1
བཀོད་པ 32:28
Tibetan Old Testament 2011
མི་དེས་ཁོ་ལ། ད་ནས་ཕྱིན་ཆད་ཁྱོད་ཀྱི་མིང་ལ་ཡ་ཀོབ་མི་ཟེར། ཁྱོད་ཀྱིས་དཀོན་མཆོག་དང་མི་རྣམས་མཉམ་དུ་འཐབ་འཛིང་བྱས་ནས་ཁྱོད་རྒྱལ་བས། ཁྱོད་ཀྱི་མིང་ལ་ཨིསི་རཱཨེལ་ཟེར་བར་འགྱུར་ཞེས་སྨྲས་སོ།
ႏွိုင္းယွဥ္
བཀོད་པ 32:28ရွာေဖြေလ့လာလိုက္ပါ။
2
བཀོད་པ 32:26
མི་དེས་ཡ་ཀོབ་ལ། ད་ནམ་ལངས་འགྲོ་ཡོད་སྐབས་ང་འགྲོ་བཅུག་ཅེས་སྨྲས་པས། ལན་དུ་ཡ་ཀོབ་ཀྱིས། ཁྱེད་ཀྱིས་ང་ལ་བྱིན་རླབས་མ་གནང་བར་དུ་ངས་ཁྱེད་ལ་འགྲོ་མི་བཅུག་ཅེས་སྨྲས་པས།
བཀོད་པ 32:26ရွာေဖြေလ့လာလိုက္ပါ။
3
བཀོད་པ 32:24
ཁོ་རང་གཅིག་པོ་རྗེས་ལ་བསྡད་དོ། དེ་ནས་མི་གཅིག་ཡོང་ནས་ཁོ་མཉམ་དུ་སྐྱ་རེངས་མ་ཤར་བར་དུ་ཤེད་རྩེད་བྱས་པ་དང་།
བཀོད་པ 32:24ရွာေဖြေလ့လာလိုက္ပါ။
4
བཀོད་པ 32:30
ཡ་ཀོབ་ཀྱིས། ངས་དཀོན་མཆོག་གི་ཞལ་མངོན་སུམ་དུ་མཇལ་ནའང་། ད་དུང་ང་གསོན་པོར་གནས་ཡོད་ཅེས་སྨྲས་ནས། ས་གནས་དེའི་མིང་པེ་ནི་ཨེལ་བཏགས་སོ།
བཀོད་པ 32:30ရွာေဖြေလ့လာလိုက္ပါ။
5
བཀོད་པ 32:25
མི་དེས་ད་ཁོ་ལ་ངས་རྒྱལ་མི་ཐོབ་པ་མཐོང་ནས། ཡ་ཀོབ་ཀྱི་དཔྱི་རུས་ལ་རྡེག་པ་དང་། རུས་པ་དེ་འཐུད་མཚམས་ནས་ཐོན་ནོ།
བཀོད་པ 32:25ရွာေဖြေလ့လာလိုက္ပါ။
6
བཀོད་པ 32:27
མི་དེས། ཁྱོད་རང་གི་མིང་ག་རེ་ཡིན་ཞེས་འདྲི་པས། ལན་དུ་ཡ་ཀོབ་ཡིན་ཞེས་ཁོས་སྨྲས་པས།
བཀོད་པ 32:27ရွာေဖြေလ့လာလိုက္ပါ။
7
བཀོད་པ 32:29
དེ་ནས་ཡ་ཀོབ་ཀྱིས། ད་ཁྱེད་ཀྱི་མིང་གསུངས་ཤིག་ཅེས་སྨྲས་པས། འོན་ཀྱང་ཁོས་ལན་དུ། ཁྱོད་ག་རེའི་དོན་དུ་ངའི་མིང་ཤེས་འདོད་དམ་ཞེས་སྨྲས་ནས་ཡ་ཀོབ་ལ་བྱིན་རླབས་གནང་ངོ་།
བཀོད་པ 32:29ရွာေဖြေလ့လာလိုက္ပါ။
8
བཀོད་པ 32:10
ང་ཁྱེད་ཀྱི་བྲན་གཡོག་ལ་ཁྱེད་ཀྱི་བསྟན་པས་བཀའ་དྲིན་དང་དམ་ཚིག་ང་ལ་ཐོབ་མི་འོས་པ་ཡིན། ང་གཙང་པོ་ཡོར་དན་རྒལ་ནས་ཡོང་སྐབས་འཁར་རྒྱུག་འདི་ལས་མེད་པས། ད་ངས་ཚོ་ཁག་འདི་གཉིས་འཁྱེར་ནས་ཡོང་གི་ཡོད།
བཀོད་པ 32:10ရွာေဖြေလ့လာလိုက္ပါ။
9
བཀོད་པ 32:32
ཨིསི་རཱཨེལ་གྱི་བུ་བརྒྱུད་རྣམས་ཀྱིས་དེ་རིང་གི་བར་དུ་དཔྱི་རུས་ཀྱི་ཤ་མི་ཟའོ། གང་ལ་ཟེར་ན། ཡ་ཀོབ་ཀྱི་དཔྱི་རུ་དེ་ལ་རྨས་སྐྱོན་བྱུང་བའི་རྐྱེན་གྱིས་ཡིན་ནོ༎
བཀོད་པ 32:32ရွာေဖြေလ့လာလိုက္ပါ။
10
བཀོད་པ 32:9
དེ་ནས་ཡ་ཀོབ་ཀྱིས། ཀྱེ་ངའི་སྤོ་སྤོ་ཨབ་ར་ཧམ་དང་ཕ་ཨི་སཱག་གི་དཀོན་མཆོག་ངས་ཞུ་བར་གསན་རོགས་གནང་། གཙོ་བོ་དཀོན་མཆོག་ཁྱེད་ཀྱིས་ང་ལ་རང་གི་ཡུལ་དང་གཉེན་མཚན་གྱི་རྩར་ལོག་ཅིག་དང་། ངས་ཁྱོད་ཀྱི་ཆེད་དུ་ཚང་མ་བདེ་བར་བཟོ་བར་བྱ་ཞེས་ང་ལ་ཁྱེད་ཀྱིས་བཀའ་གནང་ཡོད།
བཀོད་པ 32:9ရွာေဖြေလ့လာလိုက္ပါ။
11
བཀོད་པ 32:11
ད་ཁྱེད་ཀྱི་ང་ལ་ངའི་ཨ་ཇོ་ནས་སྐྱབས་པར་ཞུ་བ་འབུལ་བཞིན་ཡོད། ཁོང་ལ་ང་འཇིགས་ཀྱི་ཡོད། ཁོང་གིས་བུད་མེད་ཚོ་དང་ཕྲུ་གུ་ཚོ་དང་ང་ཚོ་ཚང་མར་འཐབ་ནས་འཇིག་པར་བཟོས་ཡོང་ཞེས་ང་འཇིགས་ཀྱི་འདུག
བཀོད་པ 32:11ရွာေဖြေလ့လာလိုက္ပါ။
ပင္မစာမ်က္ႏွာ
သမၼာက်မ္းစာ
အစီအစဥ္မ်ား
ဗီဒီယိုမ်ား