1
ཡོ་ཧ་ནན། 3:16
New Tibetan Bible བོད་འགྱུར་གསར་མ།
དཀོན་མཆོག་གིས་འཇིག་རྟེན་ལ་གཅེས་ཤིང་བྱམས༌ཏེ། ཁོང་གི་སྲས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་ནམ་ཡང་འཇིག་པ་མེད་ཅིང་མཐའ་མེད་པའི་ཚེ་སྲོག་འཐོབ་པའི་ཕྱིར། ཁོང་གིས་རང་ཉིད་ཀྱི་སྲས་གཅིག་པོའང་མི་ཀུན་ལ་གནང༌བའོ།།
Jämför
Utforska ཡོ་ཧ་ནན། 3:16
2
ཡོ་ཧ་ནན། 3:17
དཀོན་མཆོག་གིས་རང་གི་སྲས་འཇིག་རྟེན་དུ་མངགས་པ་ནི་འཇིག་རྟེན་གྱི་མི་ཐམས་ཅད་སྐྱོབ་པར་མཛད་པ་ལས་ཉེས་ཆད་གཅོད་པར་མངགས་པ་མ་ཡིན་ནོ།།
Utforska ཡོ་ཧ་ནན། 3:17
3
ཡོ་ཧ་ནན། 3:3
སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། གལ་ཏེ་མི་ཞིག་ཡང་བསྐྱར་མ་སྐྱེས་ན་དཀོན་མཆོག་གི་རྒྱལ་སྲིད་མཐོང་མི་ནུས་ཞེས་གསུངས་སོ།།
Utforska ཡོ་ཧ་ནན། 3:3
4
ཡོ་ཧ་ནན། 3:18
དཀོན་མཆོག་གི་སྲས་ལ་དད་པ་བྱེད་མཁན་རྣམས་ལ་ཉེས་ཆད་གཅོད་པར་མི་འགྱུར༌ཡང༌། དཀོན་མཆོག་གི་སྲས་གཅིག་པོའི་མིང་ལ་དད་པ་མི་བྱེད་པ་རྣམས་ཀྱིས་དད་པ་མ་བྱས་པས་ཉེས་ཆད་བཅད་ཟིན༌པ་ཡིན།
Utforska ཡོ་ཧ་ནན། 3:18
5
ཡོ་ཧ་ནན། 3:19
ཉེས་ཆད་གཅོད་པ་ནི་འདི་ལྟ༌སྟེ། གཟི་འོད་དེ་ཉིད་འཇིག་རྟེན་དུ་ཕེབས་ནའང་མི་རྣམས་ཀྱི་སྤྱོད་པ་ངན༌པས། དེ་རྣམས་གཟི་འོད་ལ་མི་དགའ་བར་མུན་ནག་ལ་ཞེན་ཅིང་ཆགས་པའི་ཕྱིར༌ཡིན།
Utforska ཡོ་ཧ་ནན། 3:19
6
ཡོ་ཧ་ནན། 3:30
དེ་བས་ཁོང་ཉིད་འཕེལ་ཞིང་ང་རང་འགྲིབ་པར་འགྱུར་དགོས་སོ།།
Utforska ཡོ་ཧ་ནན། 3:30
7
ཡོ་ཧ་ནན། 3:20
ངན་པ་སྤྱོད་མཁན་ཐམས་ཅད་ཀྱིས་རང་གི་སྤྱོད་པ་ངན་པ་དེ་ཕྱིར་མངོན་པར་དོགས༌ནས། གཟི་འོད་ལ་སྡང་ཞིང་གཟི་འོད་ཀྱི་དྲུང་དུའང་མི་ཡོང༌།
Utforska ཡོ་ཧ་ནན། 3:20
8
ཡོ་ཧ་ནན། 3:36
ཡང་སྲས་དེ་ལ་དད་པ་བྱེད་མཁན་ལ་མཐའ་མེད་པའི་ཚེ་སྲོག་འཐོབ་ཅིང༌། སྲས་ལ་དད་པ་མི་བྱེད་པ་ལ་མཐའ་མེད་པའི་ཚེ་སྲོག་མི་འཐོབ༌པར། དཀོན་མཆོག་གི་ཐུགས་ཁྲོ་ནི་ནམ་ཡང་མི་དེའི་སྟེང་དུ་གནས་པར་འགྱུར་ཞེས་གསུངས༌སོ།།
Utforska ཡོ་ཧ་ནན། 3:36
9
ཡོ་ཧ་ནན། 3:14
སྔོན་ཆད་མོ་ཤེ་ཡིས་དབེན་སྟོང་ཡུལ་ནས་སྦྲུལ་ཞིག་གྱེན་དུ་བསྒྲེངས་པ༌ལྟར། མིའི་བུ་ཡང་གྱེན་དུ་བསྒྲེང་བར་འགྱུར་དགོས༌ཏེ།
Utforska ཡོ་ཧ་ནན། 3:14
10
ཡོ་ཧ་ནན། 3:35
ཡང་ཡབ་ཀྱིས་རང་གི་སྲས་ལ་བྱམས་ཤིང་བརྩེ་བར་མཛད་ནས་ཐམས་ཅད་སྲས་ཀྱི་ལག་ཏུ་སྤྲད།
Utforska ཡོ་ཧ་ནན། 3:35
Hem
Bibeln
Läsplaner
Videor