YouVersion Logo
Search Icon

མར་ཀུ། 11

11
ལེའུ་བཅུ་གཅིག
ཡེ་ཤུ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕེབས་​པ།
1དེ་ནས་​ཡང་​ཁོང་​དིང་​སློབ་མ་​ཀྱ་​ཡེ་རུ་ས་གླིང་​ཉེ་འགྲམ་ལེ་ཕེབས་རྒྱ། སྐྱུ་རུ་​རིའི་​ངོས་​ལེ་​འོད་ཡོད་པེ་ཕཱ་གེ་དིང་​པེ་ཐན་ཡཱ་​ཟེར་རི་ཡུལ་སྡེ་དེ་ལེ་ཡེ་ཤུས་​རང་གི་སློབ་མ་​གཉིས་​སྔོན་ལེ་བརྫངས་​ཏེ། 2སློབ་མ་ཀྱ་ལེ། ཁྱེད་ཀྱི་མདུན་ལེ་འོད་ཡོད་ཕ་གེར་​ཡུལ་སྡེ་​དེ་​ལེ་​རྒྱུགས་​དང་​། དེ་​རུ་​མི་སུས་ཟང་བཞོན་མྱོང་མེད་མེད་ལོ་གཉིས་ཚོད་ཡིན་མཁན་བོང་ཕྲུག་​ཅིག་​བཏགས་​ཏེ་བོར་​འོད་​དི་​མཐོང་​གྱི་​དིག དེ་ནས་​ཁྱེད་​གཉིས་​ཀྱིས་​བོང་ཕྲུག་དེ་བཀྲོལ་​ཏེ་​འདི་​རུ་​ཁྲིད་​ལེད། 3གལ་སྲིད་​མི་​གཞན་​གྱིས་​ཁྱེད་​གཉིས་​ལེ་​བོང་​ཕྲུག་​ཅི་​ལེ་​བཀྲོལ་​ལི་ཡིན་དོ་​ཟིན་​དྲིས་​ནི། ཉེད་ཀྱི་ཇོ་བོ་​ལེ་​དགོས་པ་འདུག ཁོང་གིས་མགྱོགས་པོ་​ཕ་​ལེ་​ལོག་རྫོངས་ངོ་ཟིན་འདུག་སྨྲོས་​ཤིག་​ཟིན་གསུངས་​པི་​དིག 4དེ་ནས་​ཁོང་​གཉིས་​ཡུལ་​དེ་​ལེ་​ཕྱིན་​ཏེ། བོང་ཕྲུག་​ཞིག་​ཁྱིམ་​གྱི་​སྒོ་​རྩ་​ལེ་​བཏགས་​བོར་​འོད་​དི་​མཐོང་​སྟེ​། ཁོང་​གཉིས་​ཀྱིས་​བོང་ཕྲུག་​དེ་​བཀྲོལ་​རྒྱ། 5དེ་རུ་ལངས་ཏེ་བསྡད་འོད་ཡོད་མི་​ཁ་ཤས་​ཞིག་​གིས་​ཁོ་གཉིས་ལེ། བོང་ཕྲུག་​དེ་ཅི་ལེ་བཀྲོལ་​ལི་ཡིན་​དོ་​ཟིན་​དྲིས་པི་དིག 6དེ་ནས་ཁོ་​གཉིས་​ཀྱིས་​ཟང་ཡེ་ཤུས་​ཅི་​གསུངས་​པི་ཅོག་འདྲ་​སྨྲས་​ཕེན། མི་​དེ་​ཀྱ་​ཀྱིས་​ཟང་​ཁོ་​གཉིས་​ལེ་​ཁྲིད་དུ་བཅུག་པི་དིག 7དེ་ནས་བོང་ཕྲུག་​དེ་​ཡེ་ཤུའི་དྲུང་​དུ་​ཁྲིད་​འོངས་ཏེ། ཁོ་​གཉིས་​ཀྱིས་​རང་གི་​ཕྱི་​གོས་​བུད་​དེ་​བོང་ཕྲུག་​དེའི་ལྟག་ག་​ལེ་​བཏིང་པི་མ་ཟད། ཁོང་ཟང་​བོང་ཕྲུག་​དེའི་ལྟག་ག་ལེ་བཅིབས་པི་དིག 8ཡང་དེ་རྒྱ་མི་​མང་པོ་​ཞིག་​གིས་​ཟང་​རང་གི་​ཕྱི་​གོས་​བུད་​དེ་​ཁོང་​གི་​ཕེབས་​ལམ་​ལེ་​བཏིང་པི་མ་ཟད​། ཡང་​མི་​གཞན་​མ་ཀྱ་ཀྱིས་​ཞིང་ནང་ལེ་འོད་ཡོད་སྡོང་པོའི་ཡལ་ག་ལེ་ལོ་མ་མང་པོ་འོད་ཡོད་དེ་ཀྱ་བཅད་​དེ། ཁོང་གི་ཕེབས་ལམ་​ལེ་བཏིང་པི་དིག 9ཡང་ཁོང་གི་མདུན་ལེ་འགྲོ་​མཁན་དིང་རྒྱབ་ལེ་འོང་མཁན་མི་ཀྱ་ཀྱིས་​སྐད་​ཆེན་པོས་​ངང་ནས། དཀོན་མཆོག་ལེ། ཧོ་ཟན་ནཱ། ཇོ་བོའི་​མཚན་​གྱི་​བརྒྱུད་ནས་ཕེབས་​མཁན་ཁྱེད་​ལེ། བྱིན་གྱིས་རླབས་པར་ཤོག་ཟིན་​འོད་དིག#11.9 ཧོ་ཟན་ནཱ་ཟེར་རི་དོན་དེ་ནི། དཀོན་མཆོག་ལེ་བསྟོད་པར་ཤོག་ཟེར་རི་དིག ཟེར་ལུགས་དེ་ནི་ཨིབ་རི་པའི་སྐད་ཡིན་དིག ཚིགས་བཅད་དེ་ནི་གསུང་མགུར་མདོ་ལེའུ་ 118 ཨང་ 26 ནང་ལེ་གཟིགས་རོགས། 10འུ་ཀྱ་ཀྱི་​མེས་མེས་​དཱ་བིད་​ཀྱི་​རྒྱལ་ཁབ་​སླེབས་པི་དེ་ལེ་བྱིན་རླབས་​ཆེའོ། ཞིང་ཁམས་ལེ་བཞུགས་མཁན་བླ་ན་མེད་​པའི་དཀོན་མཆོག་​ལེ་​བསྟོད་པ་​འབུལ་​ལོ་​ཟིན་སྐད་མང་པོ་​རྒྱག་གྱོ་​འོད་དིག 11དེ་ནས་​ཡེ་ཤུས་ཡེ་རུ་ས་གླིང་​རྒྱལ་སའི་​མཆོད་ཁང་​ཡེ་རེ་​ལེ་​ལྟ་སྐོར་​ཕེབས་​ཏེ། ནམ་​ལ་​ཕྱི་མོ་​བྱུང་​ཕེན། ཁོང་​སློབ་མ་​བཅུ་གཉིས་​ཀྱ་​ཀྱི་​སྐྱེན་​ལེ་​པེ་ཐན་ཡཱ་​ཡུལ་​ལེ་​རང་འཇགས་ལོག་​ཕེབས་པི་​དིག
འབྲས་བུ་མེད་མེད་སྡོང་པོ།
12དེའི་སྔ་དྲོ་​ཁོང་​ཀྱ་​ཡང་དང་​པེ་ཐན་ཡཱ་​ཡུལ་​ནས་​ཡེ་རུ་ས་གླིང་​ལེ་​འགྲོ་​རྒྱ། ཁོང་​གྲོད་པ་​ལྟོགས་པི་དིག 13དེ་ནས་ཁོང་གིས་རྒྱང་​རིང་པོ་​ནས་​བསེ་ཡབ་སྡོང་པོ་​ཞིག་​འོད་དི་གཟིགས་​ཕེན། སྡོང་པོ་དེ་ལེ་ཤིང་ཏོག་​སྨིན་འོད་འདྲོ་བསམས་ཏེ། སྡོང་པོ་དེའི་རྩ་ལེ་​ཕེབས་​པི་​དིག ཡིན་ནའང་​། སྡོང་པོ་དེ་ལེ་ལོ་​མ་པ་རྐྱང་མན་དི་གཞན་ཅི་གང་མེད་དི་གཟིགས་​པི་​དིག ཅི་ལེ་ཟེར་ནི། སྡོང་པོ་​དེ་​ལེ་ཤིང་ཏོག་​སྨིན་པའི་དུས་ཚོད་དེ་སླེབས་མེད་དིག 14དེ་ནས་​ཡེ་ཤུས་​སྡོང་པོ་​དེ་​ལེ་​གཟིགས་​ཏེ། དུས་​ད་​ནས་​ཕྱིན་ཆད། སྡོང་པོ་ཁྱོད་ཀྱི་ཤིང་ཏོག་​དེ་​མི་​སུ་ཞིག་གིས་​ཟང་​མི་བཟའ་བར་ཤོག་​ཟིན་གསུངས་པི་དེ་སློབ་མ་​ཀྱ་​ཀྱིས་​ཐོས་​པི་​དིག
མཆོད་ཁང་​ནང་​གི་​ཚོང་པ་​ཕྱི་​ལེ་བུད་པ།
15དེ་ནས་​ཁོང་​ཀྱ་​ཡེ་རུ་ས་གླིང་​རྒྱལ་ས་​རུ་​སླེབས་​པི་​དིང་​། ཁོང་རང་མཆོད་ཁང་​ནང་ལེ་​ཕེབས་​པི་དིག མཆོད་ཁང་གི་​དྭངས་རའི་​ནང་​ལེ་​དམར་མཆོད་ཀྱི་ཆེད་དུ། ཕུང་མོ་ཚོང་​མཁན་​དིང་། ཉོ་​མཁན་​ཡེ་རེ་​ཕྱི་ལེ་​བུད་​དི་མ་ཟད། དངུལ་​རྗེ་མཁན་​གྱི་​ཅོག་ཙེ་དེ་ཟང་ས་ལེ་ཨ་ལོག་​བརྒྱབ་པི་​དིག 16ཡང་​མི་​སུ་​ལེ་​ཟང་​མཆོད་ཁང་​གི་​དྭངས་རའི་​ནང་​ལེ། ཚོང་ཟོག་​འཁྱེར་​ཏེ་​ཡར་​འགྲོ་​མར་​འགྲོ་​བགྱིད་​དུ་​མ་​བཅུག་​པི་​དིག 17དུས་དེ་རྒྱ་ཁོང་​གིས་​མི་ཀྱ་​ལེ། དཀོན་མཆོག་​གིས་​གསུང་རབ་​ཀྱི་​མདོ་ནང་​ལེ་​ཟང་​། ངའི་​ཁྱིམ་​ནི་མི་རིགས་​ཡེ་རེའི་ཆེད་​དུ། གསོལ་བ་​སྨོན་ལམ་འདེབས་ས་​ཡིན་​དིག་ཟིན་​གསུངས་​འོད་དི་མ་དིག་​གས། ཡིན་ནའང་། ཁྱེད་​ཀྱ་​ཀྱིས་​ཇག་པའི་​ཚང་​ཅོག་འདྲ་​བཟོས་​འདུག་​ཟིན་གསུངས་​པི་​དིག#11.17 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་རེམ་ཡཱས་བྲིས་པའི་མདོ་ལེའུ་ 7 ཨང་ 11-15 ནང་ལེ་གཟིགས་རོགས། 18དེ་རྒྱ་མཆོད་ཁང་​དེ་རུ་​ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ཀྱ་​དིང་​། ཆོས་ཁྲིམས་མཁས་པ་ཀྱ་ཟང་འོད་ཕེན། ཁོང་​ཀྱ་ཀྱིས་ཟང་གསུངས་​དེ་ཐོས་​ཏེ། ཁོང་​ཀྱ་ཀྱིས་ཡེ་ཤུ་ཅི་གི་​བྱས་​ཏེ་​གསོད་​རྒྱུ་ཟིན་ཐབས་ཤེས་​འཚོལ་གྱོ་​འོད་དི་མ་ཟད། འཁྱར་​སྣང་ཟང་བགྱིད་འོད་དིག ཅི་ལེ་​ཟེར་​ནི། མི་ཚོགས་​ཡེ་རེས་ཡེ་ཤུས་བསླབ་བྱ་​བསྟན་​གནང་པི་​དེ་ལེ་​ངོ་མཚར་​ཆེན་པོ་སྐྱེས་པི་དིག 19དེ་ནས་ཡང་​དགོང་མོ་​དུས་ལེ། ཡེ་ཤུ་​དིང་​སློབ་མ་ཀྱ་ཡེ་རུ་ས་གླིང་རྒྱལ་སའི་ཕྱི་ལེ་​ཕེབས་​པི་​དིག
ཤིང་ཏོག་མེད་མེད་བསེ་ཡབ་སྡོང་པོའི་སྐོར།
20ཡང་​སྔ་དྲོ་​ཁོང་​ཀྱ་​ལམ་​ལེ་​འགྲོ་​རྒྱ། ཤིང་ཏོག་སྨིན་མེད་མེད་སེབ་ཡབ་སྡོང་པོ་​དེ་​ནི། རྩ་བ་​ནས་​བསྐམས་​འོད་​དེ་​མཐོང་​ཕེན། 21པེ་ཏྲོས་​ཡེ་ཤུས་​སེབ་ཡབ་སྡོང་པོ་དེ་ལེ་ཅི་གསུངས་གནང་པི་​དེ་​དྲན་​ཏེ། སློབ་དཔོན། གཟིགས་​དང་​། ཁྱེད་​ཀྱིས་​མི་​སུ་ཞིག་གིས་​ཟང་​མ་བཟའ་​པར་​ཤོག་​གསུངས་པའི་​སྡོང་པོ་​དེ་བསྐམས་​འདུག་​ཟིན་ཞུས་​ཕེན། 22ཡེ་ཤུས་​ཁོང་ཀྱ་ལེ། ཁྱེད་​ཀྱ་​ཀྱིས་དཀོན་མཆོག་​ལེ་​དད་པ་​གྱིས་​ཤིག 23ང་​ཁྱེད་​ཀྱ་​ལེ་​བདེན་པ་​ཟེར་​རོ། མི་​སུ་​ཞིག་​གིས་​རི་འདི་​ལེ། ད་​རྒྱ་མཚོའི་​ནང་​ལེ་​ཐིམ་​རྒྱུགས་ཤིག་​སྨྲས་​ནི། སྨྲས་པི་ཅོག་འདྲ་འགྲུབ་ཀྱི་དིག་ཟིན་སེམས་ལེ་ཐེ་ཚོམ་མེད་དི་དད་པ་བྱས་ནི། མི་དེའི་ཆེད་དུ་དོན་དེ་འགྲུབ་​ཀྱི་དིག 24འོ་དེ་​ལེ་​བརྟེན་ཏེ། ང་ཁྱེད་ཀྱ་ལེ་ཟེར་རོ། ཁྱེད་​ཀྱ་ཀྱིས་​གསོལ་བ་སྨོན་ལམ་​ཅི་​ཞིག་​བཏབ་ནའང་། དེ་ཁྱེད་ཀྱ་ལེ་ཐོབ་​ཚར་རི་དད་པ་​གྱིས་​དང་​འཐོབ་​ཀྱི་​དིག 25ཡང་ནམ་མཁའི་ཞིང་ཁམས་ལེ་བཞུགས་​མཁན་​ཁྱེད་ཀྱ་ཀྱི་ཡབ་​ཆེན་​ཁོང་གིས་​ཟང་​། ཁྱེད་ཀྱ་ཀྱི་​སྡིག་ཉེས་ཀྱ་སེལ་རྒྱུ་​ཆེད་དུ། ཁྱེད་ཀྱ་ཀྱིས་གསོལ་བ་​སྨོན་ལམ་འདེབས་རྒྱ། མི་​གཞན་​མ་ཞིག་ལེ་​སྙིང་ནད་​འོད་ནི། རང་གི་སེམས་གཏིང་ནས་སྙིང་ནད་དེ་དགོངས་ཡངས་གཏོང་དང་ཟིན་གསུངས་པི་དིག 26#11.26 མར་ཀུས་བྲིས་པའི་གཏམ་བཟང་བཤུས་ཡིག་སྔ་ཤོས་ནང་ལེ་ཨང་ 26 འདི་མེད་དིག
ཡེ་ཤུའི་དབང་དིང་​ནུས་​མཐུའི་​སྐོར།
27དེ་ནས་​ཡང་​ཁོང་​དིང་​སློབ་མ་​ཀྱ་​སྐྱེན་​ལེ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཕེབས་​གནང་པི་མ་ཟད། ཁོང་​རང་ཡ་ཧུ་དཱ་པའི་​མཆོད་ཁང་​ལེ་​ཕེབས་པི་དིག དེ་ནས་མཆོད་པ་འབུལ་མཁན་ཀྱ་དིང་། ཆོས་ཁྲིམས་མཁས་པ་ཀྱ་དིང་། ཡང་རྒན་​མི་​ཀྱ་​ཁོང་​གི་​མདུན་​དུ་​འོངས་ཏེ། 28ཁྱོད་​ཀྱིས་སུའི་​དབང་ཆ་​ལེ་དོན་​དེ་ཀྱ་​བགྱིད་​དི་ཡིན་​དོ། ཡང་ནི་​མི་སུ་ཞིག་གིས་​ཁྱོད་​ལེ་​དོན་​དེ་​ཀྱ་​བགྱིད་​རྒྱུ་ལེ་​དབང་ཆ་​གཏད་བྱུང་​གོ་ཟིན་​དྲིས་​ཕེན། 29ཡེ་ཤུས་མི་དེ་ཀྱ་ལེ། ངས་​ཟང་​ཁྱེད་​ལེ་​དྲི་བ་​གཅིག་འ​དྲི་གྱི་ཡིན། ཁྱེད་​ཀྱ་​ཀྱིས་​ཟང་དྲི་བ་​འདི་ལེ་​ལན་སློགས་དང་​། ངས་​ཟང་​དོན་​དེ་​སུའི་​དབང་ཆ་​ལེ་​བགྱིད་འོད་མེད་ཟེར་རོ། 30ཡོ་ཧ་ནན་​གྱིས་​ཁྲུས་གསོལ་​བྱས་པའི་དབང་ཆ་​དེ་ནི། དཀོན་མཆོག་གི་ཞིང་ཁམས་​ནས་​བྱུང་​པི་​ཡིན་གོ། ཡང་ནི། མི་​ནས་​བྱུང་​པི་​ཡིན་གོ། ང་​ལེ་​ལན་​སློགས་དང་ཟིན་གསུངས་​ཕེན། 31མི་​དེ་​ཀྱ་​ཀྱིས་​ཕན་ཚུན་​གཅིག་​གིས་​གཅིག་​ལེ་​གྲོས་​གླེང་བྱས་​ཏེ། གལ་སྲིད་​དཀོན་མཆོག་​ནས་​བྱུང་​པི་​ཡིན་དིག་​སྨྲས་ནི། ཁོང་གིས་འོ་ནེ། ཁྱེད་​ཀྱ་​ཀྱིས་ཅི་ལེ་ཡོ་ཧ་ནན་ལེ་ཡིད་ཆེས་མི་བགྱིད་དི་ཡིན་​དོ་​ཟེར་​གྱི་​དིག 32ཡང་​མི་​ནས་​ཡིན་དིག་​སྨྲ་​ནི། མི་​ཡེ་རེས་​ཡོ་ཧ་ནན་​ཁོ་རང་ངོ་​ཐོག་ལུང་སྟོན་པ་​ཞིག་​ཡིན་དི་བརྩིས་པའི་རྐྱེན་གྱིས་མི་ཚོགས་​ལེ་​འཇིགས་​པི་དིག 33དེ་ནས་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཉེད་ཀྱ་ལེ་ཆ་མེད་​ཟིན་ལན་བསློགས་ཕེན། ཡེ་ཤུས་​ཟང་མི་དེ་ཀྱ་ལེ། ངས་​ཟང་​སུའི་​དབང་ཆ་​ལེ་​བརྟེན་​ཏེ​་བགྱིད་​འོད་​མེད་​ཤོད་​རྒྱུ་​མན་​ཟིན་གསུངས་​པི་​དིག །

Currently Selected:

མར་ཀུ། 11: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in