ཡོ༌ཧཱ༌ནན༌ 3

3
གཙོ༌བོ༌ ཡེ༌ཤུ༌ དང༌ ནི༌ཀོ༌དེ༌མས༌།
3:1-21
1ནི༌ཀོ༌དེ༌མས༌ ཟེར༌ཁན༌ནི༌ ཕ༌རུ༌ཤི༌པ༌ཞིག༌ ཡོད༌པིན༌, ཁོ༌ ཡ༌ཧུ༌དཱ༌པ༌ ཝང༌སྲུལ༌པའེ༌ ཚོགས༌དུའི༌ ཐུས༌མི༌ཞིག༌ ཨིན༌པིན༌། 2ཞག༌ཤིག༌ ཁོ༌ ཡེ༌ཤུ༌ ཡོད༌ས༌ ཚན༌ལ༌ ཡོངས༌ཏེ༌ ཟེརས༌, “ལོབ༌བོན༌ལེ༌,#3:2 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ རབ༌བི༌ ཏོན༌ནི༌ ལོབ༌བོན༌ ཨིན༌ནོག༌། ཉེ༌རང༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཕེབས༌ཁན༌ནི༌ ལོབ༌བོན༌ ཨིན༌ཁན༌བོ༌ ང༌ཞའེ༌ ཤེས༌, ཅིའ༌ཞུ༌ན༌ དཀོན༌མཆོག༌ ཉམ༌པོ༌ ཡོད༌ཏེ༌ མ༌ནེ༌ སུ༌ཞིག༌གའང༌, ཉེ༌རང༌ངི༌ སྟན༌ན༌ ཛད༌ཁན༌ནི༌ ཧ༌ལས༌ཤེས༌སི༌ ལྟས༌གུན༌ སྟན༌ མི༌ཉན༌།”
3ཡེ༌ཤུའི༌ ཁོའ༌ ལན༌སལས༌, “ངའེ༌ ཁྱོ༌རང༌ང༌ དེན༌བ༌ དེན༌བ༌ ཟེར༌རད༌, ནམ༌ཚོག༌པ༌ སུ༌ཞིག༌ ཡང༌སྐྱར༌ མི༌སྐྱེ༌, དཀོན༌མཆོག༌གི༌ གྱལ༌སྲིད༌པོ༌ ཁོའ༌ མི༌ཐོང༌།”
4ནི༌ཀོ༌དེ༌མས༌སི༌ ཟེརས༌, “མི༌ རྒད༌པོ༌ཞིག༌ ཡང༌སྐྱར༌ ཀ༌ཟུག༌གི༌ སྐྱེའ༌ནོག༌། ཁོ༌རང༌ངི༌ ཨ༌མའེ༌ ཅང༌ཁོག༌གི༌ ནང༌ང༌ ཞུགས༌ཏེ༌ ལན༌ ཉིས༌པ༌ སྐྱེ༌ མི༌ཐུབ༌།”
5ཡེ༌ཤུའི༌ ལན༌སལས༌, “ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ནམ༌ཚོག༌པ༌ མི༌ཞིག༌ ཆུ༌ དང༌ ཐུག༌ཉིད༌ནེ༌ སྐྱེ༌ མི༌སྐྱེ༌, ཏེ༌གུན༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ཞུགས༌ མི༌ཉན༌། 6མི༌ཞིག༌ ཟུགས༌པོའེ༌ ཐོག༌ག༌ ཕ༌མ༌ནེ༌ སྐྱེའ༌ནོག༌, ཨིན༌ནའང༌ ཐུག༌ཉིད༌ནེ༌ སྐྱེས༌ཁན༌གུན༌ ནི༌ ཏམ༌པའེ༌ ཐུག༌ཉིད༌ནེ༌ སྐྱེའ༌ནོག༌། 7ངའེ༌ ‘ཁྱོ༌རང༌ང༌ ཡང༌སྐྱར༌ སྐྱེ༌གོས༌’ ཟེར༌ཁན༌བོའ༌ ཧ༌མ༌ལས༌། 8ལུངས༌པོ༌ ཀ༌རུ༌ ཐད༌ནའང༌ ཏེན༌ན༌ ཆོགས༌ལ༌ གྱུག༌ག༌ནོག༌། ཁྱོ༌རང༌ང༌ ཏེ༌བོའེ༌ སྐད༌ ཚོར༌ར༌ནོག༌, ཨིན༌ནའང༌ ཏེ༌བོ༌ ཀ༌ནེ༌ ཡོང༌ངད༌ ཡང༌ ཀ༌རུ༌ ཆའད༌ ཤེས༌ས༌ མ༌ནོག༌, ཏེན༌ན༌ ཙོགས༌ ཐུག༌ཉིད༌ནེ༌ སྐྱེས༌ཁན༌ ཚང༌མ༌ ཉམ༌པོ༌ ཨིན༌ནོག༌།”
9ནི༌ཀོ༌དེ༌མས༌སི༌ ཟེརས༌, “ཀ༌ཟུག༌གི༌ ཏེ༌བོ༌ དེན༌བ༌ ཨིན༌ནོག༌?”
10ཡེ༌ཤུའི༌ ལན༌སལས༌, “ཁྱོ༌རང༌ ཨིས༌ར༌ཨེལ༌པའེ༌ ཆོས༌སི༌ ལོབ༌བོན༌ཞིག༌ ཨིན༌ཏེའང༌ ཁྱོ༌རང༌ང༌ ཧ༌གོའ༌ མེད༌ད༌? 11ངའེ༌ ཁྱོ༌རང༌ང༌ དེན༌བ༌ དེན༌བ༌ ཟེར༌རད༌, ང༌ཞའེ༌ གྱུས༌ཡོད༌ཁན༌གུན༌ ཟེར༌རད༌ ཡང༌ ཐོང༌ཏེ༌ ཨིན༌ཁན༌བོའེ༌ སྤང༌པོ༌ ཏང༌ངད༌། ཏེ༌ནེའང༌ ཁྱོ༌ཞ༌གུན༌ནི༌ ང༌ཞའེ༌ སྤང༌པོ༌བོའ༌ དེན༌ཤེས༌ས༌ མི༌དུག༌། 12ངའེ༌ ཁྱོ༌ཞ༌གུན༌ལ༌ ཇིག༌རྟེན༌ དང༌ བྲེལ༌ཁན༌ནི༌ སྤེ༌ར༌ ཤད༌པིན༌, ཨིན༌ནའང༌ ཏེ༌བོའ༌ ཁྱོ༌ཞའེ༌ དེན༌ མ༌ཤེས༌། ཀལ༌ཏེས༌ ངའེ༌ ནམ༌ཁའ༌ དང༌ བྲེལ༌ཁན༌ནི༌ སྤེ༌ར༌ ཤད༌ན༌, ཁྱོ༌རང༌ངི༌ ཀ༌ཟུག༌ག༌ དེན༌ཤེས༌ཨིན༌། 13ནམ༌ཁའ༌ནེ༌ ཡོངས༌ཏེ༌ ཨིན༌ཁན༌ མི༌རིགས༌སི༌བུ༌ མན༌པ༌ སུ༌ཞིག༌གའང༌ ནམ༌ཁའ༌ མ༌སོང༌། 14-15ཀ༌ཟུག༌ རི༌སྟོང༌ངི༌ ནང༌ང༌ མོ༌ཟེས༌སི༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབ༌ཅེས༌ལ༌ ར༌གན༌ནི༌ རུལ༌ཞིག༌ བེར༌ཀའེ༌ཀ༌ སྟག༌ག༌ ཙོགས༌ལ༌, མི༌རིགས༌སི༌བུའི༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌སི༌ ཕིའ༌ ངའང༌ སྟག༌གོས༌ཨིན༌།”
16“དཀོན༌མཆོག༌གི༌ ཇིག༌རྟེན༌པ༌གུན༌ལ༌ འི༌ཟམ༌ ཅམས༌པ༌ ཛདས༌, ཁོང༌ངི༌ ཁོང༌རང༌ངི༌ སྲས༌ ཅིག༌ཅིག༌པོའང༌ སལ༌ལ༌ ཛདས༌, ཁོང༌ངི༌ སྲས༌སི༌ཀ༌ ཏད༌པ༌ ཅོ༌ཁན༌ ཚང༌མ༌ མེད༌ཁན༌ མ༌ཆའ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཨིན༌། 17དཀོན༌མཆོག༌གི༌ རང༌ངི༌ སྲས༌ ཇིག༌རྟེན༌པ༌གུན༌ལ༌ ཆད༌པ༌ ཅད༌ཅེས༌ལ༌ མན༌པ༌, ཁོང༌ གྱུད༌ཏེ༌ ཐར༌པ༌ སལ༌ཅེས༌སི༌ ཕིའ༌ ཇིག༌རྟེན༌ནི༌ ནང༌ང༌ ཀལ༌ལ༌ ཛདས༌།”
18“སྲས༌སི༌ཀ༌ ཏད༌པ༌ ཅོ༌ཁན༌གུན༌ ཉལ༌ཝའེ༌ ནང༌ང༌ མ༌ནེ༌ ཕང༌ང༌ མི༌ཛད༌, ཨིན༌ནའང༌ ཏད༌པ༌ མ༌ཅོ༌ཁན༌གུན༌ལ༌ ཉལ༌ཝའེ༌ ཆད༌པ༌ ཕོག༌ ཚར༌ཏེ༌ ཨིན༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ དཀོན༌མཆོག༌གི༌ སྲས༌ ཅིག༌ཅིག༌པོའེ༌ཀ༌ ཏད༌པ༌ མ༌ཅོས༌། 19ཏེ༌ ཆད༌པ༌ སལ༌ཅེས༌སི༌ ཏོན༌བོ༌ ནི༌: དཀོན༌མཆོག༌གི༌ འོད༌ ཇིག༌རྟེན༌ནི༌ ནང༌ང༌ སྐྱོདས༌ ཨིན༌ནའང༌ མི༌གུན༌ འོད༌དི༌ སང༌ མུན༌གྲིག༌པོའ༌ ཐད༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ལས༌གུན༌ ངན༌པ༌ ཡོད༌ཏེ༌ ཨིན༌ནོག༌། 20ལས༌ ངན༌པ༌ ཅོ༌ཁན༌ ཚང༌མའེ༌ འོད༌ལ༌ ནཕ༌རད༌ ཅོའ༌ནོག༌, ཁོང༌གུན༌ནི༌ ལས༌ངན༌གུན༌ ཞན༌མ༌གུན༌ལ༌ སྔོན༌ཨིན༌ སམ༌ཏེ༌ འོད༌དི༌ ནང༌ང༌ ཡོང༌ང༌ མ༌ནོག༌། 21ཨིན༌ནའང༌ ཀྲང༌པོའེ༌ ལམ༌མི༌ཀ༌ གྲུལ༌ཨིན༌ ཡོད༌ཁན༌གུན༌, འོད༌དི༌ ནང༌ང༌ ཡོང༌ང༌ ཐད༌ད༌ནོག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ དཀོན༌མཆོག༌ ཐུགས༌ཐད༌ད༌ ཛད༌ཁན༌ནི༌ ལས༌ ཅོ༌ཨིན༌ ཡོད༌ཁན༌བོ༌ ཞན༌མ༌གུན༌ནི༌ ཐོང༌ཐུབ༌ཨིན༌།”
གཙོ༌བོ༌ ཡེ༌ཤུ༌ དང༌ ཡོ༌ཧཱ༌ནན༌ ཁྲུས༌སལ༌ཁན༌།
3:22-36
22ཏེ༌བོའེ༌ སྟིང༌ནེ༌ ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ གྱལ༌ས༌ནེ༌ བིང༌ཏེ༌ ཡ༌ཧུ༌དཱའེ༌ གྲོང༌སེབ༌གུན༌ལ༌ སྐྱོདས༌, ཡང༌ ཏེ༌རུ༌ ཞག༌བན༌ཤིག༌ ཞུགས༌ཏེ༌ ཁོང༌ངི༌ མི༌གུན༌ལ༌ ཁྲུས༌སལ༌ལ༌ ཛདས༌།
23ཡོ༌ཧཱ༌ནན༌ནིའང༌ ཤ༌ལིམ༌ གྲོང༌སེབ༌ དང༌ ཉེ༌མོའ༌ ཡོད༌ཁན༌ ཨེ༌ནོན༌ནི༌ ནང༌ང༌ ཁྲུས༌སལ༌ལད༌པིན༌ ཅིའ༌ཟེར༌ན༌ ཏེ༌རུ༌ ཆུ༌ མང༌པོ༌ ཡོད༌པིན༌, ཡང༌ མི༌གུན༌ ཁྲུས༌ ལེན༌ན༌ལ༌ ཡོང༌ཨིན༌ དུག༌གད༌པིན༌། 24༼འི༌ ཚང༌མ༌ ཡོ༌ཧཱ༌ནན༌ ཙོན༌ལ༌ ཀག༌གི༌ སང༌ སྔུན༌ལ༌ ཇུངས༌༽ 25ཡོ༌ཧཱ༌ནན༌ནི༌ ལོབ༌ཕྲུགས༌གུན༌ དང༌ ཡ༌ཧུ༌དཱ༌པ༌ཞིག༌གི༌ ནང༌ང༌ ཆུ༌ ཉམ༌པོ༌ རྩང༌མ༌ ཅོ༌ཅེས༌སི༌ ལུག༌སྲོལ༌ལི༌ སྐོར༌ལ༌ ཟེར༌ཟེར༌ སོང༌། 26ཏེ༌ནེ༌ ཡོ༌ཧཱ༌ནན༌ནི༌ ལོབ༌ཕྲུགས༌གུན༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ ཡེ༌ཤུའི༌ སྐོར༌ལ༌ ཤདས༌, “ལོབ༌བོན༌ལེ༌, ཡོར༌དཱན༌ནི༌ ལྩངས༌པོའེ༌ ཕར༌ཀ༌ ཉེ༌རང༌ ཉམ༌པོ༌ ཡོད༌ཁན༌ནི༌ མི༌ ཀ༌བོའེ༌ ཕིའ༌ ཉེ༌རང༌ངི༌ སྤང༌པོ༌ སལ༌ལད༌པིན༌, ཁོང༌ངིའང༌ ཁྲུས༌སལ༌དུག༌ ཡང༌ མི༌ཚང༌མ༌ ཁོང༌ངི༌ཀ༌ ཆ༌རུག༌།”
27ཡོ༌ཧཱ༌ནན༌ནི༌ ལན༌ལ༌ མོལས༌, “ནམ༌ཚོག༌པ༌ དཀོན༌མཆོག༌གི༌ ནམ༌ཁའ༌ནེ༌ གོངས༌པ༌ མི༌སལ༌, སུ༌ཞིག༌གའང༌ ཅའང༌ ཐོབ༌ མི༌ཐུབ༌། 28ངའེ༌ ཁྱོ༌ཞའ༌ ཟེར༌ཁན༌ ནང༌ཞིན༌, ‘ང༌ ལྡམ༌མ༌ ཛདས༌ཁན༌ནི༌ མ༌ཤི༌ཀ༌ མན༌ ཨིན༌ནའང༌ ཁོང༌ངི༌ སང༌ སྔུན༌ལ༌ ཀལ༌ལ༌ ཛད༌ཁན༌བོ༌ ཨིན༌’, ཏེ༌བོའེ༌ སྤང༌པོ༌ ཁྱོ༌ཞའ༌ ཨིན༌ནོག༌། 29ན༌མ༌ ནི༌ མག༌པའེ༌ ཕིའ༌ ཨིན༌ནོག༌, ཨིན༌ནའང༌ མག༌རོག༌ ནི༌ མག༌པའེ༌ སྐད༌ ཉན༌ཏེ༌ སྐྱིད༌པོ༌ ཅོའ༌ལ༌ ཐད༌ད༌ནོག༌། ཏེ༌བོའེ༌ཕིའ༌ ཏེ༌ ནས༌ཚུལ༌བོ༌ ཚོར༌ཏེ༌ ངའེ༌ སྙིང༌ངའང༌ ཐད༌པོའེ༌ གང༌། 30ཁོང༌ མིང༌ཅན༌ ཡང༌ ངའ༌ རིན༌མེད༌ གྱུར༌གོས༌།”
31“ནམ༌ཁའ༌ནེ༌ སྐྱོད༌ཁན༌བོ༌ ཚང༌མའེ༌སང༌ ཇིགས༌པོ༌ ཨིན༌ནོག༌, ང༌དང༌གུན༌ ནི༌ ཇིག༌རྟེན༌ནི༌ ཨིན༌པ༌ ཇིག༌རྟེན༌པའེ༌ ཚུལ༌ལ༌ སྤེ༌ར༌ ཏང༌ང༌ནོག༌། ཨིན༌ནའང༌ ནམ༌ཁའ༌ནེ༌ སྐྱོད༌ཁན༌བོ༌ ཚང༌མའེ༌སང༌ ཐོ༌ཤོག༌པོ༌ ཨིན༌ནོག༌། 32ཁོང༌ངི༌ དཀོན༌མཆོག༌ནེ༌ ཚོར༌ཁན༌ ཡང༌ ཟིགས༌ཁན༌གུན༌ནི༌ སྤང༌པོ༌ སལ༌ལ༌ནོག༌, ཨིན༌ནའང༌ སུ༌ཞིག༌གའང༌ ཁོང༌ངི༌ སྤང༌པོའེ༌ཀ༌ ཨིད༌ཤེས༌ མ༌ཅོས༌། 33ཁོང༌ངི༌ ལོན༌ནི༌ཀ༌ ཨིད༌ཤེས༌ ཅོ༌ཁན༌གུན༌ནི༌ གཙོ༌བོ༌ དཀོན༌མཆོག༌གི༌ ཀྲང༌པོ༌ མོལ༌ཁན༌བོའེ༌ སྤང༌པོ༌ ཏངས༌ཏེ༌ ཨིན༌ནོག༌། 34དཀོན༌མཆོག༌གི༌ ཀལ༌ལ༌ ཛད༌ཁན༌བོའེ༌ དཀོན༌མཆོག༌གི༌ ཞལ༌ཏ༌ མོལ༌ལ༌ནོག༌ ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཁོང༌ང༌ ཏམ༌པའེ༌ ཐུག༌ཉིད༌ ཚད༌མེད༌པ༌ སལ༌ལ༌ ཛད༌དུག༌། 35ཡབ༌ དཀོན༌མཆོག༌གི༌ སྲས༌ལ༌ ཅམས༌པ༌ ཛད༌པ༌ ཁོང༌ངི༌ ཅི༌ཚང༌མ༌ སྲས༌སི༌ ཆག༌ག༌ སྟད༌ད༌ ཛདས༌། 36སྲས༌སི༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌བོ༌ ཐོབ༌ ཚར༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ སྲས༌སི༌ཀ༌ ཏད༌པ༌ མ༌ཅོའ༌ ཁའ༌ མ༌ཉན༌ཁན༌གུན༌ལ༌ ཏེ༌ མི༌ཚེ༌བོ༌ མ༌ནེ༌ མི༌ཐོབ༌, ཡང༌ དཀོན༌མཆོག༌གི༌ ཐུགས༌སྲོ༌ ཁོང༌གུན༌ནི༌ཀ༌ ལུས༌ཨིན༌།”

Markering

Del

Kopiér

None

Vil du have dine markeringer gemt på tværs af alle dine enheder? Tilmeld dig eller log ind