མད་ཐཱ། 6

6
སྦྱིན་པ་བཏང་ཡས་ཀྱི་སྐོར།
1མི་གཞན་མ་ཡིས་མཐོང་ཡས་ཀྱི་ཕྱིར་ལ་ཁོང་ཀྱ་ཡི་གདོང་དུ་དྲང་བདེན་གྱི་ལས་ཀ་མི་བྱེད་ཡས་ལ་གཟབ་གཟབ་བྱེད། དེ་རེ་བྱེད་ན་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱོའི་ཡབ་ནས་ཁྱོད་ལ་བྱ་དགའ་མེད་འཐོབ་ཀྱི་ལགས། 2འོ་བྱས་རེ་དབུལ་སྤྲེ་ཀྱ་ལ་སྦྱིན་པ་བཏང་བའི་གང་ལ། ཟོག་བྱེད་མཁན་ཀྱ་ཡིས་མི་ཀྱ་ནས་བསྟོད་པ་འཐོབ་ཡས་ཀྱི་ཕྱིར་ལ། ཚོགས་ཁང་དང་སྲང་གག་ཀྱ་ལ་དུང་བུས་རེ་རྒྱུག་གིན་ཅོག་རེ་ཁྱེད་ཀྱ་མ་བྱེད། བདེན་པ་རང་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁོང་ཀྱ་ཡི་བྱ་དགའ་ཁོང་ཀྱ་ལ་ཐོབ་ཚར་ལགས། 3ཡིན་ནའང་ཁྱེད་ཀྱ་དབུལ་སྤྲེ་ཀྱ་ལ་སྦྱིན་པ་བཏང་བའི་གང་ལ། ཁྱོའི་ལག་པ་གཡས་ཀྱིས་སྟེར་གྱིན་གོ་ལག་པ་གཡོན་གྱི་མ་ཚོར་ར་ཤོག། 4དེ་རེ་བྱེད་ན་ཁྱོས་སྦྱིན་པ་བཏང་གིན་གོ་གསང་བའི་ཐོག་ནས་འབྱུང་གི་ལགས། དེ་ནས་གསང་བ་ནས་གཟིགས་ཀྱིན་ཁྱོའི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་གི་ལགས།
གསོལ་བ་འབུལ་ཡས་ཀྱི་སྐོར་ལ།
(ལུ་ཀ། ༡༡:༢-༤)
5དེ་ནས་ཁྱེད་ཀྱ་གསོལ་བ་འདེབས་བའི་གང་ལ། ཟོག་བྱེད་མཁན་མི་ཀྱ་ཅོག་རེ་མ་བྱེད། གི་བྱས་རེ་སྨྲ་ན་མི་ཀྱ་ཡིས་མཐོང་ཡས་ཀྱི་ཕྱིར་ལ། ཁོང་ཀྱ་ཚོགས་ཁང་དང་སྲང་གག་གི་ཟུར་ཀྱ་ལ་ལངས་རེ་སྨོན་ལམ་བརྒྱབ་ཡས་ལ་དགའ་ལ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁོང་ཀྱ་ཡི་ཁོ་རི་བྱ་དགའ་གི་རི་ཐོབ་ཚར་ལགས། 6ཡིན་ནའང་ཁྱེད་ཀྱ་གསོལ་བ་འདེབས་བའི་གང་ལ། ཁྱོད་རི་ནང་བུག་ཏུ་སོང་རེ་སྒོ་བརྒྱབ་སྟེ་གསང་བ་ལ་བཞུགས་ཀྱིན་ཁྱོའི་ཡབ་ལ་གསོལ་བ་འདེབས། དེ་ནས་གསང་བ་ནས་གཟིགས་ཀྱིན་ཁྱོའི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་གི་ལགས།
7ཡང་ཁྱེད་ཀྱ་གསོལ་བ་འདེབས་བའི་གང་ལ། ཚིག་མང་ང་ཡིས་བྱས་རེ་དད་པ་མི་བྱེད་མཁན་ཀྱ་ཁོ་རི་སྨོན་ལམ་ཀྱ་གསན་གྱི་ལགས་བསམས་ཀྱིན་ཅོག་རེ། ཁྱེད་ཀྱ་དོན་མེད་ཀྱིན་ཚིག་ཀྱ་བེད་སྤྱོད་མ་བཏང་། 8ཁོང་ཀྱ་ཅོག་རེ་མ་བྱེད། གི་བྱས་རེ་སྨྲ་ན་ཁྱོད་ལ་གི་དགོས་ཀྱིན་གོ་ཁྱོས་མ་ཞུ་གིན་ཨེན་ལ་རང་ཁྱོའི་ཡབ་ཀྱིས་མཁྱེན་ད་ལགས། 9ཁྱོད་ཀྱ་དེ་རེ་བྱས་རེ་སྨོན་ལམ་ཞུས།
ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་འི་ཀི་ཡབ།
ཁྱེད་རང་གི་མཚན་དམ་པར་སྲུང་བར་ཤོག།
10ཁྱེད་རང་གི་རྒྱལ་སྲིད་འོང་བར་ཤོག།
ཁྱེད་རང་གི་ཐུགས་དགོངས་ནམ་མཁའི་ཞིང་ཁམས་ལ་བསྒྲུབས་ཀྱིན་ཅོག་རེ་ས་ལའང་འགྲུབ་པར་ཤོག
11འི་ཀི་ཉིན་རེའི་ཟ་མ། དི་རིང་འེ་ལ་གནང་ང་མཛད།
12འི་ཀིས་གཞན་གྱི་ནོར་འཁྲུལ་སེལ་གྱིན་ཅོག་རེ།
འི་ཀི་སྡིག་པ་ཀྱ་སེལ་བར་མཛད།
13འེ་ལ་ཚོད་ལྟ་ལ་ཆུད་དུ་མ་བཅུག་རོགས་མཛད།
ཡིན་ནའང་ངན་པ་གོ་ནས་འེ་ལ་ཐར་པར་མཛད།
རྒྱལ་སྲིད་དབང་དང་གཟི་བརྗིད་ནི། རྒྱུན་ནས་རྒྱུན་དུ་ཁྱེད་རང་གི་ཡིན། ཨ་མེན།#༦:༡༣གྷི་རིག་དེབ་གསར་པ་རིང་འགའ་ལ་གཅིག་ཀ་འདི་བྲིས་འོད་ད་ལགས།
14ཁྱེད་ཀྱིས་མི་གཞན་མ་ཡི་ཉེས་སྐྱོན་ལ་དགོངས་ཡངས་བཏང་ན། ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་ཀྱི་ཡབ་ཀྱིས་འང་ཁྱེད་ཀྱ་ལ་དགོངས་ཡངས་གནང་གི་ལགས། 15ཡིན་ནའང་ཁྱེད་ཀྱ་ཡིས་མི་གཞན་མ་ཡི་ཉེས་སྐྱོན་ཀྱ་དགོངས་ཡངས་མ་བཏང་ན། ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ཀྱི་སྡིག་པ་ཀྱ་དགོངས་ཡངས་མེད་གནང་གི་ལགས།
སྨྱུང་གནས་ཀྱི་སྐོར་ལ།
16ཟོག་བྱེད་མཁན་ཀྱ་ཡིས་མི་གཞན་མ་ལ་སྨྱུང་གནས་ལ་བཞུགས་འོད་སྨྲས་རེ་སྟོན་ཡས་ཀྱི་ཕྱིར་ལ། ཁོ་རང་ཀྱ་ཡི་རྣམ་འགྱུར་འགྱུར་གྱིན་ཅོག་རེ་ཁྱེད་ཀྱ་སྨྱུང་གནས་སྲུང་བའི་གང་ལ་ཁོང་ཀྱ་ཅོག་རེ་ངོ་ནག་པོ་མ་སྟོན། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁོང་ཀྱ་ཡི་ཁོ་རི་བྱ་དགའ་གི་རི་ཐོབ་ཚར་ར་ལགས། 17ཡིན་ནའང་ཁྱེད་ཀྱ་སྨྱུང་གནས་སྲུང་བའི་གང་ལ་རང་གི་མགོ་ལ་སྣུམ་བྲུ། དེ་ནས་ངོ་རོང་ཁྲུས། 18དེ་ནས་མི་ཀྱ་ཡིས་ཁྱོའི་སྨྱུང་གནས་བཞུགས་ཀྱིན་གོ་མེད་མཐོང་བ། ཡིན་ནའང་གསང་བ་ལ་བཞུགས་ཀྱིན་ཁྱོའི་ཡབ་ཀྱིས་གཟིགས་བར་ཤོག།དེ་ནས་གསང་བ་ལ་བཞུགས་ཀྱིན་ཁྱོའི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་གི་ལགས།
ནམ་མཁའི་ཞིང་ཁམས་དུ་རྒྱུ་ནོར།
(ལུ་ཀ། ༡༢:༣༣-༣༦;༡༦:༡༣)
19འཇིག་རྟེན་དུ་རང་གི་ཕྱིར་ལ་རྒྱུ་ནོར་མ་བསགས། གི་བྱས་རེ་སྨྲ་ན་དུ་རུ་མུག་པ་པ་དང་བཙའ་ཡིས་མེད་ད་ལ་བཏང་གི་ལགས། དེ་ནས་རྐུན་མོ་འཛུལ་རེ་རྐུ་གི་ལགས། 20ཡིན་ནའང་ཁྱེད་རི་ཕྱིར་ལ་ནམ་མཁའི་ཞིང་ཁམས་དུ་རྒྱུ་ནོར་སོག།གི་བྱས་རེ་སྨྲ་ན་འོ་དུ་རུ་མུག་པ་དང་བཙའ་ཡིས་མེད་ནོངས་ལ་ལགས། དེ་ནས་རྐུན་མོ་འཛུལ་རེ་རྐུ་ཡས་མེད་ད་ལགས། 21གི་བྱས་རེ་སྨྲ་ན་ཁྱོའི་རྒྱུ་ནོར་འོད་ས་རུ་ཁྱོའི་སེམས་གོའང་ཆགས་ཀྱི་ལགས།
22མིག་ནི་ལུས་ཀྱི་མར་མེ་ལགས། འོ་བྱས་རེ་ཁྱོའི་མིག་ཐང་ང་འོད་ན་ཁྱོའི་ལུས་གི་རི་འོད་ཀྱིས་ཁང་གི་ལགས། 23ཡིན་ནའང་ཁྱོའི་མིག་དགའ་མེད་ན། ཁྱོའི་ལུས་གི་རི་མུན་ནག་གིས་ཁང་གི་ལགས། འོ་བྱས་རེ་ཁྱོའི་ནང་དུ་འོད་ཀྱིན་འོད་དེ་མུན་ནག་པ་འོད་ན། འོ་དེ་མུན་ནག་པ་དེ་གིན་གི་ཚབ་ཆེ་ལེ།
24མི་གཅིག་བདག་པོ་གཉིས་ཀྱི་གཡོག་རྒྱུག་མི་ཐུབ་བ་ལགས། གི་བྱས་རེ་སྨྲ་ན་ཁྱོས་གཅིག་ལ་སྡང་ང་བྱེད་ན། གཞན་མ་གོ་ལ་བརྩེ་བ་བྱེད་ཀྱི་ལགས། ཡང་གཅིག་ལ་བློ་འཁེལ་ན། གཞན་མ་གོ་ལ་མཐོང་ཆུང་བྱེད་ཀྱི་ལགས། ཁྱོད་དཀོན་མཆོག་དང་དངུལ་གཉིས་ཀ་ར་ཡི་གཡོག་རྒྱུག་མི་ཐུབ་བ་ལགས།
སྡུག་ང་མ་བྱེད།
(ལུ་ཀ། ༡༢:༢༢-༣༡)
25འོ་བྱས་རེ་ང་ཁྱེད་ཀྱ་ལ་སྨྲ་ཡིན། མི་ཚེའི་ཕྱིར་ལ་གི་ཟ་ཡས། གི་འཐུང་ཡས། དེ་ནས་ལུས་ཀྱི་ཕྱིར་ལ་གི་གོན་ཡས་སྨྲས་རེ་སྡུག་ང་མ་བྱེད། ཟ་མ་ནས་ཁག་ཆེ་མི་ཚེ་དང་། གོས་ལག་ནས་ཁག་ཆེ་ལུས་མ་ལེ། 26གནམ་གྱི་བྱ་ཀྱ་ལ་ལྟོས། དེ་ཀྱ་ས་ང་མེད་བཏབ་བ་ལགས། ལོ་ཏོག་མེད་རྔ་ལགས། དེ་ནས་འབྲུ་ཁང་དུ་མེད་བསགས་ལགས། ཡིན་ནའང་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱོའི་ཡབ་ཀྱིས་དེ་ཀྱ་ལ་ཟ་མ་གནང་ང་ལགས། ཁྱེད་ཀྱ་དེ་བྱ་ཀྱ་ནས་ལྷག་ཁག་ཆེ་མ་ལེ། 27སྡུག་ང་བྱས་རེ་ཁྱེད་ཀྱ་ནས་སུས་རང་གི་མི་ཚེ་ལ་ཆུ་ཚོད་གཅིག་སྣོན་ག་བརྒྱབ་ཐུབ་བ་ལེ།
28དེ་ནས་གོན་ཡས་ཀྱི་ཕྱིར་ལ་ཁྱེད་ཀྱ་གི་བྱས་རེ་སྡུག་ང་བྱེད་ད། རྩྭ་ཐང་གི་མེ་ཏོག་ཀྱ་གང་གི་བྱས་རེ་སྐྱེ་ལིའོ་ལྟོས། དེ་ཀྱ་ལས་ཀ་མི་བྱེད་ད་ལགས། དེ་ནས་བལ་མེད་འཁལ་ལགས། 29ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། རྒྱལ་བོ་སོ་ལོ་མོན་གཟི་བརྗིད་ཆེ་ཡིན་ན། དེ་མེ་ཏོག་ཀྱ་ནས་གཅིག་ཅོག་རེ་གོས་ལག་མཛེས་བ་གོན་མ་མྱོང་བ་ལགས། 30དི་རིང་སྐྱེ་རེ་བསྡད་དེ་ཉེ་དྲོ་ཐབ་ལ་གཡུག་ཡས་འོད་ཀྱིན་ཞིང་གི་རྩྭ་ཀྱ་ལ་དཀོན་མཆོག་གིས་དེ་རེ་སྐོན་ཐུབ་ན། ཁྱེད་དད་པ་ཆུང་བ་ཀྱ་ལ། ཁོང་པ་ཡིས་དེ་ལས་ལྷག་སྐོན་མེད་གནང་གི་ལེ།
31འོ་བྱས་རེ་གི་ཟ་ཡས་དང་། གི་འཐུང་ཡས་དང་། གི་གོན་ཡས་སྨྲས་རེ་སྡུག་ང་མ་བྱེད། 32གི་བྱས་རེ་སྨྲ་ན་དད་པ་མི་བྱེད་མཁན་ཀྱ་དེ་ཀྱ་གི་རི་བཙལ་ལ་ལགས། དེ་ནས་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ཀྱ་ལ་དེ་གི་རི་དགོས་ལ་ལགས་སྨྲས་རེ་མཁྱེན་ད་ལགས། 33ཡིན་ནའང་ཨེན་ལ་དཀོན་མཆོག་གི་རྒྱལ་སྲིད་དང་ཁོང་པ་ཡི་དྲང་བདེན་ལ་ཚོལ། དེ་ནས་དེ་གི་རི་ཁྱེད་ཀྱ་ལ་གནང་གི་ལགས། 34འོ་བྱས་རེ་ཉེ་དྲོ་གི་ཕྱིར་ལ་སྡུག་ང་མ་བྱེད། གི་བྱས་རེ་སྨྲ་ན་ཉེ་དྲོ་ལ་ཉེ་དྲོ་རང་གི་སྡུག་ང་འོད་ད་ལགས། དི་རིང་གི་སྡུག་ང་དི་རིང་གི་ཕྱིར་ལ་སྒྲིག་ཡས་འདུག།།།

वर्तमान में चयनित:

མད་ཐཱ། 6: LOY

हाइलाइट

शेयर

कॉपी

None

Want to have your highlights saved across all your devices? Sign up or sign in