མད་ཐཱ། 28
28
ལེའུ་ཉི་ཤུ་རྩ་བརྒྱད།
ཡེ་ཤུ་སྐུ་ཡང་དང་གསོན་པ།
1ངལ་གསོ་བའི་ཉིན་མ་རྫོགས་པི་རྗེས་ལེ། བདུན་ཕྲག་གི་ཉིན་དང་པོ་ཉི་མ་ཤར་ཚོད་ལེ། མིར་ཡམ་མག་དལ་དིང༌། མིར་ཡམ་གཞན་མ་ཁོ་གཉིས་ཀྱིས་ཡེ་ཤུའི་ཕུང་པོ་བོར་འོད་ཡོད་བྲག་ཕུག་འོད་ས་ལེ་ལྟ་རུ་བུད་དི་དིག 2དེ་རྒྱ་ཧོབ་ཏེ་ཁ་ལེ་ས་འགུལ་ཆེན་པོ་ཞིག་བརྒྱབ་ཕེན། དཀོན་མཆོག་གི་ཕོ་ཉ་ཞིག་ནམ་མཁའ་ནས་བབས་འོངས་པི་མ་ཟད། བྲག་ཕུག་ཁ་ལེ་བཀག་སྟེ་བོར་འོད་ཡོད་ཕོང་གན་ཆེན་པོ་དེ་ཕ་ལེ་འཕུལ་ཏེ། དེའི་ལྟག་ག་ལེ་བཞུགས་གནང་པི་དིག 3ཁོང་གི་གཟུགས་པོ་དེ་ནི་གློག་གི་འོད་འཕྲས་པི་ཅོག་འདྲ་ཡིན་དི་མ་ཟད། ནམ་བཟའ་ནི་ཁ་བ་ཅོག་འདྲ་དཀར་པོ་འོད་ཕེན། 4ཁོང་གི་ཕུང་པོ་བོར་ས་བྲག་ཕུག་སྲུང་སྟེ་སྡོད་མཁན་དམག་མི་ཀྱ་ཀྱིས་ཟང་གནས་ཚུལ་དེ་མཐོང་ཕེན། འཇུ་གུ་འཁྱར་ཏེ་འདར་ཕེན། ཤི་རོ་ཅོག་འདྲ་བྱུང་པི་དིག 5དེ་ནས་ཕོ་ཉ་དེས་བུ་མའ་དེ་གཉིས་ལེ། འཁྱར་སྣང་མ་བགྱིད་ཅིག ཁྱེད་གཉིས་གདུང་མ་ཀུ་རུ་ཁ་ལྟག་ག་ལེ་བཀྲོངས་པའི་ཡེ་ཤུ་ཁོང་འཚོལ་དུ་འོངས་པི་ཡིན་དི་ངས་ཧ་གོ་འོད། 6ཁོང་གིས་དེ་སྔོན་གསུངས་པི་ཅོག་འདྲ། ཁོང་སྐུ་གསོན་པོར་བཞེངས་ཚར་ཏེ་འདི་རུ་མེད་དིག ཁོང་གི་ཕུང་པོ་བོར་ས་ལེ་ལྟ་རུ་ཤོག 7ད་ཁྱོད་གཉིས་མགྱོགས་པོ་ཕ་ལེ་རྒྱུགས། ཁོང་གྲོངས་ཏེ་གསོན་པོར་བཞེངས་འདུག ཁོང་ནི་ད་ལྟ་ཁྱེད་ཀྱ་ཀྱི་སྔོན་ལེ་ག་ལིལ་ལུང་པ་ལེ་ཕེབས་ཚར་རི་དིག དེ་རུ་ཁོང་མཇལ་གྱི་དིག་ཟིན་ཁོང་གི་སློབ་མ་ཀྱ་ལེ་སྨྲོས་ལེད། ལྟོས་དང་། ད་ངས་ཁྱེད་ཀྱ་ལེ་སྨྲས་ཚར་རི་ཡིན་ཟིན་སྨྲས་པི་དིག 8དེ་ནས་བུ་མའ་དེ་ཀྱ་འཁྱར་སྣང་ཆེན་པོ་བྱུང་ནའང་། དགའ་སྤྲོའི་ངང་ནས་དུར་ཁང་ནས་ཐོན་ཏེ་མགྱོགས་པོ་ཁོང་གི་སློབ་མ་ཀྱ་ལེ་ལན་སྐྱེལ་དུ་བུད་དི་དིག 9དེ་ལོང་མེད་བུ་མའ་དེ་གཉིས་ལེ་ཡེ་ཤུ་ཐུག་ཕེན། ཁོང་གིས་ཁྱེད་ཀྱ་ལེ། ཞི་བདེ་འོང་བར་ཤོག་ཟིན་གསུངས་པི་དིག བུ་མའ་དེ་གཉིས་ཁོང་གི་མདུན་དུ་འོངས་ཏེ། ཞབས་ལེ་འཇུས་ཏེ་ཕྱག་འཚལ་ལི་དིག 10དེ་ནས་ཡེ་ཤུས་བུ་མའ་དེ་གཉིས་ལེ། ཁྱེད་ཀྱ་འཁྱར་སྣང་མ་བགྱིད་ཅིག ད་རྒྱུགས། ངའི་སྤུན་ཟླ་ཀྱ་ལེ། ག་ལིལ་ལུང་པ་ལེ་རྒྱུགས་ཤིག་སྨྲོས་ལེད། དེ་རུ་ང་མཐོང་གྱི་དིག་ཟིན་གསུངས་པི་དིག
དུར་ཁང་སྲུང་མཁན་ཀྱ་ཀྱིས་དཀྲོག་གཏམ་བཟོས་པ།
11བུ་མའ་ཀྱ་ཕ་ལེ་འགྲོ་རྒྱ། དུར་ཁང་གི་སྲུང་དམག་ཁ་ཤས་རྒྱལ་ས་ལེ་འོངས་ཏེ། ཅི་བྱུང་བའི་གནས་ཚུལ་ཡེ་རེ་མཆོད་པ་འབུལ་མཁན་ཀྱ་ལེ་བཤད་དི་དིག 12དེ་ནས་མཆོད་པ་འབུལ་མཁན་དིང་རྒན་མི་ཀྱ་འཛོམས་ཏེ། ད་ཅི་བགྱིད་དགོས་འོད་མེད་སྐོར་ལེ་གྲོས་བསྡུར་བྱས་པི་རྗེས་ལེ། ཁོང་ཀྱ་ཀྱིས་དུར་ཁང་གི་སྲུང་དམག་དེ་ཀྱ་ལེ་ལྐོག་ཏུ་དངུལ་སྒོར་མང་པོ་བྱིན་ཏེ། 13ཁྱེད་ཀྱ་ཀྱིས་མི་ཡེ་རེ་ལེ། ཉེད་ཀྱ་མཚན་མོ་གཉིད་ལོག་རྒྱ། ཁོའི་སློབ་མ་ཀྱ་འོངས་ཏེ་རོ་བརྐུས་ཏེ་མི་འདུག་ཟེར་དགོས་འོད་སྨྲས་པི་དིག 14གལ་སྲིད་སྤྱི་དཔོན་གྱིས་ལབ་དེ་ཐོས་པི་ཡིན་ནི། ཉེད་ཀྱིས་ཁོང་ལེ་སྐད་ཆ་ཤོད་རོ། ཁྱེད་ཀྱ་རྙོག་དྲ་དེ་ནས་ཐར་གྱི་དིག་སྨྲས་ཏེ། 15དུར་ཁང་གི་སྲུང་དམག་དེ་ཀྱ་ཀྱིས་ཟང་དངུལ་སྒོར་དེ་བླངས་པི་རྗེས་ལེ། ཁོང་ཀྱ་ཀྱིས་ཅི་སྨྲོས་ཤིག་སྨྲས་པི་ཅོག་འདྲ་བྱས་པི་དིག ཡང་གནས་ཚུལ་དེ་ཟང་ཡ་ཧུ་དཱ་པ་ཀྱ་ཀྱི་ནང་ལེ་ཁྱབ་པི་མ་ཟད། སྒྲུང་གཏམ་འདི་ད་ལྟའི་དུས་ལེ་ཟང་། ཡ་ཧུ་དཱ་པའི་མི་ཀྱ་ཀྱི་ཁ་ནས་ཤོད་གྱོ་འོད་དིག
གཏམ་བཟང་ཤོད་རྒྱུ་བཀའ་གནང་བ།
16དེ་ནས་སློབ་མ་བཅུ་གཅིག་ཀྱ་ལེ། ཡེ་ཤུས་གསུངས་པི་ཅོག་འདྲ། ག་ལིལ་ལུང་པའི་རི་ལེ་བུད་དི་མ་ཟད། 17སློབ་མ་ཀྱ་ཀྱིས་ཡེ་ཤུ་མཐོང་ཕེན། ཁོང་ལེ་ཕྱག་འཚལ་ལི་དིག ཡིན་ནའང་། ཁ་ཤས་ཀྱིས་ཁོང་ལེ་ཐེ་ཚོམ་སྐྱེས་ཕེན། 18ཡེ་ཤུ་རང་གི་སློབ་མ་ཀྱ་ཀྱི་རྩ་རུ་ཕེབས་ཏེ། དཀོན་མཆོག་གིས་གནམ་ས་གཉིས་ཀྱི་དབང་ཆ་ཡེ་རེ་ང་ལེ་གནང་འོད་དིག 19འོ་དེ་ལེ་བརྟེན་ཏེ། ད་རྒྱུགས། མི་རིགས་ཡེ་རེ་ངའི་སློབ་མ་ལེ་སྐོས་ཤིག ཡབ་དིང་སྲས། དམ་པའི་ཐུགས་ཉིད་ཀྱི་མཚན་ནང་དུ་མི་ཀྱ་ལེ་ཁྲུས་གསོལ་གྱིས་ཤིག 20ངས་ཁྱེད་ཀྱ་ལེ་གཏད་དི་བཀའ་དེ་ཡེ་རེ་སློབ་མ་ཀྱ་ཀྱིས་བསྲུང་དགོས་པའི་ཆེད་དུ་སློབས་ཤིག ཉོན་དང་། ང་དུས་རྒྱུན་དུ་ཁྱེད་ཀྱ་ཀྱི་སྐྱེན་ལེ་འོད་དི་མ་ཟད། མཐའ་མའི་དུས་བར་དུ་ཟང་འོད་ཟིན་གསུངས་པི་དིག ། ། །
Valið núna:
མད་ཐཱ། 28: DLPO
Áherslumerki
Deildu
Afrita

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.