ལུ་ཀཱ། ངོ་སྤྲོད།
ངོ་སྤྲོད།
རྩོམ་པ་པོ། གཏམ་བཟང་འབྲི་མཁན་ལུ་ཀཱ་ཁོང་རང་ཡིན་དི་མ་ཟད། ཁོང་རང་ནི་སྨན་པ་ཞིག་ཟང་ཡིན་དིག ཡང་སྐུ་ཚབ་ཕོལ་ལོལ་གྱི་ལས་རོགས་ཟང་ཡིན་དིག
རྩོམ་པའི་དུས་དེ་ནི། སྤྱི་ལོའི་དུས་རབས་དང་པོའི་དཀྱིལ་ཚོད་ལེ་བྲིས་འདུག
རྩོམ་རིག་གི་རྣམ་གྲངས་ནི། གཏམ་བཟང་ཡིན་དིག
གཏམ་བཟང་འདི་ཀློག་མཁན་དང་པོ་ནི། སྐུ་ངོ་ཐེ་ཨོ་ཕི་ལུ་ཟེར་མཁན་དིང་། དད་པ་བགྱིད་མཁན་ཀྱ་ཡིན་དིག
གཏམ་བཟང་འདིའི་ནང་དོན་གཙོ་བོ་དེ་ནི། ལུ་ཀཱ་ཁོང་རང་ཇོ་བོ་ཡེ་ཤུའི་སློབ་མ་བཅུ་གཉིས་ནང་ནས་མན་ནའང༌། ཇོ་བོ་ཡེ་ཤུའི་སྐུ་ཚེའི་གནས་ཚུལ་སྐོར་ལེ། དངོས་སུ་མཐོང་མཁན་ཀྱ་དིང་སྐྱེན་ལེ་ཁོས་ལབ་གླེང་བྱས་པི་རྗེས་ལེ། གནས་ཚུལ་དེ་ལེ་རྩད་གཅོད་ཞིབ་པོ་ཞིག་བྱས་ཏེ། གོ་རིམ་ངང་ནས་ལོ་རྒྱུས་ཤིག་བྲིས་ཏེ། སྐུ་ངོ་ཐེ་ཨོ་ཕི་ལུ་ཟེར་མཁན་ཁོ་ལེ་བཏང་པི་དིག ལོ་རྒྱུས་འདིའི་ནང་ལེ། ཇོ་བོ་ཡེ་ཤུས་གསུངས་པའི་སྙན་གྲགས་ཆེན་པོའི་དཔེ་མང་པོ་འོད་དིག ཇོ་བོ་ཡེ་ཤུ་སྐུ་གྲོངས་ཏེ་ཡང་དང་སྐུ་གསོན་པོ་བཞེངས་གནང་བའི་རྗེས་ལེ། ཇོ་བོ་ཡེ་ཤུའི་སློབ་མ་ཀྱ་ལེ་ཅི་བྱུང་འོད་མེད་དེ་ཀྱ་སྟོན་རྒྱུ་ཆེད་དུ། ལུ་ཀཱས་སྐུ་ཚབ་ཀྱ་ཀྱི་མཛད་པ་ཟེར་རི་བདེ་དེ་ཟང་བྲིས་པི་དིག
Currently Selected:
ལུ་ཀཱ། ངོ་སྤྲོད།: DLPO
Highlight
Share
Copy

Want to have your highlights saved across all your devices? Sign up or sign in
© 2023 Wycliffe Bible Translators, Inc. All rights reserved.