ཁྱོད་ཚོས་གཙོ་བོ་དཀོན་མཆོག་ཁྱོད་ཚོའི་དཀོན་མཆོག་ལ་བསྙེན་བཀུར་ཞུས་ན་ངས་ཁྱོད་ཚོའི་ཟ་བཏུང་གཉིས་ལ་བྱིན་གྱིས་རླབས་ཤིང་། ནད་གཞི་རྣམས་ཡོངས་སུ་སེལ་རྒྱུ་ཡིན། ཁྱོད་ཚོའི་ཡུལ་དུ་བུད་མེད་ཕྲུ་གུ་མི་ཤོར་བ་དང་བུ་ཕྲུག་མེད་པ་གཅིག་ཀྱང་མི་ཡོང་། ངས་ཁྱོད་ཚོའི་མི་ཚེ་རིང་བར་བྱའོ།