Chapa ya Youversion
Ikoni ya Utafutaji

ལུ་ཀཱ། 24

24
ལེའུ་ཉི་ཤུ་རྩ་བཞི།
ཡེ་ཤུ་​གྲོངས་ཏེ་​ཡང་​དང་སྐུ་གསོན་བྱུང་བ།
1དེ་ནས་​གཟའ་​ཉི་མའི་​སྔ་རོག་​སྔ་མོ་​ནས་​བུ་མའ་དེ་ཀྱ་ཀྱིས་སྤོས་​དྲི་མ་​ཞིམ་རི་ཞིམ་ཚད་​དེ་ཀྱ་ཁྱེར་ཏེ། ཁོང་​གི་​སྐུ་ཕུང་​བོར་འོད་ཡོད་​བྲག་ཕུག་​ལེ་​བུད་ཕེན། 2བྲག་ཕུག་​གི་​སྒོ་​ལེ་​བཀག་​སྟེ་བོར་​འོད་ཡོད་​རྡོ་ཕོང་གན་​ཆེན་པོ་​དེ་ཟང་། ཕ་​ལེ་འཕུལ་​ཚར་ཏེ་​སྒོ་​གདང་ངེ་​འོད་​དི་​མཐོང་པི་མ་ཟད། 3བུ་མའ་​དེ་​ཀྱ་​བྲག་ཕུག་​ནང་​ལེ་​འཛུལ་​འགྲོ་​རྒྱ། ཇོ་བོ་​ཡེ་ཤུའི་​སྐུ་ཕུང་​འདི་རུ་​མེད་​དི་​མཐོང་​པི་དིག 4དེ་ནས་ཁོང་ཀྱ་ཀྱིས་ཅི་གི་ཡིན་ནི་ཟིན་ཐེ་ཚོམ་​སྐྱེས་རྒྱ། ཧོབ་ཏེ་ཁ་ལེ་འོད་དངས་ཅན་གྱི་གོས་​དཀར་པོ་གྱོན་​པའི་མི་​གཉིས་​བུ་མའ་​དེ་ཀྱ་ཀྱི་​མདུན་​ལེ་མངོན་སུམ་སླེབས་པི་དིག 5དེ་ནས་བུ་མའ་​དེ་​ཀྱ་​འཇུ་གུ་​འཁྱར་​ཏེ། མགོ་མར་བསྒུར་བསྒུར་བྱས་ཕེན། མི་དེ་གཉིས་​ཀྱིས་བུ་མའ་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ཅི་ལེ་གསོན་པོ་​ཡིན་མཁན་ཁོང་། གཤིན་པོའི་​ཁྲོད་དུ་​འཚོལ་​ལི་​ཡིན་དོ། 6ཁོང་​སྐུ་​གསོན་པོ་ལེ་​བཞེངས་​ཏེ་​འདི་རུ་​མེད། དེ་​སྔོན་ཁོང་ག་ལིལ་ལུང་པ་ལེ་​བཞུགས་​གནང་རྒྱ། 7ཁོང་​གིས་​མིའི་​བི་ས་​ནི་མི་སྡིག་ཅན་ཀྱ་ཀྱི་ལག་​ཏུ་​གཏོད་​དི་མ་ཟད། མི་དེ་​ཀྱ་​ཀྱིས་​ཁོང་རང་གདུང་མ་ཀུ་རུ་ཁ་ལེ་​བརྒྱངས་​ཏེ་​གསོད་​ཀྱི་​དིག ཡིན་ནའང་​། ཉིན་​གསུམ་པ་​ལེ་​ཁོང་རང་​ཡང་དང་གསོན་པོ་​ལང་​གྱི་དིག་​ཟིན་གསུངས་​པི་དེ་​མི་​དྲན་​འདུག་​གས་​ཟིན་སྨྲས་​པི་དིག 8དེ་ནས་བུ་མའ་​དེ་ཀྱ་​ཀྱིས་ཡེ་ཤུས་གསུངས་​པི་​དེ་​དྲན་​པ་སད་ཕེན། 9དུར་ཁང་ནས་ཕ་ལེ་ལོག་​ཕྱིན་​ཏེ། གནས་ཚུལ་​དེ་​སློབ་མ་​བཅུ་གཅིག་​ཀྱ་དིང་། རྗེས་​འབྲང་པ་​ཀྱ་​ལེ་​བཤད་​དི་​དིག 10གནས་ཚུལ་དེ་སྐུ་ཚབ་ཀྱ་ལེ་ཤོད་​མཁན་དེ་​ཀྱ་ནི། མག་དལ་​གྱི་​མིར་ཡམ་​དིང་། ཡོ་ཨ་ནཱ། ཡ་ཀོབ་​ཀྱི་​ཡུམ་​མིར་ཡམ་​དེ་​ཀྱ་​ཡིན་​དིག ཡང་དེ་མིན་པ་​བུ་མའ་​གཞན་མ་ཁ་ཤས་ཟང་​འོད་དིག 11ཡིན་ནའང་​། སྐུ་ཚབ་ཀྱ་​ཀྱིས་​ལབ་​དེ་​འཆོལ་​གཏམ་ཞིག་​ཡིན་དིག་​བསམ་སྟེ་​ཡིད་​ཆེས་​མ་བྱས་པི་​དིག 12ཡིན་ནའང་​། པེ་ཏྲོ་​ཁོ་རང་ཡེ་ཤུའི་ཕུང་པོ་བོར་འོད་ཡོད་​བྲག་ཕུག་​ལེ་བརྒྱུགས་ཤར་​བཏང་​སྟེ་བུད་དི་དིག དེ་ནས་དེ་རུ་སླེབས་ཕེན་ཁོས་མགོ་མར་བསྒུར་བསྒུར་བྱས་ཏེ་བྲག་ཕུག་​ནང་​ལེ་​བལྟས་ཕེན ཁོང་​གི་​སྐུ་ཕུང་​ལེ་​བཏུམས་​པའི་​འབུ་རས་​དེ་པ་རྐྱང་མཐོང་​ཕེན། ངོ་མཚར་​སྐྱེས་​ཏེ་​རང་གི་​ནང་​ལེ་​ལོག་པི་​དིག
ཡེ་ཤུས་རང་མངོན་སུམ་སློབ་མ་གཉིས་ལེ་བསྟན་པ​།
13ཡང་​ཉིན་མ་​དེ་​རང་ལེ། ཁོང་གི་རྗེས་​འབྲང་པ་ཀྱ་​ནང་​ནས་​མི་​གཉིས་​ཡེ་རུ་ས་གླིང་​རྒྱལ་ས་​ནས་​རྒྱང་ཐག་ཆུ་ཚོད་​གཉིས་​ཚོད་འགོར་རི་​ཨེ་མ་ཨུ་​ཟེར་རི་ཡུལ་ལེ་​འགྲོ་​འོད་དིག 14ཡང་ཁོ་གཉིས་ཀྱིས་ལམ་ལེ་ཡེ་ཤུ་ལེ་དོན་ཅི་བྱུང་བ་དེའི་སྐོར་ཀྱ་ལེ་​ལབ་གླེང་བགྱིད་རྒྱ། 15ཡེ་ཤུ་​མངོན་སུམ་དུ་​ཁོ་གཉིས་ཀྱི་​སྐྱེན་​ལེ་​ཕེབས་​པི་དིག 16ཡིན་ནའང་​། ཡེ་ཤུས་རང་སུ་​ཡིན་དི་​ཁོ་གཉིས་ལེ་ངོ་ཤེས་རུ་མ་བཅུག་པི་དིག 17ཡང་ཡེ་ཤུས་ཁོ་གཉིས་​ལེ། ཁྱེད་​གཉིས་ལམ་ལེ་​འགྲོ་རྒྱ། གནས་​ཚུལ་​ཅིའི་​སྐོར་​ལེ་ལབ་གླེང་བགྱིད་དི​་ཡིན་དོ་​ཟིན་​དྲིས་​ཕེན། ཁོ་གཉིས་​ཀྱིས་སྐྱོ་སྣང་གི་རྣམ་འགྱུར་བསྟན་ཏེ་​ལངས་​བསྡད་​དི་​དིག 18ཡང་ཁོ་​གཉིས་​ནང་​ནས་​ཀཱ་ལོ་ཕུ་​ཟེར་​མཁན་ཁོས་ཁོང་ལེ། ཡེ་རུ་ས་གླིང་​རྒྱལ་སའི་​ནང་​ལེ་གནས་ཚུལ་​ཅི་​བྱུང་པི་དེའི་སྐོར་ལེ་ཧ་​མི་​གོ་​མཁན་དེ་ནི། ཁྱོད་རང་པ་རྐྱང་ཡིན་དིག་ཟིན་སྨྲས་པི་དིག 19དེ་ནས་ཡེ་ཤུས་​ཁོ་གཉིས་ལེ། གནས་ཚུལ་​ཅི་​བྱུང་པི་གོ་​ཟིན་དྲིས་ཏེ། ཁོ་​གཉིས་​ཀྱིས་ནཱ་ཙ་རེལ་​གྱི་​ཡེ་ཤུའི་​སྐོར་​ལེ་ཡིན་དིག ཁོང་​རང་ནི་ལུང་སྟོན་པ་ཞིག་ཡིན་དི་མ་ཟད། དཀོན་མཆོག་​དིང་​མི་​ཡེ་རེའི་​མདུན་​དུ་​ཁོང་​གིས་གསུངས་པའི་བཀའ་​དིང་​། ཁོང་གིས་མཛད་པའི་ཕྱག་ལས་​དེ་​ཀྱ་​ནི་ནུས་མཐུ་​ཅན་ཞིག་​ཡིན་དིག 20ཡིན་ནའང་། མཆོད་པ་འབུལ་མཁན་ཀྱ་དིང་། ཉེད་ཀྱ་ཀྱི་​དཔོན་རིགས་​ཀྱིས་​ཁོང་​ལེ་སྲོག་ཁྲིམས་གཏོང་​ཆེད་དུ། རོ་མཱའི་སྤྱི་དཔོན་གྱི་​ལག་​ལེ་​གཏད་​དི་རྗེས་ལེ། ཁོང་​གདུང་མ་ཀུ་རུ་ཁ་ལེ་བརྒྱངས་​ཏེ་​བསད་​དི་​དིག 21ཡིན་ནའང་​། ཉེད་​ཀྱ་​སྔོན་མ་​ནས་​ཕེན་​ཁོང་​རང་​ནི། ཡི་སི་ར་ཨེལ་གྱི་སྐྱོབ་གནང་​མཁན་​དེ་​ཡིན་དི་རེ་བ་​བྱས་​པི་​ཡིན། ཡང་གནས་ཚུལ་​དེ་​ཡེ་རེ་​བྱུང་​སྟེ་​ཉིན་མ་​གསུམ་​འགྲོ་འོད་དིག 22ཉེད་ཀྱ་ཀྱི་སྐྱེན་​ལེ་​འོད་ཡོད་​བུ་མའ་​ཁ་ཤས་​ཞིག་གིས་​སྔ་རོག་སྔ་མོ་ནས་​ཁོང་​གི་​སྐུ་ཕུང་​བོར་​ས་​ལེ་འགྲོ་རྒྱ། 23ཁོང་​གི་​སྐུ་ཕུང་​བྲག་ཕུག་​དེའི་ནང་​ལེ་​མེད་དི་མཐོང་པི་མ་ཟད། ཁོང་ཀྱ་ལེ་དཀོན་མཆོག་​གི་ཕོ་ཉ་མངོན་སུམ་མཇལ་ཏེ། ཁོང་​སྐུ་​གསོན་​པོ་​བཞེངས་​ཏེ་​འདི་རུ་མེད་​དིག་ཟིན་​གསུངས་བྱུང་ཟིན་ཉེད་ཀྱ་ལེ་སྨྲས་བྱུང་། དེ་ནས་ཉེད་ཀྱ་ཀྱིས་ཟང་གནས་ཚུལ་དེ་ལེ་ངོ་མཚར་སྐྱེས་པི་མ་ཟད། 24ཡང་ཉེད་ཀྱ་ཀྱི་ནང་​ནས་​མི་​ཁ་ཤས་​ཞིག་​གིས་​བྲག་ཕུག་​དེའི་ནང་ལེ་​ཕྱིན་​ཕེན། བུ་མའ་དེ་​ཀྱ་​ཀྱིས་​ཉེད་ཀྱ་ལེ་སྨྲས་པི་​ཅོག་འདྲ། ཁོང་ཀྱ་ཀྱིས་ཟང་ཁོང་གི་སྐུ་ཕུང་དེ་རུ་མི་འདུག་ཟིན་ཉེད་ཀྱ་ལེ་བཤད་བྱུང་ཟིན་སྨྲས་པི་དིག 25དེ་ནས་ཡེ་ཤུས་ཁོ་གཉིས་ལེ། ལུང་སྟོན་པ་​ཀྱ་​ཀྱིས་​གསུངས་པི་དེ་​ཡེ་རེ་​ལེ་​ཡིད་​ཆེས་མི་བགྱིད་​མཁན་​གླེན་པ་ཁྱེད་​གཉིས། 26སྐྱབས་མགོན་​གྱིས་​དཀའ་སྡུག་​འོ་དེ་ཅོག་འདྲ་མྱངས་ཏེ། ཁོང་རང་གཟི་བརྗིད་​ངང་​ལེ་​ཞུགས་དགོས་​འོད་​དི་ཧ་​མི་​གོ་​འདུག་​གས་​ཟིན་གསུངས་​པི་​དིག 27དེ་ནས་​ལུང་སྟོན་པ་​མོ་ཤེའི་​མདོ་​ནས་​བྱས་​ཏེ། ལུང་སྟོན་པ་​གཞན་མ་​ཀྱ་​ཀྱིས་བྲིས་པའི་མདོ་​རེ་རེ་​བྱས་ཏེ། གསུང་རབ་​ཡེ་རེའི་ནང་ལེ་རང་​གི་​སྐོར་​ལེ་​བྲིས་པའི་​ནང་​དོན་​དེ་​ཀྱ། ཁོང་གིས་ཁོ་​གཉིས་ལེ་​གསལ་པོར་​བྱས་​ཏེ་​གསུངས་​པི་​དིག
28དེ་ནས་ཁོ་​གཉིས་​འགྲོ་སའི་​ཡུལ་​གྱི་ཉེ་འགྲམ་​ལེ་སླེབས་​ཕེན། ཡེ་ཤུས་ད་རུང་​ཕར་​ཚོད་ཕེབས་མདོག་མདོག་བྱས་པི་​དིག 29ཡིན་ནའང་​། ཁོ་​གཉིས་ཀྱིས་ད་དུས་ཚོད་ཕྱི་མོ་ཡིན་དི་མ་ཟད། ཉི་མ་ནུབ་ལྷག་འདུག ཁྱེད་རང་​ཉེད་​གཉིས་​སྐྱེན་​ལེ་​བཞུགས་​དང་ཟིན་​ཨུ་ཚུགས་​བྱས་​ཏེ་​ཞུས་​ཕེན། ཡེ་ཤུ་ཁོ་གཉིས་སྐྱེན་ལེ་མི་​ཚང་​ཞིག་​གི་​ནང་​ལེ་​བཞུགས་པི་​དིག 30དེ་ནས་ཁོང་ཀྱ་སྐྱེན་ལེ་ཟ་མ་​བཟའ་​རྒྱ། ཡེ་ཤུས་སྒོར་ཕྱེ་​ཕྱག་​ལེ་​བསྣམས་​ཏེ། དཀོན་མཆོག་​ལེ་​བཀའ་དྲིན་ཆེ་​ཟིན་ཞུས་​པི་​རྗེས་​ལེ། སྒོར་ཕྱེ་དེ​་ཕྱེད་ཀ་བཏང་སྟེ་ཁོང་ཀྱ་ལེ་བགོས་ཏེ་གནང་པི་​དི་​དིག 31དེ་ནས་​ཡེ་ཤུས་རང་སུ་ཡིན་མིན་དི་ཁོ་གཉིས་ལེ་ངོ་ཤེས་དུ་འཇུག་ལོང་མེད། ཁོང་རང་མིག་མཐོང་ས་མེད་མེད་བྱུང་པི་དིག 32ཡང་ཁོ་གཉིས་​གཅིག་གིས་གཅིག་​ལེ། འུ་གཉིས་ལམ་​ལེ་​འགྲོ་​རྒྱ། ཁོང་​གིས་​འུ་གཉིས་ལེ་​བཀའ་མོལ་​གནང་​སྟེ། དཀོན་མཆོག་​གི་​གསུང་རབ་​ཀྱི་​ནང་དོན་གསལ་​བཤད་​གནང་ཕེན། འུ་​གཉིས་ཀྱི་སེམས་​པ་ཅི་གི་​དགའ་རི་​ཆེན་པོ་​བྱུང་​ངོ་ཨད་ཟིན་​འོད་དིག 33དེའི་རྗེས་ལེ་ཁོ་གཉིས་མགྱོགས་པོ་ཡར་​ལངས་​ཏེ། ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ལོག་​སྟེ། སློབ་མ་​བཅུ་གཅིག་​ཀྱ་​དིང་​། ཡང་དེ་རུ་འཛོམས་འོད་ཡོད་མི་གཞན་​མ་ཀྱ་ཀྱི་​སྐྱེན་ལེ་བསྡད་དེ། 34ཁོ་གཉིས་ཀྱིས་ཁོང་ཀྱ་ལེ་བདེན་པ་ངོ་ཐོག་ཇོ་བོ་སྐུ་​གསོན་པོ་​བཞེངས་​ཏེ། སི་མོན་​ལེ་​ཁོང་རང་མངོན་གསུམ་​བསྟན་གནང་པི་དིག་ཟིན་སྨྲས་པི་མ་ཟད། 35ཁོ་​གཉིས་​ཀྱིས་​ལམ་​ལེ་ཅི་​བྱུང་བའི་​གནས་ཚུལ་​དིང་། ཡེ་ཤུས་​སྒོར་ཕྱེ་ཕྱེད་ཀ་​བཏང་སྟེ་བགོས་གནང་རྒྱ​། ཁོང་རང་​ཡིན་​དེ་​ངོ་​ཤེས་པའི་​གནས་ཚུལ་​དེ་ཟང་ཁོང་​ཀྱ་​ལེ་སྨྲས་​པི་​དིག
ཡེ་ཤུས་རང་མངོན་སུམ་​སློབ་མ་ཀྱ་ལེ་བསྟན་གནང་བ།
36འོ་དེ་གི་ཟིན་ཁོང་​ཀྱ་​ཀྱིས་​གནས་ཚུལ་​དེ་ཤོད་​རྒྱ། ཧོབ་ཏེ་ཁ་ལེ་ཁོང་​ཀྱ་​ཀྱི་​དཀྱིལ་​ལེ་​ཡེ་ཤུ་ཕེབས་ཏེ། ཁྱེད་​ཀྱ་​ལེ་​ཞི་བདེ་​འོང་བར་ཤོག་​ཟིན་གསུངས་​པི་དིག 37ཡིན་ནའང་། ཁོང་ཀྱ་ཀྱིས་འོ་དེ་གི་མཐོང་​སྟེ། དེ་ནི་གདོན་འདྲེ་ཞིག་​ཡིན་དིག་​བསམས་​ཏེ་​འཇུ་གུ་​འཁྱར་​རི་​དིག 38ཡང་​ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་​ཀྱ་​ཅི་ལེ་​འཁྱར་སྣང་བགྱིད་དི་ཡིན་དོ། ཅི་ལེ་​ཐེ་ཚོམ་​བགྱིད་དི་ཡིན་​དོ། 39ཁྱེད་ཀྱ་ཀྱིས་​ངའི་​རྐང་ལག་​ག་ལེ་ལྟོས་​དང་། ངོ་ཐོག་​ང་རང་​ཡིན། ངའི་​གཟུགས་པོ་​ལེ་​ལག་ག་​འཇུས་​དང་། གདོན་འདྲེ་ལེ་​ཤ་​རུས་མེད་དིག་​ཟིན་གསུངས་​པི་རྗེས་ལེ། 40ཁོང་གིས་རང་གི་​རྐང་ལག་​ལེ་གཟེར་བརྒྱབ་པའི་རྨ་རྗེས་དེ་ཁོང་​ཀྱ་​ལེ་​སྟོན་པི་དིག 41དེ་ནས་ཁོང་​ཀྱ་​དགའ་རི་​ཆེན་པོ་​བྱུང་པི་རྐྱེན་གྱིས་ད་རུང་ཡིད་མ་ཆེས་ཏེ་ཡ་མཚན་ཆེན་པོ་སྐྱེས་རྒྱ། ཡེ་ཤུས་ཁོང་ཀྱ་ལེ། ཁྱེད་​ཀྱ་​ལེ་​ཟ་མ་ཅི་​འོད་​དོ་​ཟིན་གསུངས་​ཕེན། 42ཁོང་ཀྱ་ཀྱིས་​ཁོང་ལེ། མེ་​ལེ་​བསྲེག་​པའི་ཉ་ཤ་​ནས་དུམ་བུ་ཞིག་ཁོང་ལེ་ཕུལ་ཕེན། 43ཁོང་​གིས་​ཟང་ཉ་ཤ་དེ་​ཕྱག་ལེ་​བསྣམས་​ཏེ། ཁོང་ཀྱ་ཀྱི་​མིག་​མཐོང་​ས་​ལེ་​བཞེས་པི་​དིག
44དེ་ནས་​ཁོང་གིས་​ཁོང་ཀྱ་ལེ། དེ་​སྔོན་​ང་​ཁྱེད་ཀྱ་ཀྱི་​སྐྱེན་​ལེ་​སྡོད་​རྒྱ། མོ་ཤེས་བྲིས་པའི་ཆོས་ཁྲིམས་​དིང་། ལུང་སྟོན་པའི་​མདོ། གསུང་མགུར་​ཟེར་​རི་མདོ་​ནང་​ལེ། ངའི་​སྐོར་​ལེ་​བྲིས་​པི་​ཡེ་རེ་​འགྲུབ་​གྱི་​དིག་​ཟིན་​སྨྲས་པི་དེ་ནི། ད་ལྟ་འགྲུབ་པི་དིག་ཟིན་གསུང་པི་དིག 45དེ་ནས་ཁོང་གིས་དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་​ཡེ་རེའི་​དོན་​དག་རྟོགས་​ཐུབ་རྒྱུ་ཆེད་དུ། ཁོང་​ཀྱ་​ལེ་ཤེས་རྟོགས་ཀྱི་ནུས་པ་​གནང་​པི་དིག 46ཡང་ཁོང་​གིས་དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་​ནང་​ལེ། སྐྱབས་མགོན་གྱིས་དཀའ་སྡུག་མྱངས་ཏེ། ཉིན་​གསུམ་པ་​དེ་ལེ་​ཡང་དང་​སྐུ་​གསོན་པོ་​བཞེངས་​ཀྱི་དིག་ཟིན་བྲིས་འོད་དི་མ་ཟད། 47ཡེ་རུ་ས་གླིང་​རྒྱལ་ས་​ནས་​བྱས་​ཏེ། ཁོང་​གི་​མཚན་​གྱི་​ནང་ལེ་ཕྱོགས་བཞི་​ཀུན་​གྱི་མི་རིགས་ལེ། རང་གི་སྡིག་ཉེས་​སེལ་རྒྱུ་​ཆེད་​དུ། སྤྱོད་པ་ངན་​པ་དེ་ཀྱ་སྤངས་​ཏེ། སེམས་​ཁུག་རྒྱུ་དོན་ལེ་​ཆོས་​གསུང་དགོས་​འོད་དིག་ཟིན་​བྲིས་​འདུག 48དོན་​དེ་​ཀྱ་​ལེ་​དཔང་པོ་​བགྱིད་​མཁན་​དེ་ནི་ཁྱེད་​ཀྱ་​ཡིན་​དིག 49ཡང་​ལྟོས་​དང་། ངའི་ཨ་ཀྱིས་​ཁས་ལེན་​བྱས་པའི་​ཅོག་འདྲ། ཁོང་གི་ཐུགས་ཉིད་​དེ་ངས་ཁྱེད་​ཀྱ་​ལེ་ཁྱབ་ཏུ་འཇུག་གྱི་ཡིན། ཁྱེད་​ཀྱ་ལེ་ནུས་པ་དེ་མ་ཁྱབ་བར་དུ། ཁྱེད་ཀྱ་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སྒུག་​སྟེ་སྡོད་​ཅིག་​ཟིན་གསུངས་​པི་​དིག
ཡེ་ཤུ་ཞིང་ཁམས་ལེ་གདན་དྲངས་​པ།
50-51དེའི་རྗེས་ལེ་ཡེ་ཤུས་ཁོང་ཀྱ་པེ་ཐན་ཡཱ་ཟེར་རི་ཡུལ་ལེ་ཁྲིད་གནང་སྟེ། རང་གི་ཕྱག་ཡར་བཏེག་སྟེ། ཁོང་ཀྱ་ལེ་བྱིན་གྱིས་རླབས་པའི་རྗེས་ལེ། ཁོང་རང་ཁོང་ཀྱ་དིང་ཁ་བྲལ་ཏེ། དཀོན་མཆོག་གི་ཞིང་ཁམས་ལེ་གདན་དྲངས་གནང་པི་དིག 52དེ་ནས་​ཁོང་ཀྱ་ཀྱིས་​ཡེ་ཤུ་ལེ་​བསྟོད་པ་ཕུལ་ལི་རྗེས་​ལེ། དགའ་རི་​ཆེན་པོས་​ངང་​ནས་​ཕར་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​རང་འཇགས་ལོག་སྟེ། 53མཆོད་ཁང་​གི་​དྭངས་རའི་​ནང་​ལེ་​དུས་​རྒྱུན་​དུ་​འཛོམས་ཏེ་དཀོན་མཆོག་​ལེ་​བསྟོད་པ་​ཕུལ་ལི་​དིག ། ། །

Iliyochaguliwa sasa

ལུ་ཀཱ། 24: DLPO

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia