Logo ya YouVersion
Elilingi ya Boluki

ལུ་ཀཱ། 1

1
ལེའུ་དང་པོ།
འབྲི་དགོས་པའི་རྒྱུ་མཚན།
1-2སྐུ་ངོ་ཐེ་ཨོ་ཕི་ལུ་​ཁྱེད་​ལེ་​ཞུ་​རྒྱུ། མི་མང་པོ་ཞིག་གིས་འུའི་སྐྱེན་ལེ་ཅི་གྲུབ་པའི་སྐོར་གྱི་ལོ་རྒྱུས་དེ་བྲིས་པི་དིག ཡང་མིག་གིས་མཐོང་མཁན་བཀའི་ཞབས་ཕྱི་པ་ཀྱ་ཀྱིས་ཉེད་ཀྱ་ལེ་ཅི་གཏད་དི་ཅོག་འདྲ། 3-4ངས་ཟང་ཐོག་མ་​ནས་ཅི་བྱུང་བའི་དོན་དེ་ཡེ་རེ་ལེ་རྩད་གཅོད་དགའ་མོ་བྱས་ཏེ། སྐུ་ངོ་ཁྱེད་ཀྱིས་ཧ་གོ་རྒྱུ་ཆེད་དུ། ལོ་རྒྱུས་​དེ་ཀྱ་གོ་རིམ་བཞིན་དུ་ཡིག་ཐོག་​ལེ་​འབྲི་​རྒྱུ་​ཐག་གཅོད་​བྱས་པི་ཡིན།
ཁྲུས་​གསོལ་བགྱིད་​མཁན་​ཡོ་ཧ་ནན་​འཁྲུང་རྒྱུ་ཡིན་དི་ལུང་བསྟན་པ།
5ཡ་ཧུ་དཱ་​ལུང་པའི་​རྒྱལ་པོ་ཧེ་རོ་དཱེ་​ཟེར་མཁན་​ཁོའི་དུས་ལེ། མིང་ལེ་ཟེ་ཀ་རི་ཡཱ་​ཟེར་མཁན་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་མི་ཞིག་འོད་དིག ཁོ་རང་ནི་མཆོད་པ་འབུལ་མཁན་ཨ་བི་ཡཱ་​ཟེར་མཁན་གྱི་ཁོངས་གཏོགས་ཀྱི་མི་ཞིག་ཡིན་དི་མ་ཟད། ཁོ་རང་ལེ་ཟང་བུད་མེད་ཞིག་འོད་དིག མོའི་མིང་ལེ་ཨེ་ལི་ས་བེད་ཟིན་འོད་དིག མོ་རང་ནི་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་མེས་མེས་​ཨཱ་རོན་​ཟེར་​མཁན་གྱི་​རྒྱུད་​པ་ནས་​ཡིན་དིག 6ཡང་དཀོན་མཆོག་​གི་​མིག་སྔར་​ལེ་​ཟང་ནང་ཚང་དེ་གཉིས་པོ་ནི་མི་​རྣམ་པར་དག་པོ་​ཞིག་​ཡིན་​ཕེན། ཁོང་​གཉིས་​ཀྱིས་​དཀོན་མཆོག་​གི་​བཀའ་​དིང་​ཆོས་ཁྲིམས་​ཡེ་རེ་​དགའ་མོ་བྱས་ཏེ་བསྲུངས་ཕེན། ཁོང་གཉིས་ལེ་སྐྱོན་​འཛུགས་རྒྱུ་གཅིག་​ཟང་​མེད་​དིག 7ཡིན་ནའང་​། ཁོང་རང་གཉིས་ལེ་ཕྲུ་གུ་གཅིག་ཟང་མ་བྱུང་སྟེ་ཁ་རྒས་པི་དིག ཅི་ལེ་ཟེར་ནི། ཨེ་ལི་ས་བེད་​མོ་རང་ནི་རབས་ཆད་​ཡིན་​དིག 8-10དེ་ནས་ཉིན་མ་ཞིག་སྡེ་ཚན་གྱི་གོ་རིམ་ཅོག་འདྲ། དཀོན་མཆོག་གི་མདུན་དུ་མཆོད་གཡོག་བགྱིད་རྒྱུ་ཆེད་དུ་​ལས་འགན་​གྱི་སྐོར་​ལེ་​རྒྱན་​བརྒྱབ་​ཕེན། ཟེ་ཀ་རི་ཡཱ་​ཁོའི་མིང་​ཐོན་པི་​དིག དེ་ནས་ཟེ་ཀ་རི་ཡཱ་ཁོས་​མཆོད་པ་འབུལ་མཁན་གྱི་​ལུགས་སྲོལ་​ཅོག་འདྲ། མཆོད་ཁང་​ནང་​མའི་​ནང་​ལེ་​བསང་​གཏོང་དུ་བུད་དིག ཡང་མི་མང་​ཀྱ་ཟང་མཆོད་ཁང་​གི་​སྒོའི་​ཕྱི་ནང་​མེད་​ནས་​གསོལ་བ་​སྨོན་ལམ་​འདེབས་གྱོ་འོད་དིག 11-12དེའི་དུས་ལེ། དཀོན་མཆོག་​གིས་​བརྫངས་​པའི་​ཕོ་ཉ་​ཞིག་སྤོས་སྤར་སའི་​མཆོད་ཁྲིའི་གཡས་ཕྱོགས་​ལེ་ཀྲོང་ངེར་​བཞུགས་འོད་དི་ཟེ་ཀ་རི་ཡཱ་ཁོས་མཐོང་ལོང་མེད། ཁོ་རང་འཇུ་གུ་​འཁྱར་​རི་​དིག 13ཡིན་ནའང་​། ཕོ་ཉ་ཁོས་ཟེ་ཀ་རི་ཡཱ། ཁྱོད་རང་འཁྱར་སྣང་​བགྱིད་​དགོས་མེད་དིག ཅི་ལེ་ཟེར་ནི། ཁྱོད་ཀྱིས་​གསོལ་བ་སྨོན་ལམ་​བཏབ་པི་དེ་ནི། དཀོན་མཆོག་གིས་​གསན་གནང་ཕེན། ད་ཁྱོད་ཀྱི་​བུད་མེད་​ཨེ་ལི་ས་བེད་​ལེ་​བི་ས་​ཞིག་​སྐྱེ་​ཀྱི་​དིག བི་སའི་​མིང་​ལེ་​ཡོ་ཧ་ནན་​ཟིན་​ཐོགས་​ཤིག 14ཁྱེད་​གཉིས་​ལེ་​བི་ས་​སྐྱེས་​ཏེ་​དགའ་སྤྲོ་​ཆེན་པོ་འོང་རྒྱུ་ཡིན་དི་མ་ཟད། མི་​མང་པོ་ཞིག་གིས་​ཟང་​བི་ས་​སྐྱེས་​པི་དེ་ལེ་དགའ་​སྤྲོ་བགྱིད་ཀྱི་​དིག 15ཅི་ལེ་ཟེར་ནི། དཀོན་མཆོག་​གི་​མིག་སྔར་ལེ་བི་ས་དེ་ནི་གལ་ཆེན་པོ་ཞིག་​ལེ་རྩིས་གནང་གྱི་དིག ཡང་བི་ས་དེས་རྒུན་ཆང་དིང་ཨ་རག་​གི་​ལག་ལེན་​བགྱིད་ཀྱི་མ་དིག ཁོ་རང་ཨ་མའི་​ཁོག་ནང་​ལེ་​འོད་​རྒྱ་ནས་ཕེན། ཁོ་ལེ་དམ་པའི་ཐུགས་ཉིད་​ཀྱིས་​ཁྱབ་ཀྱི་​དིག 16ཡང་​ཁོས་​ཡི་སི་ར་ཨེལ་​པའི་རིགས་རྒྱུད་​མང་པོ་​ཞིག་​རང་གི་ཇོ་བོ་​དཀོན་མཆོག་​གི་​ཕྱོགས་​ལེ་​སེམས་ཁུག་ཏུ་འཇུག་གྱི་དིག 17ཡང་བི་ས་དེས་ཨ་ཀྱི་ཡེ་རེའི་སེམས་​ཕྲུ་གུའི་ཕྱོགས་ལེ་ཁུག་​ཏུ་འཇུག་གི་མ་ཟད། དཀོན་མཆོག་​གི་​བཀའ་​ལེ་​མི་​ཉན་​མཁན་​དེ་​ཀྱ་​ལེ། བློ་​ཤེས་རབ་​འོད་ཡོད་​བཟོས་​ཏེ། ཇོ་བོ་དཀོན་མཆོག་​ལེ་​འཚམ་པའི་​མི་​ཡེ་རེ་​གྲ་སྒྲིག་བགྱིད་​རྒྱུ་​ཆེད་དུ། བི་ས་དེ་ལུང་སྟོན་​མཁན་​ཨེ་ལི་ཡཱ་​དིང་​ཅོག་འདྲ། དམ་པའི་ཐུགས་ཉིད་​ཀྱི་ནུས་​མཐུ་བརྒྱུད་ནས་ཇོ་བོ་​མ་​ཕེབས་པའི་​སྔོན་​ལེ་འོང་གྱི་དིག་སྨྲས་པི་དིག 18དེ་ནས་​ཟེ་ཀ་རི་ཡཱ་ཁོས་​ཕོ་ཉ་ཁོང་​ལེ། ང་རང་​ན་སོ་​རྒས་པོ་​བྱུང་​པི་མ་ཟད་། ངའི་​བུད་མེད་​ཟང་​ན་སོ་རྒས་མོ་​ཡིན་​དིག ང་​ལེ་​བི་ས་​ཅི་གི་​བྱས་​ཏེ་​སྐྱེ་​སྲིད་​རྒྱུ་​ཟིན་​དྲིས་​པི་​དིག 19དེ་ནས་​ཕོ་ཉ་ཁོས་​ཟེ་ཀ་རི་ཡཱ་​ལེ། ང་​ནི་​དཀོན་མཆོག་​གི་དྲུང་​དུ་​སྡོད་​མཁན་ཕོ་ཉ་གེབ་རི་ཨེལ་​ཟེར་མཁན་​དེ་​ཡིན། དཀོན་མཆོག་​གིས་​ང་​ལེ་​གཏམ་བཟང་​པོ་​འདི་​སྐྱེལ་​དུ་​བརྫངས་​བྱུང་​ཟིན་སྨྲས་​པི་​དིག 20ད་ཉོན་དང་། ངས་སྨྲས་པའི་དོན་འདི་མ་འགྲུབ་བར་དུ། ཁྱོད་རང་ལྐུགས་པ་བྱུང་སྟེ། ལབ་ཟེར་ནུས་ཀྱི་མ་དིག ཅི་ལེ་ཟེར་ནི། ཁྱོད་ཀྱིས་ངས་​སྨྲས་པི་ལབ་དེ་ལེ་ཡིད་​ཆེས་​མ་བྱས་པི་དིག 21ཡང་དེ་རྒྱ་​མི་ཡེ་རེས་ཟང་སྒོའི་ཕྱི་ལེ་ཟེ་ཀ་རི་ཡཱ་​ལེ་​སྒུག་​བསྡད་​འོད་དི་མ་ཟད། ཁོ་རང་​མཆོད་ཁང་​ནང་​ལེ་​ཡུན་​རིང་པོ་​འགོར་ཕེན། མི་ཡེ་རེས་དོན་དེ་ལེ་ཡ་མཚན་​སྐྱེས་པི་​དིག 22དེ་ནས་​རྗེས་ལེ་ཁོ་རང་​མཆོད་ཁང་​ནང་ནས་ཕྱི་ལེ་​ཐོན་འོང་​རྒྱ། ཁོ་རང་ལྐུགས་པ་བྱུང་འོད་ཕེན། ཁོས་ལྐུགས་བརྡ་བྱས་ཏེ་ལབ་ཟེར་རི་མཐོང་སྟེ། མི་ཡེ་རེས་​ཁོས་མཆོད་ཁང་​ནང་​ལེ་​ཞལ་གཟིགས་ཤིག་​མཐོང་​པི་ཡིན་དི་མི་ཀྱ་ཀྱིས་ཧ་གོ་པི་དིག ཡང་ཟེ་ཀ་རི་ཡཱ་ཁོས་ཟང་མི་ཀྱ་ལེ་​ལྐུགས་བརྡ་བྱས་ཏེ་སྡོད་དགོས་བྱུང་པི་དིག 23དེ་ནས་ཟེ་ཀ་རི་ཡཱ་ཁོས་མཆོད་པ་འབུལ་རྒྱུ་​ལས་འགན་​དེ་བསྒྲུབས་ནུས་པི་རྗེས་​ལེ་​རང་གི་ཁྱིམ་ལེ་​ལོག་​བུད་དི་​དིག 24དེའི་​རྗེས་​ལེ་​ཁོའི་བུད་མེད་ཨེ་ལི་ས་བེད་ལེ་ཕྲུ་གུ་​ཆགས་​ཕེན། མོ་རང་​ཟླ་བ་​ལྔ་ཚོད་ཁྱིམ་གྱི་​ཕྱི་​ལེ་མ་ཐོན་​ཏེ་བསྡད་​དི་དིག 25དེ་ནས་མོས་​ཇོ་བོ་​དཀོན་མཆོག་​གིས་​ང་​ལེ་​གཟིགས་​སྐྱོང་​གནང་སྟེ། ངའི་​མི་རིགས་ཀྱི་མདུན་དུ་ང་ལེ་འོད་ཡོད་སྣ་ངོ་ཚ་​དེ་མེད་དི་བཟོས་​གནང་​བྱུང་སྨྲས་པི་དིག
སྐྱབས་མགོན་​ཡེ་ཤུ་​འཁྲུང་​རྒྱུ་ཡིན་དི་ལུང་བསྟན་པ།
26-27དེ་ནས་ཨེ་ལི་ས་བེད་​ལེ་​ཕྲུ་གུ་​ཆགས་​ཏེ་​ཟླ་བ་​དྲུག་​ཚོད་​ཡིན་རྒྱ། དཀོན་མཆོག་​གིས་​ཕོ་ཉ་​གེབ་རི་ཨེལ་​ཁོང་རང་ག་ལིལ་​ལུང་པའི་​ནང་​ལེ་འོད་ཡོད་​ནཱ་ཙ་རེལ་​ཟེར་​རི་​ཡུལ་​ལེ་སྡོད་​མཁན། མིང་ལེ་མིར་ཡམ་​ཟེར་མཁན་​ན་ཆུང་མོ་​འོད་​ས་​ལེ་​བརྫངས་​གནང་པི་​དིག བུ་མོ་​དེ་ནི། རྒྱལ་པོ་​དཱ་བིད་​ཀྱི་​རྒྱུད​་པ་ནས་ཡིན་​མཁན་མིང་ལེ་ཡོ་སེབ་​ཟེར་མཁན་​ཁོ་ལེ་སློང་ཆང་བཏང་​ཚར་​རི་​དིག#1.26-27 ཡེ་ཤུ་མ་འཁྲུང་བའི་ལོ་བདུན་བརྒྱ་སྔོན་ལེ། དཀོན་མཆོག་གི་ལུང་སྟོན་པ་ཡེ་ཤ་ཡཱ་ཁོས། སྐྱབས་མགོན་དེ་ནི། བུ་མོ་ཤ་གསར་ཞིག་ནས་འཁྲུང་གྱི་དིག་ཟིན་ལུང་བསྟན་གནང་འོད་དིག ཚིགས་བཅད་དི་ནི་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 7 ཨང་ 14 ནང་ལེ་གཟིགས་རོགས། 28-29དེ་ནས་​ཕོ་ཉ་​དེས་བུ་​མོ་​དེ་འོད་​ས་ལེ་​འོངས་​ཏེ། དཀོན་མཆོག་​གི་​ཐུགས་རྗེ་​ཐོབ་པའི་​བུ་མོའོ། ཁྱོད་བདེ་བ་​ཆེའོ། ཇོ་བོ་ཁྱོད་དིང་སྐྱེན་ལེ་​འོད་དིག་​ཟིན་​སྨྲས་པི་དིག དེ་ནས་མིར་ཡམ་སེམས་​ཚབ་འཇུ་གུ་​བྱུང་སྟེ། གཏམ་འདི་​ཅི་​ཡིན་ནི་བསམས་​པི་​དིག 30དེ་ནས་​ཕོ་ཉ་​དེས་མོ་ལེ། མིར་ཡམ། ཁྱོད་རང་འཁྱར་སྣང་​མ་​བགྱིད། ཁྱོད་​ལེ་​དཀོན་མཆོག་​གི་​ཐུགས་རྗེ་​གཟིགས་​སྐྱོང་ཐོབ་འོད་དིག 31ཉོན་དང་། ཁྱོད་​ལེ་​ཕྲུ་གུ་​ཆགས་​ཏེ་​བི་ས་​ཞིག་​སྐྱེ་​ཀྱི་​དིག བི་ས་​དེའི་​མིང་​ལེ་​ཡེ་ཤུ་​ཟིན་​ཐོགས་ཤིག 32ཁོང་​ལེ་​སྐྱེས་​ཆེན་དམ་པ་དིང་། བླ་ན་མེད་པའི་​དཀོན་མཆོག་​གི་​སྲས་​ཟིན་​འབོད་​ཀྱི་​དིག དཀོན་མཆོག་​གིས་​ཁོང་​ལེ། རང་​གི་​མི་རབས་​མང་པོའི་​སྔོན་​གྱི་​མེས་མེས་​རྒྱལ་པོ་​དཱ་བིད་​ཀྱི་​བཞུགས་ཁྲི་​དེ་​གནང་​རྒྱུ་ཡིན་དི་མ་ཟད། 33ཡུན་​རིང་​ནས་​ཡུན་​རིང་​ཡ་ཀོབ་​ཀྱི་​རིགས་རྒྱུད་​ལེ་​དབང་​འཛིན་​གནང་སྟེ། ཁོང་​གི་​རྒྱལ་ཁབ་དེ་​ཟང་​རྫོགས་མཐའ་​མེད་​མེད་​འོང་​གྱི་​དིག་​ཟིན་སྨྲས་པི་​དིག 34དེ་​ནས་​མིར་ཡམ་​གྱིས་ཕོ་ཉ་ལེ། ང་​ནི་​ད་ལྟ་​བར་དུ་​སྐྱེས་པ་​སུ་​གཅིག་​གི་སྐྱེན་​ལེ་​ལུས་འབྲེལ་བགྱིད་​མྱོང་མེད། ང་​ལེ་​དོན་འདི་ཅི་གི་​བྱས་​ཏེ་​འོང་​སྲིད་​རྒྱུ་​ཟིན་​དྲིས་​ཕེན། 35ཕོ་ཉས་མོ་ལེ། ཁྱོད་​ལེ་དམ་པའི་ཐུགས་ཉིད་​འབབ་​ཏེ། བླ་ན་མེད་པའི་​དཀོན་མཆོག་​གི་​ནུས་མཐུ་ཁྱོད་ལེ་​ཁྱབ་ཀྱི་དིག འོ་དེ་ལེ་བརྟེན་ཏེ། ཁྱོད་​རང་ལེ་​སྐྱེས་པའི་​བི་ས་​དེ་ནི། དམ་པ་​ཞིག་​འོང་རྒྱུ་ཡིན་དི་​མ་ཟད། ཁོང་​ལེ་​དཀོན་མཆོག་​གི་​སྲས་​ཟིན་​འབོད་ཀྱི་དིག 36ཉོན་དང་། ཁྱོད་ཀྱི་​སྲུ་མོ་​ཨེ་ལི་ས་བེད་​མོ་རང་ནི། ན་སོ་རྒས་མོ་ཡིན་དི་མ་ཟད། རབས་ཆད་ཡིན་ནའང་། ད་ལྟ་​མོ་​ལེ་​ཕྲུ་གུ་​ཆགས་​ཏེ་​ཟླ་བ་​དྲུག་ཚོད་སླེབས་འོད་དིག 37ཅི་​ལེ་ཟེར་​ནི། དཀོན་མཆོག་​ལེ་​འགྲུབ་​མི་​ནུས་པའི་​ལས་གཅིག་ཟང་​མེད་​དིག་ཟིན་སྨྲས་པི་དིག 38དེ་ནས་​མིར་ཡམ་​གྱིས་​ང་​ནི་​ཇོ་བོའི་གཡོག་མོ་​ཡིན། ཁྱེད་​ཀྱིས་​བཀའ་གསུངས་​པི་ཅོག་འདྲ་འགྲུབ་པར་​ཤོག་​ཟིན་སྨྲས་པའི་རྗེས་ལེ། ཕོ་ཉ་​དེ་ཕ་ལེ་བུད་དི་དིག
མིར་ཡམ་གྱིས་སྲུ་མོ་ཨེ་ལི་ས་བེད་​ལེ་​ཐུག་​ཏུ་​འགྲོ་བ།
39-40དེ་ནས་ཉིན་མ་​ཁ་ཤས་ཀྱི་རྗེས་​ལེ་​མིར་ཡམ། ཡ་ཧུ་དཱའི་​ལུང་པའི་​རི་ལེ་འོད་ཡོད་གྲོང་གསེབ་ལེ་སྡོད་​མཁན་​ཟེ་ཀ་རི་ཡཱའི་​ཁྱིམ་​ལེ་​མགྱོགས་པོ​་​བུད་དི་​དིག དེ་ནས་མོ་རང་ཁྱིམ་གྱི་ནང་​ལེ་​སླེབས་​ལོང་མེད། མོས་སྲུ་མོ་​ཨེ་ལི་ས་བེད། བཀྲ་ཤིས་བདེ་ལེགས་སྨྲས་པི་དིག 41དེ་ནས་​སྲུ་མོ་མོས་མིར་ཡམ་གྱི་འཚམས་འདྲི་དེའི་སྐད་​དེ་ཐོས་ལོང་མེད། སྲུ་མོའི་ཁོག་ལེ་འོད་ཡོད་​ཕྲུ་གུ་​དེ་ཟང་འཕག་​ཕེན། སྲུ་མོ་ཨེ་ལི་ས་བེད་མོ་རང་ལེ་ཟང་​དམ་པའི་ཐུགས་ཉིད་ཁྱབ་​པི་​དིག 42དེ་ནས་​སྲུ་མོ་མོས་དགའ་རི་དིང་སྐད་ཆེན་པོས་​ངང་​ནས། བུ་མའ་ཡེ་རེའི་​ནང་​ནས་​ཁྱེད་​ལེ་​བྱིན་རླབས་​ཆེའོ། ཁྱེད་​ལེ་ཆགས་པའི་ཕྲུ་གུ་​དེ་​ལེ་​ཟང་​བྱིན་གྱིས་རླབས་པར་ཤོག 43ངའི་​ཇོ་བོའི་ཡུམ། ངའི་​འགྲམ་​ལེ་ཕེབས་གནང་བའི་བཀའ་དྲིན་འདི་ང་ལེ་ཅི་གི་བྱས་ཏེ་འཐོབ་​སྲིད་རྒྱུ། 44གཟིགས་​དང་། ཁྱེད་​ཀྱིས་​འཚམས་འདྲིའི་སྐད་​འདི་​ཐོས་​ལོང་མེད། ངའི་​ཁོག་ལེ་འོད་ཡོད་ཕྲུ་གུ་འདི་​ཟང་​དགའ་རི་བྱུང་སྟེ་​འཕག་​བྱུང་། 45ཇོ་བོ་དཀོན་མཆོགདཀོན་མཆོག་གིས་ ཁྱེད་​ལེ་ཅི་​གསུངས་པི་དེ་འགྲུབ་རྒྱུ་​ཡིན་དི་དེ་ལེ་ཡིད་ཆེས་​མཁན་བུ་མོ་ཁྱེད་རང་བདེ་བ་ཆེའོ་ཟིན་སྨྲས་པི་དིག
མིར་ཡམ་​གྱི་​བསྟོད་གླུ་ཕུལ་བ།
46དེ་ནས་​མིར་ཡམ་​གྱིས། །
ངའི་སེམས་ནས་ཇོ་བོ་​ལེ་བསྟོད། །
47ངའི་སྐྱོབ་མཁན་དཀོན་མཆོག་​ལེ། །
ངའི་སེམས་ཉིད་​དགའ་སྤྲོ་​སྐྱེ། །
48ཁོང་​གིས་​དམན་ཆུང་​གཡོག་མོ་​ལེ་གཟིགས། །
ད་ནས་མི་རབས་ཀུན་གྱིས། །
ང་ལེ་བྱིན་རླབས་ཆེའོ་ཟེར། །
49ཀུན་དབང་ཁོང་གིས་​ང་​ལེ། །
ངོ་མཚར་གྱིས་ལས་རྣམས་མཛད། །
ཁོང་​གི་​མཚན་​ནི་དམ་པ་​ཡིན་​ནོ། །
50ཁོང་​ལེ་བརྩི་​བཀུར་ཞུས་​མཁན་​མི་རབས་ཀུན་ལེ། །
ཁོང་​གི་​ཐུགས་རྗེ་​དེ་དུས་མཐའ་མེད་གནས་པར་འགྱུར། །
51ཁོང་​གི་​ཕྱག་གིས་མཛད་ཆེན་བསྒྲུབས། །
ང་​རྒྱལ་ཅན་ཀྱ་གཏོར་​བར་མཛད། །
52དབང་ཅན་​ཀྱ་​ཁྲི་​ནས་ཕབ་​པར་མཛད། །
དམའ་བ་ཀྱ་མཐོ་ས་ལེ་བཏེགས་​པར་མཛད། །
53ལྟོགས་པར་བཟང་པོས་ཚིམས་པར་​མཛད། །
ཕྱུག་པོ་ཀྱ་ལག་སྟོང་ལེ་བུད་གནང་བར་མཛད། །
54-55མེས་མེས་​ཨབ་ར་ཧམ་ལེ་གསུངས་པི་ཅོག་འདྲ། །
ཞབས་ཕྱི་ཡི་སི་ར་ཨེལ་པ་ལེ། །
ཁོང་གིས་རོགས་པ་གནང་། །
ཨབ་ར་ཧམ་དིང་དེའི་རྒྱུད་པ་ལེ། །
དུས་རྒྱུན་དུ་ཐུགས་རྗེས་གཟིགས། །
ཟིན་བསྟོད་གླུ་ཕུལ་​ལི་​དིག 56དེ་ནས་​མིར་ཡམ་​ཟླ་བ་​གསུམ་​ཚོད་​སྲུ་མོ་​ཨེ་ལི་ས་བེད་དིང་སྐྱེན་ལེ་བསྡད་​དེ་རྗེས་ལེ། མོ་རང་ཁྱིམ་​ལེ་​ལོག་​བུད་དི་དིག
ཁྲུས་གསོལ་​བགྱིད་​མཁན་ཡོ་ཧ་ནན་​འཁྲུངས་པ།
57དེ་ནས་​ཨེ་ལི་ས་བེད་​ཟླ་བ་​ཚང་​སྟེ་​བི་ས་​ཞིག་​སྐྱེས་​པི་མ་ཟད། 58ཇོ་བོ་​དཀོན་མཆོག་​གིས་​ཨེ་ལི་ས་བེད་​ལེ་​ཐུགས་རྗེ་​གཟིགས་སྐྱོང་ཆེན་པོ་​གནང་པི་དེ་ལེ། ཁྱིམ་མཚེས་​དིང་​གཉེན་འཁོར་ཀྱ་​ཀྱིས་​ཟང་ཐོས་​ཏེ། མོ་​རང་དིང་​སྐྱེན་ལེ་​དགའ་རི་དིང་དགའ་སྤྲོ་བགྱིད་འོད་དིག 59-60དེ་ནས་​ཞག་མ་​བརྒྱད་​པ་ལེ་ཕྲུ་གུའི་ཕོ་མཚན་གྱི་རྩེ་ལྤགས་​གཅོད་​རྒྱུ་​ཆོ་ག་​དེ་ལེ། ཁྱིམ་མཚེས་​དིང་​གཉེན་འཁོར་པ་ཡེ་རེ་​འོངས་​པི་​མ་ཟད། ཕྲུ་གུའི་​མིང་​ལེ་​ཟང་​ཨ་ཀྱིའི་​མིང་​ཅོག་འདྲ་​ཟེ་ཀ་རི་ཡཱ་​ཟིན་​འདོགས་​དགོས་​བསམས་པི་དིག ཡིན་ནའང་། བི་སའི་​ཨ་མས་​ཨ་ཀྱི་མིང་ཅོག་འདྲ་​འདོགས་​རྒྱུ་​མན། བི་སའི་མིང་​ལེ་​ཡོ་ཧ་ནན་​ཟིན་​འདོགས་​དགོས་​འོད་​དིག་སྨྲས་​པི་​དིག 61དེ་ནས་​གཉེན་འཁོར་པ་ཀྱ་​ཀྱིས་​མོ་ལེ། ཁྱོད་ཀྱི་​རིགས་རྒྱུད་​ནང་​ལེ་​མིང་​དེ་ཅོག་འདྲ་​ཞིག་སུ་གཅིག་ཟང་​མེད་​དིག་སྨྲས་པི་དིག 62ཡང་ཁོང་​ཀྱ་​ཀྱིས་​བི་སའི་མིང་​ལེ་ཅི་འདོགས་​ཀྱི་དོ་​ཟིན་​ཨ་ཀྱི་​ལེ་​ལག་བརྡ་​བྱས་​ཏེ་དྲིས་​ཕེན། 63ཨ་ཀྱིས་ཤིང་ལེབ་​ཞིག་​འཁྱེར་​ལེད་​དང་སྨྲས་པི་དིག དེ་ནས་ཤིང་ལེབ་​དེའི་​ལྟག་ག་ལེ་​ཨ་ཀྱི་ཁོས་བི་སའི་​མིང་​ལེ་ཡོ་ཧ་ནན་​ཡིན་དིག་ཟིན་​བྲིས་​ཕེན། ཁོང་ཡེ་རེ་ཧ་ལས་​ཆེན་པོ་​བྱུང་པི་​དིག 64དེ་​ལོང་མེད་​ལེ་​དཀོན་མཆོག་གིས་ཟེ་ཀ་རི་ཡཱ་ཁོ་རང་ལྐུགས་བཀྲོལ་​གནང་​སྟེ། ཁོ་ལབ་​ཟེར་​རྒྱུ་འོད་ཡོད་བྱུང་པི་མ་ཟད། ཁོས་དཀོན་མཆོག་​ལེ་​བསྟོད་པ་​ཕུལ་ལི་དིག 65དེ་ནས་​ཁྱིམ་མཚེས་​ཡེ་རེའི་​སེམས་​ནང་​ལེ་​ཚ་​ཟིང་​ཟིང་​དིང་​ཡ་མཚན་​ཆེན་པོ་​བྱུང་ཕེན། གནས་ཚུལ་​དེ་ཡ་ཧུ་དཱ་ལུང་པའི་རི་ལེ་ཆགས་འོད་ཡོད་གྲོང་གསེབ་​ཡེ་རེ་​ལེ་​ཁྱབ་​པི་​དིག 66ཡང་གནས་ཚུལ་​དེ་​ཐོས་​མཁན་​ཀྱ་​ཀྱིས་​ཟང་​དོན་​དེ་​ཡིད་​ལེ་​བོར་​ཏེ། བི་ས་​དེ་​ཅི་གི་རྩ་​ཆེན་​པོ་འོད་ཡོད་ཞིག་​སླེབས་འོང་ཟིན་འོད་​དིག ཅི་ལེ་​ཟེར་​ནི། ཇོ་བོ་​དཀོན་མཆོག་​གི་​ནུས་མཐུ་དེ་ནི་བི་ས་དེའི་སྐྱེན་ལེ་​འོད་དིག
ཟེ་ཀ་རི་ཡཱའི་ལུང་བསྟན་པ།
67དུས་དེ་རྒྱ་བི་སའི་​ཨ་ཀྱི་ཟེ་ཀ་རི་ཡཱ་ལེ་​དམ་པའི་​ཐུགས་ཉིད་​ཁྱབ་​ཕེན་ལུང་བསྟན་ཏེ།
68ཡི་སི་ར་ཨེལ་​གྱི་​ཇོ་བོ་​དཀོན་མཆོག་ལེ། །
འུ་​ཀྱ་​ཀྱིས་​བསྟོད་གླུ་ཕུལ་ཞིག །
ཁོང་འདི་རུ་​ཕེབས་​གནང་སྟེ། །
རང་གི་མི་རིགས་​སྐྱབས་གནང་། །
69ཞབས་ཕྱི་​དཱ་བིད་​ཀྱི་བུ་​རྒྱུད་​ནས། །
ནུས་མཐུ་ཅན་​སྐྱོབ་མཁན་​ཁོང་རང་། །
འུ་ཀྱ་​ཀྱི་ཆེད་དུ་གནང་པི་དིག །#1.69 གེ་རིག་གི་ཟེར་ལུགས་ནང་ལེ། སྐྱོབ་མཁན་ཟིན་མ་བྲིས་འོད་དིག ཐར་པའི་རྭ་ཀྱོག་དེ་ཡར་བཏེགས་ཟིན་བྲིས་འོད་དིག དེའི་དོན་དག་དེ་ནི། ནུས་མཐུ་ཅན་ཡིན་དི་དཔེ་ཞིག་ཡིན་དིག
70གནའ་སྔར་མོའི་དུས་ལུང་སྟོན་​དམ་པ།
དེ་ཀྱ་ཀྱིས་​ངག་​ནས་​གསུངས་པི་ཅོག་འདྲ། །
71སྡང་སེམས་དགྲ་བོ་ནས་འུ་ཀྱ་སྐྱོབ་ཀྱི་དིག །
72-73འུ་ཀྱ་ཀྱི་མེས་མེས་​ལེ་​སྙིང་རྗེ་མཛད་དི་དིང་། །
མེས་མེས་​ཨབ་ར་ཧམ་ལེ་བོར་རི་ཞལ་བཞེས་དེ། །
ཁོང་གིས་བརྗེད་མ་གནང་སྟེ་དྲན་གནང་པི་མ་ཟད། །
74-75འུ་​ཀྱ་​དགྲ་བོའི་ལག་​ནས་​སྐྱོབ་གནང་རྒྱུ་ཆེད་དུ། །
ཁོང་​གི་​དྲུང་​དུ་​ཚེ་​གང་འཇིགས་པ་​མེད་​དི་དམ་པ་དིང་། །
དྲང་བདེན་​ངང་​ནས་​ཁོང་​ལེ་​བསྙེན་བཀུར་ཞུ་འོད་དིག །
76ཁྱོད་ནི་​བླ་ན་མེད་པའི་​དཀོན་མཆོག་​གི་ལུང་སྟོན་​པ་ཡིན་དིག་ཟིན། །
སྐྱེ་​ཕོ་མོ་​ཀུན་​གྱིས་​ཁ་​ནས་​ཐོན་​ཏེ་​ཁྱབ་པར་​འགྱུར། །
ངའི་བི་ས་ཁྱོད་​ནི་ཇོ་བོའི་​སྔོན་​ལེ་​འགྲོ་​དགོས་པི་​དིང་། །
ཁྱོད་​ཀྱིས་​ཁོང་​གི་​ཕེབས་​ལམ་​དེ་གྲ་སྒྲིག་​བགྱིད་ཀྱི་དིག །
77མི་རིགས་ཀུན་གྱི་སྡིག་པ་​བསལ་ལི་ཐར་བའི་དོན་ལེ། །
ཁྱོད་ཀྱིས་ཁོང་གི་མི་​རིགས་ལེ་ལམ་བཟང་པོ་ངོ་སྤྲོད་བགྱིད་ཀྱི་དིག །
78ཁོང་ནི་སྙིང་རྗེ་ཅན་གྱི་དཀོན་མཆོག་དེ་ནི་ཡིན་དིག །
ཁོང་ནི་གནམ་ནས་ཞོགས་པའི་​ཉི་མའི་འོད་​ཟེར་ཅོག་འདྲ། །
འུ་ཀྱ་ཀྱི་དགུང་​ལེ་འཕྲོ་འོང་རྒྱུ་ཆེད་དུ་ཡིན་དི་མ་ཟད། །
79གཏི་མུག་​དིང་​འཆི་མུན་པས་​གནོན་འོད་ཡོད་​ཀུན་ཀྱ། །
ཞི་བདེའི་​ལམ་​དེ་ལེ་​འཁྲིད་​རྒྱུ་ཆེད་དུ་འོད་ཟེར་​དེ་འཕྲོད་ཀྱི་དིག །
ཟིན་ལུང་བསྟན་པི་དིག 80དེ་​ནས་བི་ས་​ཡོ་ཧ་ནན་ཁོ་རང་ནི། ཉིན་རེ་​ནས་ཉིན་རེ་འཚར་​ལོང་བྱུང་པི་མ་ཟད། སེམས་​སྟོབས་ཆེན་པོ་​འོད་ཡོད་མི་ཞིག་​བྱུང་​སྟེ། ཡི་སི་ར་ཨེལ་པ་​ཀྱ་ལེ། ཁོ་རང་མངོན་སུམ་དུ་མ་སྟོན་བར་དུ། ཁོ་མི་མེད་ལུང་སྟོང་​ལེ་​བསྡད་​དི་​དིག །

Currently Selected:

ལུ་ཀཱ། 1: DLPO

Tya elembo

Kabola

Copy

None

Olingi kobomba makomi na yo wapi otye elembo na baapareyi na yo nyonso? Kota to mpe Komisa nkombo