1
ཡོ་ཧ་ནན། 15:5
གློ་བ།
ང་ནི་རྒུན་འབྲུམ་ཤིང་སྡོང་ཡིན། དེ་ནས་ཁྱེད་ཀྱ་གོ་ཡལ་ག་ཀྱ་ཡིན། ངའི་ནང་སུ་གནས་ལི། དེ་ནས་ཁོའི་ནང་ང་གནས་ན། ཁོ་ལ་འབྲས་བུ་མང་ང་ཆགས་ཀྱི་ལགས། ག་བྱས་རེ་སྨྲ་ན་ང་ནས་བྲལ་རེ་ཁྱེད་ཀྱ་ཡིས་གིའང་བྱེད་མི་ཐུབ་ཀྱི་ལགས།
Confronta
Esplora ཡོ་ཧ་ནན། 15:5
2
ཡོ་ཧ་ནན། 15:4
ངའི་ནང་གནས། དེ་ནས་ང་ཁྱེད་ཀྱ་ནང་གནས་ལ་ཡིན། ཡལ་ག་ནི་རྒུན་འབྲུམ་ཤིང་སྡོང་ལ་མེད་གནས་ན། རང་བཞིན་གྱི་འབྲས་བུ་མེད་སྐྱེ་གིན་ཅོག་རེ། ཁྱེད་ཀྱའང་ངའི་ནང་མེད་གནས་ན། འབྲས་བུ་ཆགས་མི་ཐུབ་བ་ལགས།
Esplora ཡོ་ཧ་ནན། 15:4
3
ཡོ་ཧ་ནན། 15:7
ཁྱེད་ཀྱ་ངའི་ནང་གནས་ཏེ་ངའི་བཀའ་ཁྱེད་ཀྱ་ཡི་ནང་གནས་ན། ཁྱེད་ཀྱིས་གི་འདོད་ཀྱིན་གོ་ཞུས། དེ་ནས་འོ་དེ་ཁྱེད་ཀྱི་ཕྱིར་ལ་འགྲུབ་ཀྱི་ལགས།
Esplora ཡོ་ཧ་ནན། 15:7
4
ཡོ་ཧ་ནན། 15:16
ཁྱེད་ཀྱ་ཡིས་ང་ལ་བདམས་པ་མིན། ཡིན་ནའང་ངས་ཁྱེད་ཀྱ་ལ་བདམས་པ་ཡིན། དེ་ནས་ཁྱེད་ཀྱ་སོང་རེ་འབྲས་བུ་ཆགས་ཡས་དང་འབྲས་བུ་དེ་རྟག་ཏུ་གནས་ཡས་ལ་ངས་ཁྱེད་ཀྱ་ལ་བསྐོས་བ་ཡིན། འོ་བྱས་རེ་ཁྱེད་ཀྱ་ཡིས་ངའི་མིང་གི་ཐོག་ནས་ཡབ་ལ་གི་ཞུ་ན། ཁོང་པ་ཡིས་ཁྱེད་ཀྱ་ལ་གནང་གི་ལགས།
Esplora ཡོ་ཧ་ནན། 15:16
5
ཡོ་ཧ་ནན། 15:13
རང་གི་གྲོགས་པོ་ཀྱ་ཡི་དོན་དུ་རང་སྲོག་བློས་བཏང་གིན་ནས་ལྷག་བྱམས་པ་གཞན་མ་མེད།
Esplora ཡོ་ཧ་ནན། 15:13
6
ཡོ་ཧ་ནན། 15:2
ངའི་ནང་འོད་མཁན་ཡལ་ག་གི་རི་ནས་འབྲས་བུ་མེད་ཆགས་མཁན་ཡལ་ག་ཀྱ་ཁོང་པ་ཡིས་བཅད་མཛད་ད་ལགས། དེ་ནས་འབྲས་བུ་ཆགས་ཀྱིན་ཡལ་ག་གི་རི་དེ་ལས་ལྷག་འབྲས་བུ་ཆགས་ཡས་ལ་ཁོང་པ་ཡིས་འོ་དེ་གི་རི་འབྲེག་བཅོས་མཛད་ད་ལགས།
Esplora ཡོ་ཧ་ནན། 15:2
7
ཡོ་ཧ་ནན། 15:12
ངས་ཁྱེད་ཀྱ་ལ་བྱམས་པ་བྱེད་ཀྱིན་ཅོག་རེ་ཁྱེད་ཀྱ་གཅིག་གིས་གཅིག་ལ་བྱམས་པ་བྱེད། དེ་ནི་ངའི་བཀའ་ཁྲིམས་ཡིན།
Esplora ཡོ་ཧ་ནན། 15:12
8
ཡོ་ཧ་ནན། 15:8
ཁྱེད་ཀྱ་ལ་འབྲས་བུ་མང་ང་ཆགས་ཏེ་ངའི་ཉེ་གནས་ཡིན་མཁན་གོ་དཔང་པོ་བྱེད་ན། དེའི་སྒོ་ནས་རང་ངའི་ཡབ་ཀྱི་གཟི་བརྗིད་འབྱུང་གི་ལགས།
Esplora ཡོ་ཧ་ནན། 15:8
9
ཡོ་ཧ་ནན། 15:1
ང་ནི་རྒུན་འབྲུམ་ཤིང་སྡོང་བདེན་པ་གོ་ཡིན། དེ་ནས་ངའི་ཡབ་ནི་རྒུན་འབྲུམ་ལྡུམ་ར་སྐྱོང་མཁན་གོ་ཡིན།
Esplora ཡོ་ཧ་ནན། 15:1
10
ཡོ་ཧ་ནན། 15:6
ངའི་ནང་མེད་གནས་མཁན་གོ་ལ་ཡལ་ག་ཅོག་རེ་ཕི་ལ་གཡུག་གི་ལགས། དེ་ནས་སྐམས་ཀྱི་ལགས། དེ་ནས་འོ་དེ་ཡལ་ག་ཀྱ་རུག་སྟེ། དེ་ནས་མེ་ལ་གཡུག་སྟེ་བསྲག་བ་ལགས།
Esplora ཡོ་ཧ་ནན། 15:6
11
ཡོ་ཧ་ནན། 15:11
ངའི་དགའ་སྤྲོ་ཁྱེད་ཀྱ་ཡི་སེམས་ནང་གནས་ཡས་དང་ཁྱེད་ཀྱ་ཡི་དགའ་སྤྲོ་ཁངས་ཡས་ལ། ངས་ཁྱེད་ཀྱ་ལ་དེ་ལབ་ཀྱ་བཤད་པའི།
Esplora ཡོ་ཧ་ནན། 15:11
12
ཡོ་ཧ་ནན། 15:10
ངའི་ཡབ་ཀྱི་བཀའ་ཀྱ་བསྲུངས་རེ་ཁོང་པ་ཡི་བྱམས་པའི་ནང་དུ་གནས་ཀྱིན་ཅོག་རེ། ཁྱེད་ཀྱ་ཡིས་འང་ངའི་བཀའ་ཀྱ་བསྲུངས་ན། ཁྱེད་ཀྱ་ངའི་བྱམས་པའི་ནང་དུ་གནས་ཀྱི་ལགས།
Esplora ཡོ་ཧ་ནན། 15:10
13
ཡོ་ཧ་ནན། 15:17
གཅིག་གིས་གཅིག་ལ་བྱམས་པ་བྱེད། དེ་རང་ཁྱེད་ཀྱ་ལ་ངའི་བཀའ་གོ་ཡིན།
Esplora ཡོ་ཧ་ནན། 15:17
14
ཡོ་ཧ་ནན། 15:19
ཁྱེད་ཀྱ་འཇིག་རྟེན་གྱི་ཡིན་གྱིན་གོ་ཡིན་ན། འཇིག་རྟེན་གྱིས་རང་གི་ཡིན་མཁན་གོ་ལ་བྱམས་པ་བྱེད་ཡས་འོད། ཡིན་ནའང་ཁྱེད་ཀྱ་འཇིག་རྟེན་གྱི་མ་ལགས། ངས་འཇིག་རྟེན་ནས་ཁྱེད་ཀྱ་ལ་བདམས་ད་བྱས་རེ་འཇིག་རྟེན་གྱི་ཁྱེད་ཀྱ་ལ་སྡང་ང་བྱེད་ད་ལགས།
Esplora ཡོ་ཧ་ནན། 15:19
Home
Bibbia
Piani
Video