YouVersion Logo
تلاش

མད་ཐཱ། 5

5
ཡེ་ཤུ་ཡིས་རི་རུ་ཆོས་བཤད་པ།
(ལུ་ཀ། ༦:༢༠-༢༣)
1མི་ཚོགས་ལ་གཟིགས་ཏེ་ཡེ་ཤུ་རི་ལ་ཕེབས་པ་ལགས། དེ་ནས་འོ་དུ་རུ་བཞུགས་ཏེ་ཁོང་པ་ཡི་ཉེ་གནས་ཀྱ་ཁོང་པ་ཡི་དྲུང་དུ་འོངས་བ་ལགས། 2དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་ཆོས་གནང་ང་མཛད་དེ་གསུངས་བ་ལགས།
3སེམས་ལ་དབུལ་སྤྲེ་འོད་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ནམ་མཁའི་རྒྱལ་སྲིད་ཁོང་ཀྱ་ཡི་ལགས།
4སེམས་སྡུག་མྱངས་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་སེམས་གསོ་འཐོབ་ཀྱི་ལགས།
5ཉམ་ཆུང་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ཁོང་ཀྱ་ས་གཞིའི་བདག་པོ་འབྱུང་གི་ལགས།
6དྲང་བདེན་གྱི་ཕྱིར་ལ་ལྟོགས་མཁན་དང་སྐོམ་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡི་འདོད་པ་ཁང་གི་ལགས།
7སྙིང་རྗེ་ཅན་གྱི་མི་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་སྙིང་རྗེ་འཐོབ་ཀྱི་ལགས།
8སེམས་དག་པ་འོད་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་དཀོན་མཆོག་ལ་མཇལ་གྱི་ལགས།
9མཐུན་འགྲིག་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ཁོང་ཀྱ་དཀོན་མཆོག་གི་སྲས་དང་སྲས་མོ་སྨྲས་རེ་འབོད་ཀྱི་ལགས།
10དྲང་བདེན་གྱི་ཕྱིར་ལ་སྡུག་པོ་མྱངས་མཁན་ཀྱ་གིན་གྱི་བྱིན་རླབས་ཆེ་ལེ།
གི་བྱས་རེ་སྨྲ་ན་ནམ་མཁའི་རྒྱལ་སྲིད་ཁོང་ཀྱ་ཡི་ལགས།
11ངའི་དོན་དུ་ཁྱེད་ཀྱ་ལ་མི་ཀྱ་ཡིས་དམའ་བེབས་བཏང་ཡས་དང་། སྡུག་པོ་བཏང་ཡས་དང་། ཁྱོའི་སྐོར་ལ་ཟོག་བཤད་དེ་ཚིག་ངན་པ་སྣ་ཚོགས་ཀྱ་སྨྲིས་གང་ལ་ཁྱེད་ཀྱ་གིན་གྱི་བྱིན་རླབས་ཆེ། 12ནམ་མཁའི་ཞིང་ཁམས་དུ་ཁྱེད་ཀྱ་ཡི་ཕྱིར་ལ་བྱ་དགའ་ཆེ་འོད་ད་ལགས། འོ་བྱས་རེ་དགའ་དགའ་སྐྱིད་སྐྱིད་བྱེད། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཨེན་ལ་འོད་ཀྱིན་མངོན་ཤེས་མཁན་ཀྱ་ལ་ཁོང་ཀྱ་ཡིས་དེ་རེ་རང་བྱས་རེ་སྡུག་པོ་བཏང་བ་ལགས།
ཚྭ་དང་འོད་ཀྱི་དཔེ།
(མར་ཀུ། ༩:༥༠; ལུ་ཀ། ༡༤:༣༤-༣༥)
13ཁྱེད་ཀྱ་འཇིག་རྟེན་གྱི་ཚྭ་ལགས། ཡིན་ནའང་ཚྭའི་བྲོ་བ་གོ་ཡལ་ན། གང་གི་བྱས་རེ་ལྡབ་ལེ་ཚྭ་བྲོ་བ་བཟོ་ཡས། འོ་དེ་ཕི་ལ་གཡུག་སྟེ་མིའི་རྐང་པའི་འོག་ལ་གླེམ་ཡས་མ་ན། གཞན་མ་གི་ལ་ཕན་མེད་ཐོག་བ་ལགས།
14ཁྱེད་ཀྱ་འཇིག་རྟེན་གྱི་འོད་ལགས། རི་ཁར་ལ་ཆགས་ཀྱིན་ཡུལ་འདི་སྦ་མི་ཐུབ་བ་ལགས། 15དེ་ནས་ཀྱུང་སྤར་ཏེ་འོ་དེ་ལ་སུས་འང་ཁ་བཀབ་སྟེ་མེད་བཞག་ལགས། ཡིན་ནའང་ནང་དུ་འོད་མཁན་གི་རི་ལ་འོད་སྟེར་ཡས་ཀྱི་ཕྱིར་ལ་རྟག་རྟག་ལ་བཞག་ལགས། 16དེ་རེ་བྱས་རེ་རང་ཁྱེད་ཀྱ་ཡི་ལས་བཟང་གོ་མི་ཀྱ་ཡིས་མཐོང་རེ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་ཀྱི་ཡབ་ལ་བསྟོད་པ་འབུལ་ཡས་ལ། ཁྱེད་ཀྱ་ཡི་འོད་མི་ཀྱ་ཡི་གདོང་དུ་ཤར་དུ་ཆུག
མངོན་ཤེས་མཁན་ཀྱ་དང་ཆོས་ཁྲིམས་ཀྱི་སྐོར།
(ལུ་ཀ། ༡༦:༡༧)
17ང་ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ལ་གཏོར་བཤིག་བཏང་དུ་འོངས་བ་ལགས་སྨྲས་རེ་མ་བསམ། ང་གཏོར་བཤིག་བཏང་དུ་འོངས་བ་མིན། ཡིན་ནའང་འོ་དེ་སྒྲུབ་ཏུ་བཅུག་ཡས་ལ་འོངས་བ་ཡིན། 18ང་ཁྱེད་ཀྱ་ལ་བདེན་པ་སྨྲ་ཡིན། གནམ་ས་གཉིས་ཡལ་རེ་མེད་འགྲོ་གིན་ཐུག་པའི། ཆོས་ཁྲིམས་གི་རི་མ་སྒྲུབ་པ་ཆོས་ཁྲིམས་ཀྱི་ཡིག་འབྲུ་གཅིག་དང་ཚེག་གཅིག་འང་ཡལ་གྱི་མ་ལགས། 19འོ་བྱས་རེ་ཆོས་ཁྲིམས་ཀྱི་ཁྲིམས་ཆུང་ཤོས་ཀྱི་ནང་ནས་གཅིག་བཅག་སྟེ་གཞན་མ་ཀྱ་ལའང་འོ་དེ་རེ་བྱེད་ཡས་ལ། སློབ་མཁན་གོ་ནམ་མཁའི་རྒྱལ་སྲིད་ནང་དུ་ཆུང་ཤོས་བརྩི་གི་ལགས། ཡིན་ནའང་ཆོས་ཁྲིམས་ཀྱི་བཀའ་གི་རི་སྲུང་མཁན་དང་གཞན་མ་ཀྱ་ལའང་འོ་དེ་རེ་བྱེད་ཡས་ལ་སློབ་མཁན་གོ་ནམ་མཁའི་རྒྱལ་སྲིད་དུ་ཆེ་བརྩི་གི་ལགས། 20གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྱེད་ཀྱ་ཡི་དྲང་བདེན་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ནས་ལྷག་མེད་ན། ཁྱེད་ཀྱ་ནམ་མཁའི་རྒྱལ་སྲིད་དུ་ནམ་མའང་མི་ཆུད་ཀྱི་ལགས།
ཁོང་ཁྲོའི་སྐོར་ལ།
21དང་པའི་མི་ཀྱ་ལ་དེ་རེ་སྨྲ་གིན་ཁྱེད་ཀྱ་ཡིས་གོ་འོད་ད་ལགས། མི་མ་སོད། དེ་ནས་མི་བསད་མཁན་ཀྱ་ལ་ཁྲིམས་ཕོག་གི་ལགས།#སྡེབ་ཐོན། ༢༠:༡༣; བཀའ་ཁྲིམས། ༥:༡༧ 22ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། རང་གི་སྤུན་མུ་ལ་ཁྲོ་གིན་གི་རི་ལ་ཁྲིམས་ཕོག་གི་ལགས། དེ་ནས་རང་གི་སྤུན་ལ་དམའ་འབེབས་བཏང་མཁན་ལ་ཚོགས་ཆེན་གྱི་གདོང་དུ་ཁྲིམས་ཕོག་གི་ལགས། དེ་ནས་གཞན་མ་ཀྱ་ལ་ཁྱོད་ཕན་མེད་ཐོག་གིན་གོལ་ལོ་བཱ་སྨྲ་གིན་ཀྱ་མེའི་དམྱལ་བ་ཁོག་ལ་འགྲོ་ཡས་ཀྱི་ཉེན་ཁ་འོད་ད་ལགས།
23འོ་བྱས་རེ་ཁྱོད་ཁྱེད་རི་མཆོད་པ་མཆོད་ཁྲི་རུ་འབུལ་ལི་གང་ལ། ཁྱོའི་སྤུན་ཁྱོའི་མུ་ལ་ཁྲོས་རེ་བསྡད་ད་གོ་དྲན་ན། 24ཁྱོད་རི་མཆོད་པ་མཆོད་ཁྲིའི་གདོང་དུ་བཞག་སྟེ་སོང་། དེ་ནས་ཨེན་ལ་ཁྱེད་རི་སྤུན་མུ་ལ་མཐུན་ལམ་བྱེད། དེ་ནས་འོང་རེ་ཁྱེད་རི་མཆོད་པ་ཕུལ།
25ཁྱོད་ལ་སྐྱོན་འཛུགས་མཁན་མུ་ལ་ཁྲིམས་ཁང་དུ་འགྲོའི་གང་ལ། ལམ་ཁ་རུ་རང་ཁོའི་མུ་ལ་ལམ་སང་མཐུན་འགྲིག་བྱེད། དེ་རེ་མེད་བྱེད་ན་ཁོས་ཁྱོད་ལ་ཁྲིམས་དཔོན་གྱི་ལག་པ་ལ། དེ་ནས་ཁྲིམས་དཔོན་གྱིས་ཁྱོད་ལ་བཙོན་ཁང་དུ་བཅུག་ཡས་ལ་དམག་མིའི་ལག་ཀ་ལ་རྩི་བརྒྱབ་ཀྱི་ལགས། 26ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། མཐའི་སྒོར་མོ་གཅིག་དེའང་མ་འཇང་གིན་ཐུག་པའི་ཁྱོད་དེ་ནས་ཐར་གྱི་མ་ལགས།
ལོག་གཡེམ་དང་ནང་ཚང་ཁ་འབྲལ་གྱིན་གྱི་སྐོར་ལ།
27དེ་རེ་སྨྲ་གིན་ཁྱེད་ཀྱ་ཡིས་གོ་འོད་ད་ལགས། ལོག་གཡེམ་མ་བྱེད།#སྡེབ་ཐོན། ༢༠:༡༤ 28ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདོད་ཆགས་ཀྱི་སེམས་ནས་བུ་མོ་གཅིག་ལ་ལྟ་ན། ཁོས་ཁོ་རི་སེམས་ནང་དུ་རང་བུ་མོ་འདི་མུ་ལ་ལོག་གཡེམ་བྱས་ཚར་བ་ལགས། 29ཁྱོའི་མིག་གཡས་ཀྱིས་ཁྱོད་ལ་སྡིག་པ་བྱེད་དུ་བཅུག་ན། མིག་དེ་བཏོན་ཏེ་གཡུག གི་བྱས་རེ་སྨྲ་ན་ལུས་གང་ཚང་འཁྱེར་ཏེ་དམྱལ་བ་རུ་གཡུག་ཡས་ལས་ཁྱོའི་ལུས་ཀྱི་དུམ་བུ་གཅིག་ཤོར་ན་དགའ་ལགས། 30དེ་ནས་ཁྱོའི་ལག་པ་གཡས་ཀྱིས་ཁྱོད་ལ་སྡིག་པ་བྱེད་དུ་བཅུག་ན། ལག་པ་དེ་བཅད་དེ་གཡུག གི་བྱས་རེ་སྨྲ་ན་ལུས་གང་ཚང་འཁྱེར་ཏེ་དམྱལ་བ་རུ་གཡུག་ཡས་ལས་ཁྱོའི་ལུས་ཀྱི་དུམ་བུ་གཅིག་ཤོར་ན་དགའ་ལགས།
31དེ་རེའང་སྨྲས་འོད་ད་ལགས། རང་གི་སྐྱེས་དམན་ནས་ཁ་འབྲལ་ཡས་ཡིན་ན། ཁོས་མོ་ལ་ཁ་འབྲལ་གྱིན་ཡིག་གཅིག་སྟེར་དགོས་གུ་ལགས།#བཀའ་ཁྲིམས། ༢༤:༡ 32ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདོད་ལོག་གི་དོན་དག་མ་ན། གཞན་མ་དོན་དག་ཀྱ་ཡིས་བྱས་རེ། རང་གི་སྐྱེས་དམན་མུ་ལ་ཁ་འབྲལ་མཁན་གྱིས་མོ་ལ་ལོག་གཡེམ་བྱེད་དུ་བཅུག་བ་ལགས། དེ་ནས་ཁ་འབྲལ་མཁན་བུ་མོ་འདིའི་མུ་ལ་མནའ་མ་ལེན་མཁན་གྱིས་འང་ལོག་གཡེམ་བྱེད་ད་ལགས།
མནའ་བསྐྱལ་ཡས་ཀྱི་སྐོར།
33ཡང་ད་དང་པོ་མི་ཀྱ་ལ་དེ་རེ་སྨྲ་གིན་གོ་ཁྱེད་ཀྱ་ཡིས་གོ་འོད་ད་ལགས། མནའ་ཟོག་པོ་མ་བསྐྱལ། ཡིན་ནའང་གཙོ་བོ་མུ་ལ་མནའ་བསྐྱལ་གྱིན་གོ་སྒྲུབ་ཏུ་ཆུག 34ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། མནའ་ནམ་མའང་མ་བསྐྱལ། དེ་ནས་ནམ་མཁའི་ཞིང་ཁམས་དཔང་པོ་བཅུག་སྟེ་མནའ་མ་བསྐྱལ། གི་བྱས་རེ་སྨྲ་ན་ནམ་མཁའི་ཞིང་ཁམས་འདི་དཀོན་མཆོག་གི་བཞུགས་ཁྲི་ལགས། 35ཡང་ན་ས་གཞི་དཔང་པོ་བཅུག་སྟེ་མནའ་མ་བསྐྱལ། གི་བྱས་རེ་སྨྲ་ན་ས་གཞི་འདི་ཁོང་པ་ཡི་ཞབས་སྟེགས་ལགས། ཡང་ན་ཡེ་རུ་ཤ་ལེམ་དཔང་པོ་བཅུག་སྟེ་མནའ་མ་བསྐྱལ། གི་བྱས་རེ་སྨྲ་ན་འདི་རྒྱལ་བོ་ཁག་ཆེའི་#༥:༣༥ དཀོན་མཆོག།རྒྱལ་ས་ལགས། 36དེ་ནས་ཁྱོས་རང་གི་མགོ་དཔང་པོ་བཅུག་སྟེ་མནའ་མ་བསྐྱལ། གི་བྱས་རེ་སྨྲ་ན་ཁྱོས་ཁྱེད་རི་མགོ་བའི་སྐྲ་རྐང་གཅིག་འང་དཀར་བོ་ཡང་ན་ནག་པོ་བཟོ་མི་ཐུབ་བ་ལགས། 37ཁྱོས་བཤད་ཀྱིན་གོ་ཡིན་ན་ཡིན། མིན་ན་མིན་འབྱུང་དགོས་གུ་ལགས། དེ་ལས་ལྷག་འོང་གིན་ཀྱ་ངན་པ་གོ་ནས་འོང་ང་ལགས།
དགྲ་ཤ་ལེན་ཡས་ཀྱི་སྐོར་ལ།
(ལུ་ཀ། ༦:༢༩-༣༠)
38དེ་རེ་སྨྲ་གིན་གོ་ཁྱེད་ཀྱ་ཡིས་གོ་འོད་ད་ལགས། མིག་གི་ཚབ་ལ་མིག དེ་ནས་སོའི་ཚབ་ལ་སོ།#སྡེབ་ཐོན། ༢༡:༢༤; བཀའ་ཁྲིམས། ༡༩:༢༡; ལེ་ཝི། ༢༤:༢༠ 39ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། མི་ངན་པ་ལ་གདོང་ལེན་མ་བྱེད། ཁྱོའི་འགྲམ་པ་གཡས་ལ་འགྲམ་ལྕག་གཞུ་མཁན་གོ་ལ་འགྲམ་པ་གཞན་མ་གོའང་སྟོན། 40ཁྱོད་ལ་ཁྲིམས་བཅད་ཡས་ལ་ཁྲིད་དེ་ཁྱོའི་ནང་གོས་འཁྱེར་ཡས་བྱེད་མཁན་གོ་ལ་ཁྱོའི་ཕྱི་གོས་གོའང་སྟེར། 41ཁྱོད་ལ་མི་ཏར་སྟོང་གཅིག་འགྲོ་ཡས་ལ་ཨུ་ཚུགས་བྱེད་མཁན་གོའི་མུ་ལ་མི་ཏར་སྟོང་གཉིས་སོང་། 42ཁྱོད་ནས་ཞུས་མཁན་གོ་ལ་སྟེར། དེ་ནས་ཁྱོད་ནས་སྐྱི་ཉིད་འདོད་མཁན་ཀྱ་ནས་རྒྱབ་མ་ལོག
དགྲ་ལ་བརྩེ་བ་བྱེད།
(ལུ་ཀ། ༦:༢༧-༢༨,༣༢-༣༦)
43དེ་རེ་སྨྲ་གིན་ཁྱེད་ཀྱ་ཡིས་གོ་འོད་ད་ལགས། ཁྱེད་རི་ཁྱིམ་མཚེས་ལ་བརྩེ་བ་བྱེད།#ལེ་ཝི། ༡༩:༡༨ དེ་ནས་ཁྱེད་རི་དགྲ་ལ་སྡང་ང་བྱེད། 44ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། རང་གི་དགྲ་ཀྱ་ལ་བརྩེ་བ་བྱེད། དེ་ནས་ཁྱོད་ལ་གནོད་བསྐྱལ་མཁན་ཀྱ་ཡི་དོན་དུ་གསོལ་བ་འདེབས། 45དེ་རེ་བྱེད་ན་ཁྱེད་ཀྱ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་རི་ཡབ་ཀྱི་སྲས་དང་སྲས་མོ་འབྱུང་གི་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་མི་ངན་པ་དང་བཟང་པོ་གཉིས་ཀ་ར་ལ་རང་གི་ཉི་མ་ཤར་དུ་བཅུག་བ་ལགས། དེ་ནས་དྲང་པོ་དང་མེད་དྲང་ང་གཉིས་ཀ་རའི་ཁར་ལ་ཆར་པ་པབ་བ་མཛད་ད་ལགས། 46རང་ལ་བརྩེ་བ་བྱེད་མཁན་ལ་གཅིག་ཀ་བརྩེ་བ་བྱེད་ན། ཁྱོད་ལ་བྱ་དགའ་གི་ཐོབ་ཀྱི་ལགས་སེ། ཁྲལ་སྡུད་མཁན་ཀྱའང་དེ་རེ་རང་མི་བྱེད་དག་བའི། 47དེ་ནས་རང་གི་སྤུན་ཀྱ་ལ་གཅིག་ཀ་འཚམས་འདྲི་ཞུས་ན། ཁྱོས་མི་གཞན་མ་ནས་ལྷག་གི་བྱེད་འདིག་སེ། དད་པ་མི་བྱེད་མཁན་ཀྱ་ཡིས་འང་དེ་རེ་རང་མི་བྱེད་དག་བའི། 48འོ་བྱས་རེ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱོའི་ཡབ་ཕུན་སུམ་ཚོགས་པ་འོད་ཀྱིན་ཅོག་རེ། ཁྱོད་འང་ཕུན་སུམ་ཚོགས་པ་འབྱུང་དགོས་གུ་ལགས།།

موجودہ انتخاب:

མད་ཐཱ། 5: LOY

سرخی

شئیر

کاپی

None

کیا آپ جاہتے ہیں کہ آپ کی سرکیاں آپ کی devices پر محفوظ ہوں؟ Sign up or sign in

YouVersion آپ کے تجربے کو ذاتی بنانے کے لیے کوکیز کا استعمال کرتا ہے۔ ہماری ویب سائٹ کا استعمال کرتے ہوئے، آپ ہماری کوکیز کے استعمال کو قبول کرتے ہیں جیسا کہ ہماری رازداری کی پالیسیمیں بیان کیا گیا ہے۔