1
མཱཪ་ཀུ 2:17
New Tibetan Bible བོད་འགྱུར་གསར་མ།
སྐྱབས་མགོན་ཡེ་ཤུས་གཏམ་དེ་ཐོས་ནས་འདི་སྐད༌དུ། ལུས་ཁམས་བདེ་བའི་མི་ཡིས་སྨན་པ་བསྟེན་མི་དགོས༌མོད། འོན་ཀྱང་ནད་པས་ད་གཟོད་སྨན་པ་བསྟེན་དགོས་པ༌ཡིན། བདག་ནི་མི་གཞུང་དྲང་རྣམས་འབོད་དུ་འོངས་པ་མ་ཡིན༌པར། མི་སྡིག་ཅན་རྣམས་འབོད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།
Lee anya n'etiti ihe abụọ
Nyochaa མཱཪ་ཀུ 2:17
2
མཱཪ་ཀུ 2:5
སྐྱབས་མགོན་ཡེ་ཤུས་དེ་རྣམས་ཀྱི་དད་སེམས་གཟིགས་ཏེ་ཞ་བོ་དེ་ལ་འདི་སྐད༌དུ། སྙིང་གི༌བུ། ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་གསུངས༌སོ།།
Nyochaa མཱཪ་ཀུ 2:5
3
མཱཪ་ཀུ 2:27
ཡང་འདི་སྐད༌དུ། ངལ་གསོ་བའི་ཉིན་མོ་ནི་མིའི་དོན་དུ་མཛད་པ༌ལས། མི་ནི་ངལ་གསོ་བའི་ཉིན་གྱི་དོན་དུ་མཛད་པ་མ་ཡིན༌ནོ།།
Nyochaa མཱཪ་ཀུ 2:27
4
མཱཪ་ཀུ 2:4
ཡང་མི་མང་པོ་འདུས་པས་དེ་རྣམས་ཁོང་གི་སྐུ་དྲུང་དུ་འགྲོ་ཐབས་མ་བྱུང༌བར། ཁོང་ཉིད་བཞུགས་སའི་ཁང་པ་དེའི་ཁང་ཀླད་བཀོག་ནས་བརྟོལ་བ༌དང༌། མི་ཞ་བོ་དེ་ཁྱོགས་ཤིང་དང་བཅས་མར༌བཏང༌།
Nyochaa མཱཪ་ཀུ 2:4
5
མཱཪ་ཀུ 2:10-11
འོན༌ཀྱང༌། འདི་ནི་ས་སྟེང་དུ་མིའི་བུ་ལ་སྡིག་པ་བསལ་བའི་དབང་ཡོད་པ་ཁྱོད་རྣམས་ཀྱིས་ཤེས་པའི་ཕྱིར་ཡིན་ཞེས་གསུངས༌རྗེས། ཁོང་གིས་ཞ་བོ་དེ་ལ་འདི་སྐད༌དུ། བདག་གིས་ཁྱོད་ལ་སྨྲ་བར་བྱ༌སྟེ། ཡར་ལོངས༌ལ་ཁྱོགས་ཤིང་ཁུར་ནས་ཕྱིར་རང་ཡུལ་དུ་སོང་ཞིག་ཅེས་བཀའ་གནང་མ༌ཐག
Nyochaa མཱཪ་ཀུ 2:10-11
6
མཱཪ་ཀུ 2:9
མི་ཞ་བོ་འདི་ལ་ཁྱོད་ཀྱི་སྡིག་པ་བསལ་བ་ཡིན་ཞེས་ཟེར་བ༌དང༌། ཡར་ལོངས་ལ་ཁྱོད་ཀྱི་ཁྱོགས་ཤིང་ཁུར་ནས་སྐྱོད་ཅིག་ཅེས་ཟེར་བ་གཉིས་ལས་གང་ཞིག༌སླའམ།
Nyochaa མཱཪ་ཀུ 2:9
7
མཱཪ་ཀུ 2:12
མི་དེ་ཡར་ལངས་ནས་ཁྱོགས་ཤིང་ཁུར་ཏེ་མི་ཚང་མའི་མིག་མདུན་ནས་སྒོའི་ཕྱི་རུ༌ཕྱིན། དོན་དེར་མི་ཐམས་ཅད་ངོ་མཚར་བར་གྱུར༌ཏེ། དཀོན་མཆོག་ལ་བསྟོད་བསྔགས་བརྗོད་ཅིང་བདག་ཅག་གིས་དོན་འདི་འདྲ་ཞིག་གཏན་ནས་མཐོང་མ་མྱོང་ཞེས་སྨྲས༌སོ།།
Nyochaa མཱཪ་ཀུ 2:12
Ulo
Akwụkwọ Nsọ
Atụmatụ
Vidiyo