1
བཀོད་པ 45:5
Tibetan Old Testament 2011
ཁྱོད་ཚོས་ང་ལ་བཙོང་པ་ཡིན་ཟེར་སེམས་ཁྲལ་དང་རང་ཉིད་ལ་ཉེས་ཅན་མ་བརྩིས་ཤིག གང་ལ་ཟེར་ན། མི་མང་གི་སྲོག་སྐྱོབ་པའི་ཕྱིར་དཀོན་མཆོག་གིས་ང་ཁྱོད་ཚོའི་སྔོན་དུ་ས་གནས་འདིར་བཏང་གནང་ངོ་།
ႏွိုင္းယွဥ္
བཀོད་པ 45:5ရွာေဖြေလ့လာလိုက္ပါ။
2
བཀོད་པ 45:8
དེའི་ཕྱིར་ང་ལ་འདི་རུ་བཏང་མཁན་ནི་ཁྱོད་ཚོ་མ་ཡིན་པས་དཀོན་མཆོག་རང་ཉིད་ཡིན་ནོ། ཁོང་གིས་ང་ལ་རྒྱལ་པོའི་ཕོ་བྲང་གི་ལས་བྱེད་པ་ཆེ་ཤོས་དང་། ཡུལ་ཡོངས་ཀྱི་འགོ་འཛིན་དང་ཨི་ཇིབ་ཀྱི་མངའ་བདག་ཏུ་འགྱུར་བཅུག་པ་གནང་ངོ་།
བཀོད་པ 45:8ရွာေဖြေလ့လာလိုက္ပါ။
3
བཀོད་པ 45:7
ཁྱོད་ཚོ་དང་ཁྱོད་ཚོའི་རིགས་བརྒྱུད་རྣམས་མ་ཤི་བར་འཚོ་ཐུབ་པའི་ཕྱིར་དཀོན་མཆོག་གིས་ང་ལ་ཁྱོད་ཚོའི་སྔོན་དུ་ས་གནས་འདིར་བཏང་གནང་ངོ་།
བཀོད་པ 45:7ရွာေဖြေလ့လာလိုက္ပါ။
4
བཀོད་པ 45:4
ཡོ་སེབ་ཀྱིས་སྤུན་རྣམས་ལ། ངའི་ཉེ་བར་ཤོག་ཅིག་ཅེས་ལབ་པ་དང་། ཁོང་ཚོ་ཉེ་བར་ཡོང་བ་དང་ཁོང་གིས་སྤུན་རྣམས་ལ། ཨི་ཇིབ་ནང་ཁྱོད་ཚོས་བཙོང་པའི་སྤུན་ཡོ་སེབ་ནི་ང་ཡིན།
བཀོད་པ 45:4ရွာေဖြေလ့လာလိုက္ပါ။
5
བཀོད་པ 45:6
ད་ལྟ་ཡུལ་ནང་དུ་མུ་གེ་བྱུང་བའི་ལོ་གཉིས་པ་ཡིན་པས། ད་དུང་ལོ་ལྔ་བར་ཞིང་རྨོ་བ་དང་ལོ་ཐོག་ཡང་སྐྱེས་མི་ཡོང་།
བཀོད་པ 45:6ရွာေဖြေလ့လာလိုက္ပါ။
6
བཀོད་པ 45:3
ཡོ་སེབ་ཀྱིས་རང་གི་སྤུན་རྣམས་ལ། ང་ནི་ཡོ་སེབ་ཡིན། ངའི་ཡབ་ད་དུང་གསོན་པོར་བཞུགས་ཡོད་དམ་ཞེས་དྲིས་པ་དང་། དེ་ཐོས་ནས་སྤུན་རྣམས་འཇིགས་ཏེ་ལན་གང་ཡང་ཞུ་མ་ཐུབ་པས།
བཀོད་པ 45:3ရွာေဖြေလ့လာလိုက္ပါ။
ပင္မစာမ်က္ႏွာ
သမၼာက်မ္းစာ
အစီအစဥ္မ်ား
ဗီဒီယိုမ်ား