Chapa ya Youversion
Ikoni ya Utafutaji

ལུ་ཀཱ། 23

23
ལེའུ་ཉི་ཤུ་རྩ་གསུམ།
སྤྱི་དཔོན་​པི་ལ་ཏིའི་​མདུན་​དུ་​ཡེ་ཤུ་ཁྲིད་​པ།
1དེ་ནས་​ཆོས་ཀྱི་གྲོས་ཚོགས་​ཀྱི་མི་​ཡེ་རེ་​ཡར་​ལངས་​ཏེ། ཡེ་ཤུ་​སྤྱི་དཔོན་​པི་ལ་ཏིའི་​མདུན་​དུ་​ཁྲིད་དེ། 2མི་​དེ་ཀྱ་​ཀྱིས་​ཡེ་ཤུ་ལེ་​ཉེས་​སྐྱོན་བཙུགས་པི་མ་ཟད། མི་འདི་ནི་​ཉེད་ཀྱི་​མི་རིགས་​ལེ་​མགོ་སྐོར་​གཏོང་​གི་འདུག ཡང་ཉེད་ཀྱ་ཀྱི་རྒྱལ་པོ་སེ་བཟིར་ལེ་​ཁྲལ་​འཇལ་​དགོས་​མེད་​དིག་​ཟེར་​རི་མ་ཟད། ཁོས་ང་ནི་སྐྱབས་མགོན་ཡིན། རྒྱལ་པོ་​ཟང་ཡིན་ཟེར་རི་ཉེད་ཀྱ་ཀྱིས་​ཐོས་​བྱུང་​ཟིན་​ཞུས་པི་​དིག 3འོ་དེ་ལེ་བརྟེན་ཏེ། སྤྱི་དཔོན་​པི་ལ་ཏི་ཁོས་ཡེ་ཤུ་ལེ། ཁྱོད་རང་​ཡ་ཧུ་དཱ་པའི་​མི་རིགས་​ཀྱི་​རྒྱལ་པོ་​ཡིན་​དས་​ཟིན་​དྲིས་​ཏེ། ཡེ་ཤུས་​ཁྱེད་​ཀྱིས་​སྨྲས་པི་ཅོག་འདྲ་​ཡིན་དིག་ཟིན་​གསུངས་​པི་​དིག 4དེ་ནས་པི་ལ་ཏི་ཁོས་​མཆོད་པ་འབུལ་མཁན་ཀྱ་དིང་​། མི་ཚོགས་​ཀྱ་​ལེ། ངས་​ལྟས་​ནི་​མི་​འདི་​ལེ་​ཉེས་​སྐྱོན་ཅི་​གང་​མི་​འདུག་​སྨྲས་​པི་​དིག 5ཡིན་ནའང་​། ཁོང་ཀྱ་​ཀྱིས་​ཨུ་ཚུགས་​ཆེན་པོས་​ངང་​ནས། མི་​འདི་​ནི་ཡ་ཧུ་དཱའི་​ལུང་པ་ནས་བྱས་ཏེ། ག་ལིལ་ལུང་པ་དིང་། ད་ལྟ་ཡེ་རུ་ས་གླིང་ལུང་པ་འདི་རུ་ཆོས་བསྟན་ཏེ། མི་​ཡེ་རེ་ལེ་​ངན་བསྐུལ་བགྱིད་འདུག་​ཟིན་​ཞུས་​ཕེན 6པི་ལ་ཏི་ཁོས་​ལབ་​དེ་​ཐོས་​ཏེ། མི་​འདི་​ནི་​ག་ལིལ་ལུང་པའི་མི་​མ་གས་སྨྲས་པི་དིག 7ཡེ་ཤུ་ནི་​ག་ལིལ་​ལུང་པའི་ས་གནས་​དཔོན་པོ་​ཧེ་རོ་དཱེའི་ཁོངས་ལེ་གཏོགས་པི་དེ་ཧ་གོ་པི་དིག དུས་དེ་རྒྱ་​ཧེ་རོ་དཱེ་​ནི་ཡེ་རུ་ས་གླིང་​གི་རྒྱལ་ས་​ལེ་བསྡད་​འོད་ཕེན། པི་ལ་ཏི་ཁོས་ཡེ་ཤུ་ཧེ་རོ་དཱེའི་དྲུང་ལེ་ཁྲིད་དུ་བཅུག་པི་དིག 8དེ་ནས་ཧེ་རོ་དཱེ་ཁོས་ཡེ་ཤུ་​མཐོང་​ཕེན། དགའ་རི་​འཇུ་གུ་​བྱུང་པི་​དིག ཅི་ལེ་​ཟེར་​ནི། ཁོས་སྔོན་མ་​ནས་​ཕེན། ཡེ་ཤུའི་སྐོར་གྱི་​གནས་ཚུལ་​ཐོས་​པི་མ་ཟད། ངོ་མཚར་​གྱི་​རྟགས་​ཤིག་ཟང་མཐོང་​རྒྱུ་​ལེ་རེ་བ་​བྱས་​པི་​དིག 9འོ་དེ་ལེ་བརྟེན་ཏེ། ཧེ་རོ་དཱེ་ཁོས་​ཡེ་ཤུ་​ལེ་​དྲི་བ་​མང་པོ་​དྲིས་​ནའང་​། ཁོང་​གིས་​ལན་​ཅི་གང་མ་བརྒྱབ་​པི་​དིག 10ཡང་​ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ཀྱ་​དིང་​ཆོས་ཁྲིམས་མཁས་པ་​ཡེ་རེ་​ཡར་ལངས་​ཏེ། ཡེ་ཤུ་​ལེ་​ནག་ཉེས་​མང་པོ་​བཙུགས་པི་དིག 11ཧེ་རོ་དཱེ་​དིང་​ཁོའི་​དམག་མི་​ཀྱ་​ཀྱིས་​ཟང་​ཡེ་ཤུ་ལེ་​མཐོང་ཆུང་​དིང་​འཕྱམ་ཆ་​བཏང་པི་རྗེས་ལེ། ཁོང་​གི་​ལུས་​ལེ་​རྒྱལ་པོའི་​ཆས་​གོས་​བསྐོན་​ཏེ། ཡང་དང་ཕར་སྤྱི་དཔོན་​པི་ལ་ཏིའི་​དྲུང་ལེ་ཁྲིད་​དུ་​བཅུག་​པི་​དིག 12དེ་སྔོན་པི་ལ་ཏི་​དིང་​ཧེ་རོ་དཱེ་​ཁོ་རང་​གཉིས་​དགྲ་ཁ་​གཏད་​ཡིན་ནའང་​། ཉིན་མ་​དེ་​ནས་​ཕྱིན་ཆད། ཁོ་​གཉིས་​མཛའ་མོ་​བྱུང་​པི་​དིག
ཡེ་ཤུ་ཡང་དང་​སྤྱི་དཔོན་​པི་ལ་ཏིའི་​དྲུང་ལེ་ཁྲིད་​འགྲོ་བ།
13-14སྤྱི་དཔོན་​པི་ལ་ཏི་ཁོས་མཆོད་པ་འབུལ་མཁན་ཀྱ་དིང་། དཔོན་རིགས་དིང་། མི་ཚོགས་དེ་ཀྱ་རང་གི་མདུན་​དུ་སྐད་བཏང་སྟེ། ཁྱེད་​ཀྱ་​ཀྱིས་སྨྲས་ནི། མི་འདིས་མི་ཀྱ་ལེ་ངན་བསྐུལ་བྱས་ཏེ། ཟིན་ཆ་སློང་གྱི་འདུག་ཟིན་​ངའི་​མདུན་དུ་ཁྲིད་​འོངས་པི་​དིག ཡང་ངས་​ཟང་ཁྱེད་​ཀྱ་​ཀྱི་​མདུན་དུ་​ཁོ་ལེ་ཉེས་སྐྱོན་​འོད་མེད་ཞིབ་གཅོད་​བྱས་ནའང་། ཁྱེད་ཀྱ་ཀྱིས་​སྨྲས་པི་ཅོག་འདྲ། མི་འདི་ལེ་ཉེས་སྐྱོན་ཅི་གང་མ་​རྙེད་​བྱུང་སྨྲས་པི་དིག 15ཡང་ཧེ་རོ་དཱེ་ཁོས་​ཟང་​ཁོང་ལེ་ཉེས་སྐྱོན་འོད་དི་མ་​རྙེད་​ཕེན། ཚུར་ང་འོད་​ས་​ལེ་བ​རྫངས་​པི་​དིག ལྟོས་​དང་། མི་འདིས་སྲོག་ཐོག་​གཏོང་​དགོས་པའི་ཉེས་​སྐྱོན་ཅི་​གང་​མ་​བྱས་འདུག 16འོ་དེ་ལེ་བརྟེན། མི་འདི་ལེ་​ལྕག་ཚན་​གཞུས་​རི་རྗེས་ལེ་ཕྱི་ལེ་གཏོང་གྱི་ཡིན་ཟིན་​སྨྲས་​པི་​དིག 17#23.17 ལུ་ཀཱས་བྲིས་པའི་གཏམ་བཟང་གི་བཤུས་ཡིག་སྔ་ཤོས་དེའི་ནང་ལེ། ཨང་ 17 མེད་དིག ཡིན་ནའང་། དེ་ནས་​ནམ་རྒྱུན་​ཅོག་འདྲ་​ཡ་ཧུ་དཱ་པའི་དུས་​ཆེན་དེ་​ལེ། མི་ཚོགས་​ཀྱིས་​པི་ལ་ཏི་​ལེ་​རེ་བ་​ཞུ་​པི་​ཅོག་འདྲ་​བཙོན་པ་​རེ་རེ་​གློད་གྲོལ་གཏོང་གི་ལུགས་སྲོལ་​འོད་དིག་ཟིན་བཤུས་ཡིག་ཁ་ཤས་ནང་ལེ་བྲིས་འོད་དིག 18ཡིན་ནའང་​། མི་ཚོགས་​ཡེ་རེ་​ཁ་​གཅིག་​བྱས་​ཏེ་​པཱ་རབ་པཱ་​ཟེར་མཁན་​དེ་​གློད་གྲོལ་གཏོང་རོགས། ཁོའི་​ཚབ་​ལེ་​མི་​འདི་​སོད་​ཅིག་​ཟིན་​སྐད་​བརྒྱབ་​པི་​དིག 19པཱ་རབ་པཱ་​ཟེར་མཁན་​དེས་​སྔོན་མ་​རྒྱལ་ས་​ལེ་​ཟིང་འཁྲུག་​བསླངས་​པི་མ་ཟད། ཁོས་​མི་​བསད་​དི་​རྐྱེན་གྱིས་​བཙོན་​ལེ་​བཅུག་​འོད་དིག 20ཡང་པི་ལ་ཏི་ཁོས་​ཡེ་ཤུ་​གློད་གྲོལ་གཏོང་འདོད་བྱུང་ཕེན། ཡང་དང་​མི་ཚོགས་​དེ་ཀྱ་ལེ་སྐད་ཆ་​དྲིས་​ལས་​བྱས་པི་དིག 21ཡིན་ནའང་། མི་ཚོགས་དེ་​ཀྱ་​ཀྱིས་སྐད་​ཆེན་པོས་​ངང་​ནས། ཁོ་​གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་​བརྒྱངས་​ཏེ་​སོད་​ཅིག་​ཟིན་​འུར་སྒྲ་​མང་པོ་​བརྒྱབ་​པི་​དིག 22ཡང་དང་​པི་ལ་ཏི་ཁོས། ཅི་ལེ། ཁོས་​ཉེས་​སྐྱོན་ཅི་​བྱས་​འདུག་​གོ། ངས་​ལྟས་​ནི་​ཁོ་​སྲོག་ཁྲིམས་གཏོང་དགོས་པོའི་​ཉེས་སྐྱོན་​ཅི་གང་​མ་བྱས་​འདུག འོ་དེ་ལེ་བརྟེན་ཏེ། ངས་ཁོ་​ལེ་​ལྕག་​ཚན་གཞུ་དུ་བཅུག་སྟེ་​གློད་གྲོལ་གཏོང་གྱི་ཡིན་​ཟིན་ལན་མ་གསུམ་པ་སྨྲས་​པི་​དིག 23ཡིན་ནའང་​། མི་ཚོགས་​ཀྱ་ཀྱིས་​འུར་སྒྲ་​ཆེན་པོས་​ངང་​ནས། ཁོ་​གདུང་མ་ཀུ་རུ་ཁ་ལེ་བརྒྱངས་​ཏེ་​སོད་​ཅིག་​ཟིན་ཨུ་ཚུགས་མང་པོ་​བརྒྱབ་ཕེན། མཇུག་​མཐའ་མ་མི་ཚོགས་དེ་​ཀྱ་​ཀྱི་​འདོད་པ་ཅོག་འདྲ་བགྱིད་དགོས་བྱུང་པི་དིག 24དེ་ནས་​པི་ལ་ཏི་ཁོས་​མི་ཚོགས་​ཀྱ་ཀྱིས་​རེ་བ་​བྱས་པི་ཅོག་འདྲ་​བགྱིད་དགོས་པའི་བཀའ་གནང་པི་དིག 25དུས་དེ་རྒྱ་ཟིང་​འཁྲུག་​བསླངས་པི་མ་ཟད། མི་​བསད་དི་རྐྱེན་གྱིས་བཙོན་ཁང་ལེ་འོད་ཡོད་​པཱ་རབ་པཱ་​ཁོ་​ལེ། ཉེས་སྐྱོན་​མེད་དི་བརྩིས་​ཏེ་མི་ཚོགས་​ཀྱི་​འདོད་པ་​ཅོག་འདྲ། ཁོ་བཙོན་ཁང་ནས་གློད་གྲོལ་བཏང་པི་དིག ཡང་ཡེ་ཤུ་ལེ་མི་དེ་ཀྱ་ཀྱི་འདོད་པ་ཅོག་འདྲ་བགྱིད་དུ་བཅུག་པི་དིག
ཡེ་ཤུ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བཀྲོངས་པ།
26དེ་ནས་​དམག་མི་ཀྱ་ཀྱིས་ཡེ་ཤུ་ཕ་ལེ་ཁྲིད་​འགྲོ་​རྒྱ། ཀི་རེ་ནེ་​ཟེར་​རི་ལུང་པ་ནས་ཡིན་དི་མིང་​ལེ་​སི་མོན་​ཟེར་མཁན་​མི་​ཞིག་ཞིང་ལམ་བརྒྱུད་ནས་ཡེ་རུ་ས་གླིང་རྒྱལ་སའི་ཕྱོགས་ལེ་འོང་​འོད་དིག ཡང་དམག་མི་ཀྱ་ཀྱིས་མི་དེ་ཟིན་ཏེ། ཡེ་ཤུ་སྲོག་ཐོག་གཏོང་ས་གདུང་མ་ཀུ་རུ་ཁ་​དེ་ཁོ་ལེ་འཁྱེར་དུ་​བཅུག་​པི་དིག 27ཡང་མི་ཚོགས་​མང་པོ་​ཞིག་ཟང་​ཁོང་​གི་​རྗེས་​ལེ་​འབྲང་​འགྲོ་འོད་དི་མ་ཟད། མི་ཚོགས་དེའི་​ནང་​ལེ་​བུ་མའ་​ཁ་ཤས་​ཟང་འོད་དིག བུ་མའ་དེ་ཀྱ་ཡེ་ཤུའི་དོན་ལེ་​སེམས་སྡུག་​ཆེན་པོས་​ངང་​ནས་​འཇུ་གུ་​ངུ་​འོད་དིག 28ཡིན་ནའང་​། ཡེ་ཤུས་​ཞལ་​ཚུར་​འཁོར་ཏེ་བུ་མའ་​འདི་​ཀྱ་ལེ། ཡེ་རུ་ས་གླིང་​གི་​བུ་མའ་​ཁྱེད་​ཀྱ། ངའི་​དོན་​ལེ་​མ་​ངུ་ཞིག ཁྱེད་ཀྱ་རང་​སོ་སོའི་དོན་ལེ་དིང་། རང་གི་​ཕྲུ་གུ་​ཀྱ་​ཀྱི་དོན་ལེ་​ངུས་​ཤིག་​ཟིན་གསུངས་​པི་​དིག 29ཅི་ལེ་​ཟེར་​ནི། རབས་ཆད་​མ་​ཀྱ་དིང་། ཕྲུ་གུ་​སྐྱེས་​མྱོང་མེད་མེད། ནུ་མ་​སྟེར་​མྱོང་མེད་མེད་བུ་མའ་​ཀྱ་​བདེ་བ་ཆེའོ་ཟེར་རི་དུས་​ཞིག་སླེབས་​ཀྱི་​དིག 30ཅི་ལེ་ཟེར་ནི། དུས་དེ་རྒྱ་མི་​ཀྱ་​ཀྱིས་​བྲག་རི་​མཐོན་པོ་​ཀྱ་​ལེ་​བལྟས་​ཏེ། བྲག་རི་འདི་​འུ་ཀྱ་ཀྱི་ལྟག་ག་ལེ་​འཛར་ཏེ་འུ་ཀྱ་ཤི་​ནི་​དགའ་ཤོས་ཡིན་དིག་​ཟེར་​རི་​དིང་། ཡང་​ནི་བྲག་རི་འདི་འུ་ཀྱ་ཀྱི་ལྟག་ལེ་ཁོབས་ལེད་དང་ཟེར་​རི་​དུས་​ཞིག་​སླེབས་ཀྱི་དིག 31ཅི་ལེ་​ཟེར་​ནི། མི་ཀྱ་ཀྱིས་སྡོང་པོ་​ལྗང་པ་​ཡིན་​དི་དུས་ལེ་འདི་གི་​བྱས་​པི་ཡིན་ནི། སྡོང་པོ་​སྐམ་​པའི་དུས་​ལེ་ཅི་​བྱས་འོང་ཟིན་གསུངས་པི་དིག 32ཡང་མི་དེ་ཀྱ་​ཀྱིས་​ཉེས་​སྐྱོན་འོད་ཡོད་​མི་​གཉིས་​ཟང་​ཡེ་ཤུ་​དིང་སྐྱེན་​ལེ་​སྲོག་ཐོག་​གཏོང་​རྒྱུ་ཆེད་དུ་​ཁྲིད་​དེ། 33ཀ་པཱ་ལི་​ཟེར་​རི་ས་ཆ་​རུ་​སླེབས་​ཕེན། ཡེ་ཤུ་​གདུང་མ་ཀུ་རུ་ཁའི་​ལྟག་ག་ལེ་​རྐང་ལག་​ལེ་​གཟེར་​བརྒྱབ་​སྟེ་བོར་​རི་མ་ཟད། ཡང་ཉེས་​སྐྱོན་འོད་ཡོད་​མི་​གཉིས་པོ་དེ་​ཟང་​། ཁོང་​གིས་​གཡས་གཡོན་​ལེ་​གདུང་མ་ཀུ་རུ་ཁ་རེ་རེའི་ལྟག་ག་ལེ་རྐང་ལག་​ལེ་​གཟེར་​བརྒྱབ་​སྟེ་​བོར་​རི་​དིག 34དེ་རྒྱ་ཡེ་ཤུས། ཨ་ཀྱེ། མི་​འདི་ཀྱ་ཀྱིས་ཅི་བ​གྱིད་​འོད་མེད་​ཧ་​མི་​གོ་འོད་དིག མི་དེ་ཀྱ་ཀྱིས་བྱས་པའི་​ཉེས་​སྐྱོན་དེ་​ལེ། ཁྱེད་ཀྱིས་དགོངས་ཡངས་གནང་​རོགས་​ཟིན་གསུངས་​པི་རྗེས་ལེ། དམག་མི་​ཀྱ་​ཀྱིས་ཟང་​ཁོང་​གི་​ནམ་བཟའ་​ལེ་རྒྱན་​བརྒྱབ་​སྟེ་བགོས་པི་དིག 35ཡང་མི་ཚོགས་​ཀྱ་​ཟང་​ས་ཆ་དེ་རུ་​བལྟས་​ཏེ་བསྡད་​འོད་དི་མ་ཟད། ཡ་ཧུ་དཱ་པའི་དཔོན་པོ་ཀྱ་ཀྱིས་ཟང་ཁོས་​མི་​གཞན་ལེ་​བསྐྱབས་​པི་དིག ཡིན་ནའང་​། ཁོ་རང་དཀོན་མཆོག་​གིས་​བདམས་​པའི་སྐྱབས་མགོན་​དེ་​ཡིན་​ནི། རང་གིས་རང་​ལེ་​ལོས་​སྐྱོབ་ཐུབ་ཟིན་​འཕྱམ་ཆ་​བཏང་པི་​དིག 36-38དམག་མི་​ཀྱ་​ཀྱིས་ཟང་​ཁོང་ལེ་འཕྱམ་ཆ་གཏོང་གི་མ་ཟད། ཁོང་​གི་​དྲུང་དུ་​འོངས་​ཏེ། རྒུན་​ཆང་​སྐྱུར་མོ་དེ་​འཐུང་​དུ་​བཅུག་སྟེ། གལ་སྲིད་​ཁྱོད་རང་​ཡ་ཧུ་དཱ་པའི་​རྒྱལ་པོ་​ཡིན་​ནི། ད་​རང་གིས་​རང་​ལེ་​སྐྱོབས་​དང་​སྨྲས་པི་དིག ཡང་ཡེ་ཤུ་​བརྒྱངས་​ཏེ་བོར་རི་གདུང་མ་ཀུ་རུ་ཁའི་​རྩེ་ལེ་ཤིང་ལེབ་​ཞིག་​ལེ། མི་​འདི་​ནི་​ཡ་ཧུ་དཱ་པའི་​རྒྱལ་པོ་​ཡིན་དིག་​ཟིན་​བྲིས་​ཏེ་​བོར་​འོད་དིག 39དེ་ནས་​གདུང་མ་ཀུ་རུ་ཁ་ལེ་བརྒྱངས་​ཏེ་བོར་འོད་ཡོད་མི་​གཉིས་པོ་དེའི་ནང་​ནས་​མི་གཅིག་​གིས་​ཡེ་ཤུ་ལེ། ཁྱོད་​རང་སྐྱབས་མགོན་​ཡིན་ནི། ཁྱོད་ཀྱིས་རང་གིས་རང་ལེ་​སྐྱོབས་​ཤིག དེ་ནས་ཉེད་​གཉིས་​ཟང་​སྐྱོབས་​ཤིག་​ཟིན་འཕྱམ་ཆ་བཏང་​པི་​དིག 40ཡིན་ནའང་​། ཉེས་​སྐྱོན་འོད་ཡོད་​མི་​གཅིག་གིས་ཁོ་​ལེ་​འཁྲུག་པ་​བཙལ་​ཏེ། ཁྱོད་​རང་ལེ་​ཟང་ཁོང་ལེ་ཕོག་པི་ཅོག་འདྲ་ཉེས་ཆད་ཕོག་​འོད་ནའང་​། ད་རུང་​ཟང་​ཁྱོད་རང་དཀོན་མཆོག་​ལེ་​མི་​འཇིགས་​འདུག་​གས། 41འུ་གཉིས་​ཀྱིས་​ཉེས་​སྐྱོན་བྱས་འོད་ཕེན། ཉེས་ཆད་འདི་ཕོག་​འོས་པ་ཞིག་ཡིན་དིག ཡིན་ནའང་​། མི་​འདིས་ཉེས་​སྐྱེན་ཅི་​གང་​མ་​བྱས་​འོད་​དིག་ཟིན་སྨྲས་པི་དིག 42ཡང་མི་ཁོས་ཡེ་ཤུ་ལེ། ཁྱེད་རང་​རྒྱལ་པོ་​བྱུང་སྟེ་​ཕེབས་གནང་རྒྱ། ཁྱེད་​ཀྱིས་ང་ལེ་དྲན་གསོལ་གནང་​རོགས་ཟིན་ཞུས་​ཕེན། 43ཡེ་ཤུས་ཁོ་ལེ། ང་​ཁྱོད་​ལེ་​བདེན་པ་​ཟེར་​རོ། ཉིན་མ་​འདི་རང་ལེ་ཁྱོད་​ངའི་​སྐྱེན་​ལེ་​ནམ་མཁའི་ཞིང་ཁམས་​ལེ་​འོད་​དིག་​ཟིན་གསུངས་​པི་​དིག
ཡེ་ཤུ་​སྐུ་གྲོངས་པ།
44དེ་ནས་​ཉིན་གུང་​གི་​ཆུ་ཚོད་​བཅུ་གཉིས་​ཚོད་​ཡིན་རྒྱ། ཉི་མ་​བསྒྲིབས་​ཏེ་​ཆུ་ཚོད་​གསུམ་བར་དུ་ལུང་པ་ཡེ་རེ་​མུན་ནག་​བྱུང་པི་དིག 45དེ་རྒྱ་མཆོད་ཁང་​ཆེན་མོའི་ནང་གི་​སྒོ་ཡོལ་​དེ་​ཟང་​། དུམ་བུ་​གཉིས་​ལེ་​རལ་​བུད་​དི་​དིག 46དེ་ནས་​ཡེ་ཤུས་​གསུང་སྐད་​ཆེན་པོས་ངང་ནས། ཨ་ཀྱེ། ངའི་​རྣམ་ཤེས་​ཁྱེད་​ཀྱི་​ཕྱག་​ལེ་​བཅོལ་​ལི་ཡིན་ཟིན་གསུངས་ཏེ་སྐུ་གྲོངས་​པི་​དིག 47དེ་རྒྱ་​ས་ཆ་​འདི་རུ་​ལངས་​ཏེ་བསྡད་​འོད་ཡོད་དམག་མི་​བརྒྱ་དཔོན་​ཞིག་​གིས་​དོན་​འདི་​ཡེ་རེ་​མཐོང་ཕེན། ཁོས་དཀོན་མཆོག་​ལེ་​བསྟོད་པ་​ཕུལ་​ལི་​མ་ཟད། མི་​འདི་​ནི་ངོ་ཐོག་​ཉེས་སྐྱོན་མེད་མེད་ཞིག་​ཡིན་དིག་ཟིན་སྨྲས་པི་དིག 48ཡང་​ས་ཆ་​འདི་རུ་​ལྟ་རུ་​འོང་​མཁན་​མི་ཚོགས་​ཀྱ་ཀྱིས་​ཟང་​དོན་​འདི་​མཐོང་སྟེ། སེམས་​སྡུག་ཆེན་པོ་བྱུང་ཕེན། རང་གི་བྲང་ཀ་​ལེ་རང་གིས་གཞུས་​ཏེ། རང་སོ་སོའི་ནང་ལེ་ལོག་བུད་དི་​དིག 49ཡིན་ནའང་​། ཁོང་གི་​ངོ་ཤེས་པ་​ཀྱ་​དིང་​། ཡང་ག་ལིལ་ལུང་པ་​ནས་​ཁོང་​གི་​རྗེས་​ལེ་​འབྲང་མཁན་​བུ་མའ་​དེ་​ཀྱ་​ནི། རྒྱང་​རིང་​པོ་ནས་​དོན་​དེ་​ཀྱ་​ལེ་བ​ལྟས་ཏེ་​བསྡད་​འོད་དིག
ཡེ་ཤུའི་​སྐུ་ཕུང་​བྲག་ཕུག་​ནང་ལེ་​སྦས་​པ།
50དེ་ནས་​སེམས་​པ་བཟང་པོ་​དིང་​ཆོས་སེམས་​ཆེན་པོ་​འོད་ཡོད་​མིང་ལེ་ཡོ་སེབ་ཟེར་མཁན་ཞིག་​འོད་དིག ཁོ་རང་ནི་​ཆོས་ཀྱི་གྲོས་ཚོགས་ཀྱི་ཁོངས་མི་​ཞིག་​ཟང་​ཡིན་​དིག 51ཡིན་ནའང་། གྲོས་ཚོགས་ཀྱི་ཁོངས་མི་ཀྱ་ཀྱིས་བཀོད་པའི་འཆར་གཞི་དིང་​། ལས་ཇུས་དེ་ལེ་ཁོས་མོས་མཐུན་མ་བྱས་པི་དིག ཁོ་རང་​ནི་ཡ་ཧུ་དཱའི་རྒྱལ་ས་​ཨ་རི་མ་ཐཱ་​ནས་​ཡིན་​དི་མ་ཟད། དཀོན་མཆོག་གི་​རྒྱལ་ཁབ་​ལེ་​སྒུག་​སྡོད་​མཁན་​ཞིག་​ཟང་​ཡིན་དིག 52དེ་ནས་ཁོས་པི་ལ་ཏིའི་​དྲུང་དུ་​ཕྱིན་​ཏེ། ཡེ་ཤུའི་​སྐུ་ཕུང་​ང་​ལེ་​གནང་​རོགས་​ཟིན་​ཞུས་​པི་དིག 53དེ་ནས་ཁོས་​ཡེ་ཤུའི་​སྐུ་ཕུང་དེ་​གདུང་མ་ཀུ་རུ་ཁ་ནས་​མར་​ལེ་​བླངས་​ཏེ། འབུ་རས་ཞིག་​ལེ་​བཏུམས་​ཏེ། བྲག་​ལེ་​བརྐོས་པའི་​བྲག་ཕུག་​ཞིག་​གི་​ནང་​ལེ་​ཁོང་​གི་​སྐུ་ཕུང་​འབོར་​རི་​དིག བྲག་ཕུག་​དེའི་​ནང་​ལེ་རོ་རྩ་བ་ནས་བོར་​མྱོང་​མེད་དིག 54ཉིན་མ་​དེ་​ནི་​གཟའ་​པ་སངས་​ཀྱི་དགོང་མོ་ཡིན་དིག ཡང་ཉི་མ་མ་གབ་པའི་སྔོན་ལེ། ངལ་གསོ་བའི་​ཉིན་མ་ལེ་ཅི་དགོས་པ་འོད་ཡོད་ཡེ་རེ་གྲ་སྒྲིག་​བགྱིད་​དགོས་འོད་དིག ཅི་ལེ་​ཟེར་​ནི། སྔ་དྲོ་​གཟའ་​སྤེན་པ་​ཡིན་​དི་མ་ཟད། ངལ་གསོ་བའི་​ཉིན་མ་​ཟང་ཡིན་དིག 55ཡང་ག་ལིལ་ལུང་པ་​ནས་​ཡེ་ཤུའི་​སྐྱེན་​ལེ་​འོང་​མཁན་​བུ་མའ་​དེ་​ཀྱ་​ནི། ཡོ་སེབ་​ཀྱི་​རྗེས་ལེ་འབྲང་འོངས་ཕེན། ཡེ་ཤུའི་​སྐུ་ཕུང་​སྦས་ས་དེ་​མཐོང་​པི་​དིག 56དེ་ནས་​བུ་མའ་​དེ་​ཀྱ་​ཕ་ལེ་​རང་གི་ནང་​ལེ་​ལོག་​སྟེ། ཡེ་ཤུའི་​སྐུ་ཕུང་​ལེ་​བྱུགས་​རྒྱུ་ཆེད་དུ། སྤོས་​དྲི་མ་​ཞིམ་རི་ཞིམ་ཚད་​དེ་ཀྱ་གྲ་སྒྲིག་​བྱས་​ཏེ་​བོར་​རི་​དིག ཅི་ལེ་​ཟེར་​ནི། ངལ་གསོ་བའི་​ཉིན་​མ་ལེ་​ཡ་ཧུ་དཱ་པའི་​ཆོས་ཁྲིམས་​ཅོག་འདྲ་​ངལ་གསོ་​དགོས་​འོད་དིག །

Iliyochaguliwa sasa

ལུ་ཀཱ། 23: DLPO

Kuonyesha

Shirikisha

Nakili

None

Je, ungependa vivutio vyako vihifadhiwe kwenye vifaa vyako vyote? Jisajili au ingia