨོན་ལམ་ཞུས།།

موجودہ انتخاب:

མད་ཐཱ། 9: LOY

سرخی

شئیر

کاپی

None

کیا آپ جاہتے ہیں کہ آپ کی سرکیاں آپ کی devices پر محفوظ ہوں؟ Sign up or sign in