མད་ཐཱ། 1
1
ཡེ་ཤུའི་གདུང་རྒྱུད།
(ལུ་ཀ། ༣:༢༣-༣༨)
1ཨབ་ར་ཧམ་གྱི་བརྒྱུད་པ་རྒྱལ་བོ་དཱ་བིད་ཀྱི་བརྒྱུད་པ་ཡེ་ཤུ་མཱ་ཤི་ཀའི་གདུང་རྒྱུད་ནི།
2ཨབ་ར་ཧམ་ནི་ཨི་སཱག་གི་ཨ་རྒས། ཨི་སཱག་ནི་ཡ་ཀོབ་ཀྱི་ཨ་རྒས། དེ་ནས་ཡ་ཀོབ་ནི་ཡ་ཧུ་དཱ་དང་ཁོའི་སྤུན་ཀྱ་ཡི་ཨ་རྒས།
3ཡ་ཧུ་དཱ་ནི་ཕ་རེས་དང་ཟ་ར་ཡི་ཨ་རྒས་ལགས། ཁོང་ཀྱ་ཡི་ཨ་མ་ཐ་མཱར་ལགས། ཕ་རེས་ཧེ་ཟི་རོན་གྱི་ཨ་རྒས། དེ་ནས་ཧེ་ཟི་རོན་ནི་ཨ་རམ་གྱི་ཨ་རྒས།
4ཨ་རམ་ནི་ཨ་མི་ན་དབ་ཀྱི་ཨ་རྒས། ཨ་མི་ན་དབ་ནི་ན་ཧ་ཤོན་གྱི་ཨ་རྒས། དེ་ནས་ན་ཧ་ཤོན་ནི་སལ་མོན་གྱི་ཨ་རྒས་ལགས།
5སལ་མོན་གོ་ར་ཧབ་ནས་བྱུང་བྱ་བོ་ཨ་ཟའི་ཨ་རྒས། དེ་ནས་བོ་ཨ་ཟ་གོ་རུད་ནས་བྱུང་བྱ་ཨོ་བེད་ཀྱི་ཨ་རྒས། དེ་ནས་ཨོ་བེད་ནི་ཡེ་སེའི་ཨ་རྒས།
6དེ་ནས་ཡེ་སེ་ནི་རྒྱལ་བོ་དཱ་བིད་ཀྱི་ཨ་རྒས། དེ་ནས་དཱ་བིད་གོ་ཨུ་རི་ཡཱའི་ཡུག་ཟ་མ་ནས་བྱུང་བྱ་སོ་ལོ་མོན་གྱི་ཨ་རྒས།
7དེ་ནས་སོ་ལོ་མོན་ནི་རེ་ཧབ་ཨམ་གྱི་ཨ་རྒས། རེ་ཧབ་ཨམ་ནི་ཨ་བི་ཡཱའི་ཨ་རྒས། དེ་ནས་ཨ་བི་ཡཱ་ནི་ཨ་སཱའི་ཨ་རྒས།
8ཨ་སཱ་ནི་ཡེ་ཧོ་ཤ་ཕད་ཀྱི་ཨ་རྒས། ཡེ་ཧོ་ཤ་ཕད་ནི་ཡོ་རམ་གྱི་ཨ་རྒས། དེ་ནས་ཡོ་རམ་ནི་ཨུ་ཟི་ཡཱའི་ཨ་རྒས།
9ཨུ་ཟི་ཡཱ་ནི་ཡོ་ཐམ་གྱི་ཨ་རྒས། ཡོ་ཐམ་ནི་ཨ་ཧ་ཟའི་ཨ་རྒས། དེ་ནས་ཨ་ཧ་ཟ་ནི་ཧེ་ཟི་ཀི་ཡཱའི་ཨ་རྒས།
10ཧེ་ཟི་ཀི་ཡཱ་ནི་མཱ་ན་ཤེའི་ཨ་རྒས། མཱ་ན་ཤེ་ནི་ཨ་མོན་གྱི་ཨ་རྒས། དེ་ནས་ཨ་མོན་ནི་ཡོ་ཤི་ཡཱའི་ཨ་རྒས་ལགས།
11ཡ་ཧུ་དཱ་པ་མི་རིགས་ལ་བཱ་བི་ལོན་དུ་བུད་དེ་བཏང་གིན་དུས་ཀྱི་ཨེན་ལ་ཡོ་ཤི་ཡཱ་ནས་ཡེ་ཀོན་ནི་ཡཱ་དང་ཁོའི་ནུ་བོ་ཀྱ་བྱུང་བ་ལགས།
12བཱ་བི་ལོན་དུ་ཁྲིད་དེ་ཞུག་ལ་ཡེ་ཀོན་ནི་ཡཱ་ནི་ཤ་ཨལ་ཐི་ཨེལ་གྱི་ཨ་རྒས་བྱུང་བ་ལགས། དེ་ནས་ཤ་ཨལ་ཐི་ཨེལ་ནི་ཟེ་རུབ་བ་བེལ་གྱི་ཨ་རྒས།
13ཟེ་རུབ་བ་བེལ་ནི་ཨ་བི་ཧུད་ཀྱི་ཨ་རྒས། ཨ་བི་ཧུད་ནི་ཨེལ་ཡ་ཀིམ་གྱི་ཨ་རྒས། དེ་ནས་ཨེལ་ཡ་ཀིམ་ནི་ཨ་ཟོར་གྱི་ཨ་རྒས།
14ཨ་ཟོར་ནི་ཟཱ་དོག་གི་ཨ་རྒས། ཟཱ་དོག་ནི་ཨ་ཀིམ་གྱི་ཨ་རྒས། དེ་ནས་ཨ་ཀིམ་ནི་ཨེ་ལི་ཧུད་ཀྱི་ཨ་རྒས།
15ཨེ་ལི་ཧུད་ནི་ཨེལ་ཨ་ཟར་གྱི་ཨ་རྒས། ཨེལ་ཨ་ཟར་ནི་མད་ཐན་གྱི་ཨ་རྒས། དེ་ནས་མད་ཐན་ནི་ཡ་ཀོབ་ཀྱི་ཨ་རྒས།
16དེ་ནས་ཡ་ཀོབ་མིར་ཡམ་གྱི་ཁྱོ་ག་ཡོ་སེབ་ཀྱི་ཨ་རྒས་ལགས། མིར་ཡམ་ནས་ཡེ་ཤུ་འཁྲུངས་བ་ལགས། དེ་ནས་ཁོང་པ་རང་མཱ་ཤི་ཀ་#༡:༡༦ མཱ་ཤི་ཀ་ དཀོན་མཆོག་གིས་བདམས་ད་གོ།སྨྲ་གིན་གོ་ལགས།
17དེ་རེ་བྱས་རེ་ཨབ་ར་ཧམ་ནས་དཱ་བིད་ཐུག་པའི་མི་རབས་བཅུ་བཞི། དཱ་བིད་ནས་བ་བི་ལོན་དུ་ཁྲིད་དེ་བཞག་གིན་ཐུག་པའི་མི་རབས་བཅུ་བཞི། དེ་ནས་བཱ་བི་ལོན་ནས་མཱ་ཤི་ཀ་འཁྲུང་གིན་ཐུག་པའི་མི་རབས་བཅུ་བཞི་བྱུང་བ་ལགས།
ཡེ་ཤུ་མཱ་ཤི་ཀ་འཁྲུང་གིན་གྱི་སྐོར།
(ལུ་ཀ། ༢:༡-༧)
18ཡེ་ཤུ་མཱ་ཤི་ཀ་འཁྲུང་གིན་གྱི་སྐོར་ནི་དེ་རེ་འོད་ད་ལགས། ཁོང་པ་ཡི་ཡུམ་མིར་ཡམ་ཡོ་སེབ་མུ་ལ་སློང་ཆང་བཏང་ཚར་ཏེ། ཁོང་གཉིས་བོ་མ་འཆམ་གྱིན་ཨེན་ལ་རང་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་མིར་ཡམ་གྱི་ཕོ་བ་ལ་ཕྲུ་ཆགས་ཀྱིན་གོ་ཆ་བྱུང་བ་ལགས། 19དེ་ནས་མོའི་ཁྱོ་ག་ཡོ་སེབ་མི་དྲང་པོ་གཅིག་བྱེད་རེ། མོ་ལ་ངོ་ཚ་རུ་བཅུག་ཉིད་མ་འདོད་པ་ཁ་པ་ཁ་བྲལ་ཡས་ལ་ཐག་བཅད་པ་ལགས། 20ཡིན་ནའང་ཁོ་དེ་རེ་བསམ་བློ་བཏང་བའི་བསྡད་དེ་གང་ལ། གཙོ་བོ་དཀོན་མཆོག་གི་བང་ཆེན་གཅིག་ཁོའི་མིག་ལམ་ནང་ལ་མཇལ་རེ་དེ་རེ་གསུངས་བ་ལགས། དཱ་བིད་བརྒྱུད་པའི་ཡོ་སེབ། མིར་ཡམ་ལ་རང་གི་སྐྱེས་དམན་བཟོ་ཡས་ལ་མ་འཇིགས། གི་བྱས་རེ་སྨྲ་ན་མོའི་ལུས་ལ་གནས་ཀྱིན་འདི་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ལགས། 21མོ་ནས་སྲས་གཅིག་འཁྲུང་གི་ལགས། དེ་ནས་ཁྱོས་ཁོང་པ་ཡི་མཚན་ལ་ཡེ་ཤུ་བཏགས་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་རང་གི་མི་ཀྱ་ལ་ཁོང་ཀྱ་ཡི་སྡིག་པ་ཀྱ་ནས་སྐྱོབ་ཀྱི་ལགས།
22དེ་གི་རི་གཙོ་བོས་མངོན་ཤེས་མཁན་གྱི་ཐོག་ནས་གསུངས་ཀྱིན་འདི་སྒྲུབ་ཏུ་བཅུག་ཡས་ལ་བྱུང་བ་ལགས།
23ལྟོས་དང་། ན་ཆུང་གཙང་མ་གཅིག་ལ་ཕྲུ་ཆགས་ཏེ།
མོ་ནས་སྲས་གཅིག་འཁྲུང་གི་ལགས།
དེ་ནས་ཁོང་པ་ཡི་མཚན་ཨིམ་མ་ནུ་ཨེལ་སྨྲས་རེ་འབོད་ཀྱི་ལགས།#ཡེ་ཤ་ཡཱ། ༧:༡༤ (འདིའི་དོན་གོ་དཀོན་མཆོག་འོ་རང་མུ་ལ།)
24དེ་ནས་ཡོ་སེབ་གཉིད་སད་དེ་གཤམ་ལ་ཁོས་གཙོ་བོ་དཀོན་མཆོག་གི་བང་ཆེན་གྱིས་བཀའ་གསུངས་ཀྱིན་ཅོག་རེ་བྱས་བ་ལགས། དེ་ནས་མིར་ཡམ་མུ་ལ་མནའ་མ་ལེན་པ་ལགས། 25ཡིན་ནའང་མོ་ནས་སྲས་མ་འཁྲུང་གིན་ཐུག་པའི་ཁོ་མོའི་མུ་ལ་མ་འབྲེལ་བ་ལགས། དེ་ནས་ཁོས་སྲས་ཀྱི་མཚན་ལ་ཡེ་ཤུ་བཏགས་པ་ལགས།།
தற்சமயம் தேர்ந்தெடுக்கப்பட்டது:
མད་ཐཱ། 1: LOY
சிறப்புக்கூறு
பகிர்
நகல்
உங்கள் எல்லா சாதனங்களிலும் உங்கள் சிறப்பம்சங்கள் சேமிக்கப்பட வேண்டுமா? பதிவு செய்யவும் அல்லது உள்நுழையவும்
© 2023, Wycliffe Bible Translators, Inc. and Nepal Bible Society