མད་ཐཱ། 17

17
ཡེ་ཤུ་ཡི་སྐུ་དབྱིབས་འགྱུར་བ།
(མར་ཀུ། ༩:༢-༡༣; ལུ་ཀ། ༩:༢༨-༣༦)
1ཞག་མོ་དྲུག་གི་གཤམ་ལ་ཡེ་ཤུ་ཡིས་པེ་ཏྲོ་དང་། ཡ་ཀོབ་དང་། ཁོའི་ནུ་བོ་ཡོ་ཧ་ནན་ལ་གཅིག་ཀ་ཁྲིད་དེ་རི་མཐོ་བ་གཅིག་གང་ལ་ཕེབས་པ་ལགས། 2དེ་ནས་ཁོང་ཀྱ་ཡི་གདོང་དུ་ཡེ་ཤུ་ཡི་སྐུ་དབྱིབས་འགྱུར་པ་ལགས། ཁོང་པ་ཡི་ཞལ་ཉི་མའི་འོད་ཅོག་རེ་ཤར་པ་ལགས། དེ་ནས་ཁོང་པ་ཡི་ན་བཟའ་འོད་ཅོག་རེ་དཀར་བོ་འགྱུར་པ་ལགས། 3དེ་ནས་འོ་དེ་གང་ལ་རང་ཁོང་པ་ཡི་གདོང་ལ་མོ་ཤེ་དང་ཨེ་ལི་ཡཱ་ཁོང་པ་མུ་ལ་བཀའ་མོལ་གསུངས་བའི་བཞུགས་ཀྱིན་གོ་ཁོང་གསུམ་ལ་མཇལ་བ་ལགས། 4དེ་ནས་པེ་ཏྲོ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། གཙོ་བོ། འེ་ཀྱ་དུ་རུ་བྱུང་གིན་གོ་དགའ་ཡས་རེ་བྱུང་འདུག།ཁྱེད་རང་གི་ཐུགས་འོད་ན། ངས་དུ་རུ་བཞུགས་ས་གསུམ་བཟོ་བོ། གཅིག་ཁྱེད་རང་ལ། གཅིག་མོ་ཤེ་ལ། དེ་ནས་གཅིག་ཨེ་ལི་ཡཱ་ཡི་ཕྱིར་ལ།
5པེ་ཏྲོ་ཡིས་ལབ་བཏང་བའི་བཏང་བའི་ཁོང་པ་ཀྱ་ལ་སྲིང་པ་དཀར་བོ་གཅིག་གིས་བསྒྲིབས་པ་ལགས། དེ་ནས་སྲིང་པ་སང་ནས་གསུང་སྐད་གཅིག་གིས་དེ་རེ་གསུངས་བ་ལགས། འདི་ནི་ངའི་གཅེས་བའི་སྲས་ཡིན། འདི་མུ་ལ་ང་དམི་ཅིག་གི་ཉམ་མོ་དགའ་འོད། ཁོང་ལ་ཉན། 6ཉེ་གནས་ཀྱ་ཡིས་འདི་གོ་སྟེ་ཁོང་ཀྱ་དམི་ཅིག་གི་འཇིགས་ཏེ་ས་ལ་གུག་བྱས་བ་ལགས།
7ཡིན་ནའང་ཡེ་ཤུ་ཕེབས་ཏེ་ཁོང་ཀྱ་ཁར་ལ་ཕྱག་བཞག་མཛད་དེ་གསུངས་བ་ལགས། ལོངས། དེ་ནས་མ་འཇིགས། 8དེ་ནས་ཁོང་ཀྱ་ཡིས་བཏག་བྱས་རེ་བལྟས་གང་ལ་ཁོང་ཀྱ་ཡིས་འོ་དུ་རུ་ཡེ་ཤུ་མ་ན་སུའང་མ་མཐོང་བ་ལགས།
9ཁོང་པ་ཀྱ་རི་ནས་མ་ལ་བབ་བའི་གང་ལ་ཡེ་ཤུ་ཡིས་ཁོང་ཀྱ་ལ། མིའི་བུ་འཆི་བ་ནས་གསོན་པོ་མ་བཞེངས་ཀྱིན་ཐུག་པའི་ཁྱེད་ཀྱ་ཡིས་མཐོང་ཐ་འདི་སུ་ལའང་མ་བཤད་གསུངས་རེ་བཀའ་གནང་བ་ལགས།
10དེ་ནས་ཉེ་གནས་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། འོ་རེ་ཡིན་ན་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་མཱ་ཤི་ཀ་ཨེན་ལ་ཨེ་ལི་ཡཱ་ཕེབས་དགོས་ཀྱི་ལགས་སྨྲས་རེ་གི་བྱས་རེ་སྨྲ་ལེ།
11ཁོང་པ་ཡིས་གསུངས་བ་ལགས། ཨེ་ལི་ཡཱ་ཨེན་ལ་ཕེབས་ཀྱི་ལགས། དེ་ནས་གི་རི་གྲ་སྒྲིག་མཛད་ཀྱི་ལགས། 12ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཨེ་ལི་ཡཱ་ཕེབས་ཚར་ལགས། དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ངོ་མ་ཤེས་བ་ལགས། ཡིན་ནའང་ཁོང་ཀྱ་ཡིས་གི་འཐད་ཀྱིན་གོ་ཁོང་ལ་བྱས་བ་ལགས། དེ་རེ་རང་བྱས་རེ་ཁོང་ཀྱ་ཡི་ལག་པ་ནས་མིའི་བུ་སྡུག་པོ་མྱང་གི་ལགས། 13དེ་ནས་ཡེ་ཤུ་ཡིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སྐོར་ལ་ཁོང་ཀྱ་ལ་གསུངས་བ་ལགས་སྨྲས་རེ་ཉེ་གནས་ཀྱ་ཡིས་ཧ་གོ་པ་ལགས།
འདྲེ་འཛུལ་ཛ་བི་ཛ་གཅིག།
(མར་ཀུ། ༩:༡༤-༢༩; ལུ་ཀ། ༩:༣༧-༤༣)
14དེ་ནས་ཡེ་ཤུ་དང་ཉེ་གནས་གསུམ་མི་ཚོགས་རྩ་རུ་ཕེབས་བའི་གང་ལ། མི་གཅིག་ཡེ་ཤུའི་དྲུང་དུ་འོངས་རེ་པུས་མོ་ས་ལ་བཙུགས་ཏེ་ཁོང་པ་ལ་ཞུས་བ་ལགས། 15གཙོ་བོ། ངའི་བི་ཛ་ལ་སྙིང་རྗེ་མཛད་རོགས་གནང་། གི་བྱས་རེ་སྨྲ་ན་ཁོ་ལ་གཟའ་ན་ཚ་བྱུང་རེ་ཁོ་དམི་ཅིག་གི་སྡུག་པོ་མྱངས་བའི། ཁོ་དུས་འགའ་མེ་ཁོག་ལ་འགྱེལ་ལི། དེ་ནས་དུས་འགའ་ཆུ་ནང་དུ་ལྷིམ་མའི། 16ངས་ཁོ་ལ་ཁྱེད་རང་གི་ཉེ་གནས་ཀྱ་རྩ་རུ་ཁྲིད་དེ་འོངས་བའི། ཡིན་ནའང་ཁོང་ཀྱ་ཡིས་ཁོ་ལ་བཅོས་ག་མཛད་ཐུབ་ཀྱི་མིན་འདུག།
17དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། དད་པ་མི་བྱེད་མཁན་དང་ངན་པ་མི་རབས་ཀྱ་བོ། ང་ཁྱེད་ཀྱ་མུ་ལ་ག་ཚོད་ཐུག་པའི་བསྡད་གུ་ལེ། ང་ཁྱེད་ཀྱ་ལ་ནམ་ཐུག་པའི་བཟོད་པ་བྱེད་ཡས། ཁོ་ལ་ང་རྩ་རུ་འཁྲིད་དེ་ཤོག། 18དེ་ནས་ཡེ་ཤུ་ཡིས་འོ་དེ་ལ་བཀའ་བཀྱོན་མཛད་པ་ལགས། དེ་ནས་ཁོའི་ནང་ནས་འདྲེ་གོ་ཐོན་ཏེ་བི་ཛ་གོ་ལམ་སང་བཅོས་ག་བྱུང་བ་ལགས།
19དེ་ནས་ཉེ་གནས་ཀྱ་ཡེ་ཤུ་རྩ་རུ་ཟུར་ལ་བཅར་ཏེ་ཁོང་པ་ལ་ཞུས་བ་ལགས། འེ་ཀྱ་ཡིས་འོ་དེ་ལ་གི་བྱས་རེ་བཏོན་མ་ཐུབ་པ་ལེ།
20ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱི་དད་པ་ཆུང་རག་ཏེ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁྱེད་ཀྱ་ལ་ཚུག་གི་འབྲས་བུ་ཚོད་དད་པ་འོད་ན། ཁྱེད་ཀྱ་ཡིས་འདི་རི་དེ་ལ་དེ་ནས་འུ་རུ་སྤོས་རེ་སོང་སྨྲ་ན་འོ་དེ་སྤོ་གི་ལགས། དེ་ནས་ཁྱེད་ཀྱ་ཡིས་བྱེད་མི་ཐུབ་ཀྱིན་གིའང་མེད་ཡོང་གི་ལགས། 21[ཡིན་ནའང་དེ་རེ་འདྲེ་གོ་སྨོན་ལམ་བརྒྱབ་སྟེ་སྨྱུང་གནས་ལ་བསྡད་དེ་གཅིག་ཀ་བཏོན་ཐུབ་ཀྱི་ལགས།]#༡༧:༢༡ འདི་ཚིག་བཅད་ ༢༡ དེ་ཨེན་མའི་གྷི་རིག་དེབ་ཀྱ་ལ་མེད་ད་ལགས།
རང་གི་འཆི་བའི་སྐོར་ལ་ཡེ་ཤུ་ཡིས་མངོན་ཤེས་གཉིས་བ།
(མར་ཀུ། ༩:༣༠-༣༢; ལུ་ཀ། ༩:༤༣-༤༥)
22ཁོང་པ་ཀྱ་ག་ལིལ་དུ་འཛོམས་མའི་གང་ལ། ཡེ་ཤུ་ཡིས་ཉེ་གནས་ཀྱ་ལ་གསུངས་བ་ལགས། མིའི་བུ་ནི་མི་ཀྱ་ཡི་ལག་པ་རུ་རྩི་བརྒྱབ་གུ་བྱེད་འདིག། 23དེ་ནས་ཁོང་ཀྱ་ཡིས་ཁོ་ལ་བསད་ཀྱི་ལགས། ཡིན་ནའང་ཉིན་མ་གསུམ་པ་གོ་ལ་ཁོ་གསོན་གྱི་ལགས། དེ་ནས་ཁོང་ཀྱ་དམི་ཅིག་གི་སེམས་ཕམ་པ་ལགས།
མཆོད་ཁང་གི་ཁྲལ།
24ད་ཡེ་ཤུ་དང་ཉེ་གནས་ཀྱ་ཀཱ་ཕར་ན་ཧུམ་དུ་སླེབས་བའི་གང་ལ། ཁྲལ་སྡུད་མཁན་ཀྱ་པེ་ཏྲོ་རྩ་རུ་འོངས་རེ་ཁོ་ལ་སྨྲས་བ་ལགས། ཁྱིད་ཀྱི་དགེ་རྒན་མཆོད་ཁང་གི་ཁྲལ་མེད་ཇང་ང་ལེ།
25པེ་ཏྲོ་ཡིས་ཇང་ང་ལགས་སྨྲས་རེ་སྨྲས་བ་ལགས།
དེ་ནས་ཁོ་ནང་དུ་འཛུལ་ལི་གང་ལ། ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། སི་མོན། འཇིག་རྟེན་གྱི་རྒྱལ་བོ་ཀྱ་སུ་ནས་ཕུ་དོག་ཡང་མེད་ན་ཁྲལ་སྡུད་བ་ལེ། རང་གི་བུ་ཀྱ་ནས་ཡང་མེད་ན་གཞན་མ་ནས་སྡུད་བ་ལེ། ཁྱོའི་བསམ་བློ་གི་འོད་དོ།
26དེ་ནས་པེ་ཏྲོ་ཡིས་གཞན་མ་ཀྱ་ནས་སྡུད་བ་ལགས་སྨྲས་རེ་ཞུས་གང་ལ་ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། འོ་རེ་ཡིན་ན་བི་ཛ་ཀྱ་ཡིས་ཇང་མེད་དགོས་བ་ལགས། 27གི་ཡིན་ན་ཁོང་ཀྱ་ལ་ཕོག་ཏུ་མི་བཅུག་ཡས་ལ། ཁྱོད་མཚོ་ལ་སོང་རེ་ལྕགས་ཀྱུ་གཅིག་ཆུ་ནང་ལ་གཡུག། དེ་ནས་ཨེན་ལ་འཐོན་གྱིན་ཉ་གོ་ལེན། དེ་ནས་འོ་དེའི་ཁ་པེ་རེ་དངུལ་གྱི་ཊམ་ཀ་གཅིག་རྙེད་ཀྱི་ལགས། འོ་དེ་འཁྱེར་ཏེ་འོ་རང་གཉིས་བོའི་ཁྲལ་གྱི་ཕྱིར་ལ་ཁོང་ཀྱ་ལ་འཇོང་།།

वर्तमान में चयनित:

མད་ཐཱ། 17: LOY

हाइलाइट

शेयर

कॉपी

None

Want to have your highlights saved across all your devices? Sign up or sign in