YouVersion Logo
Search Icon

ལུ་ཀཱ། 18

18
ལེའུ་བཅོ་བརྒྱད།
ཁྲིམས་དཔོན་དིང་ཡུགས་མོའི་དཔེ་སྐོར།
1ཡང་​དེའི་རྗེས་ལེ་ཡེ་ཤུས་​རང་གི་སློབ་མ་​ཀྱ་​ལེ། བློ་མ་ཕམ་སྟེ་དུས་རྟག་ཏུ་​དཀོན་མཆོག་​ལེ་​གསོལ་བ་​འདེབས་​དགོས་པོའི་​སྐོར་​ལེ་​དཔེ་​ཞིག་​བསྟན་ཏེ་འོ་དེ་གི་གསུངས་པི་དིག 2རྒྱལ་ས་ཞིག་གི་ནང་​ལེ་​དཀོན་མཆོག་ལེ་འཁྱར་སྣང་མི་བགྱིད་འོད་དི་མ་ཟད། ཡང་མི་​ལེ་​ཟང་​བརྩི་བཀུར་​མི་​བགྱིད་​མཁན་​ཁྲིམས་དཔོན་​ཞིག་​འོད་དིག 3ཡང་དེ་རྒྱ་ཡུགས་མོ་​ཞིག་ཟང་རྒྱལ་ས་དེའི་ནང་ལེ་སྡོད་གྱོ་​འོད་​དིག དེ་ནས་ཡུགས་​མོ་དེས་​ནམ་​ཞིག་ཡིན་ནའང་། ཁྲིམས་དཔོན་​ཁོའི་​དྲུང་དུ་​ཡང་​ནས་ཡང་​དུ་འོངས་ཏེ། ཁྱེད་​ཀྱིས་​ཕྱོགས་རིས་མ་​བྱས་​ཏེ་​ངའི་​རྒྱུ་ནོར་​ཧམ་ཕྲོགས་​བགྱིད་​མཁན་​དེ་ལེ་​ཁྲིམས་གཅོད་​དགའ་མོ་​ཞིག་བགྱིད་​རོགས་​གནང་ཟིན་​ཞུ་བ་ཕུལ་​ནའང་། 4ཁྲིམས་དཔོན་ཁོས་​ཡུན་​རིང་པོ་​གནས་ཚུལ་​དེ་​ལེ་​ཁ་ཡ་​མ་​བྱས་​པི་དིག ཡིན་ནའང་། རྗེས་​ལེ་​ཁྲིམས་དཔོན་​ཁོའི་སེམས་​པ་ལེ། ང་​ནི་​དཀོན་མཆོག་​ལེ་​བརྩི་བཀུར་མི་བགྱིད་མཁན་དིང་། མི་​ལེ་​ཟང་​བརྩི་མཐོང་​མི་​བགྱིད་​མཁན་​ཞིག་​ཡིན། 5ཡིན་ནའང་​། ཡུགས་མོ་​དེས་ངའི་མདུན་དུ་ཉིན་གྲངས་འོངས་ཏེ། ངའི་རྣ་མཆོག་​སུན་དུ་འཇུག་གྱི་འདུག ངས་​མོ་ལེ་བདེན་ལུགས་ཀྱི་ཁྲིམས་གཅོད་བགྱིད་ཀྱི་​ཡིན། དེ་གི་མ་བྱས་ནི་​མོ་​ང་​འོད་​ས་​ལེ་​ཡང་​ནས་​ཡང་​དུ་འོངས་ཏེ། ང་​ལེ་​འུ་ཐུག་ཏུ་འཇུག་འདོད་འདུག་བསམས་པི་དིག་ཟིན་གསུངས་པི་དིག 6ཡང་​ཇོ་བོས་སློབ་མ་ཀྱ་ལེ། དྲང་པོ་​མེད་མེད་​ཁྲིམས་དཔོན་​གྱིས་​ཅི་​སྨྲས་​པི་ལབ་​དེ་​ལེ། ཁྱེད་​ཀྱ་​ཀྱིས་བསམ་བློ་​དགའ་མོ་​ཐོངས་​ཤིག 7དཀོན་མཆོག་​གིས་​བདམས་པའི་​མི་​ཀྱ་​ཀྱིས་​ཉིན་མཚན་​མེད་​ཁོང་​ལེ་​རེ་དོན་​ཞུ་​ནི། ཁོང་​གིས་མི་​དེ་​ཀྱ་​ལེ་​སྐྱོབས་​མི་གནང་འོད་​དི་​གས། ཡང་ནི། ཁོང་གིས་དུས་ཡུན་​རིང་པོ་​མ་​འགོར་​རི་​མི་​དེ་​ཀྱ་​ལེ་​བདེན་ལུགས་ཀྱི་ཁྲིམས་གཅོད་མི་གནང་འོད་དི་གས། 8ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། དཀོན་མཆོག་​གིས་​གང་​མྱུར་མྱུར་​མི་​དེ་ཀྱ་ལེ་​བདེན་ལུགས་ཀྱི་ཁྲིམས་གཅོད་གནང་གྱི་​དིག ཡིན་ནའང་། མིའི་​བི་ས་​འོང་རྒྱ་​འཇིག་རྟེན་​འདི་​རུ་​ཁོང་ལེ་​དད་པ་​བགྱིད་མཁན་མི་ཞིག་རྙེད་གྱོ་འོད་དི་གས་ཟིན་​གསུངས་​པི་​དིག
ཁྲལ་སྡུད་མཁན་དིང་ཕཱ་རུ་ཤི་པའི་དཔེ་སྐོར།
9ཡང་​རང་སོ་སོ་དྲང་པོ་ཡིན་བསམས་ཏེ། མི་གཞན་ལེ་མཐོང་ཆུང་བགྱིད་མཁན་མི་ཁ་ཤས་ཀྱི་སྐོར་ལེ་ཡེ་ཤུས་དཔེ་སྟོན་ཏེ། 10ཕཱ་རུ་ཤི་པའི་མི་​ཞིག་​དིང་། ཁྲལ་​སྡུད་​མཁན་མི་ཞིག་འོད་དིག མི་དེ་གཉིས་​སྟོད་ཕྱོགས་​ཀྱི་​མཆོད་ཁང་​ལེ་​གསོལ་བ་​འདེབས་​དུ་​བུད་​དི་​དིག 11དེ་ནས་ཕཱ་རུ་ཤི་པའི་མི་དེས་མཆོད་ཁང་གི་​མདུན་​དུ་ལངས་​ཏེ། དཀོན་མཆོག ང་​ནི་​མི་​གཞན་མ་དིང་ཅོག་འདྲ་​མི་​ལེ་​མགོ་སྐོར་མི་​གཏོང་འོད་དི་མ་ཟད། དྲང་པོ་​མི་​བགྱིད་​མཁན་དིང་། བྱི་བོ་​བགྱིད་མཁན་མི་གཞན་མ་དིང་ཅོག་འདྲ་ཞིག་མན། ཡང་ཁྲལ་​སྡུད་​མཁན་​མི་འདི་རིང་ཅོག་འདྲ་ཟང་མན་ཕེན། ངས་​དཀོན་མཆོག་​ཁྱེད་ལེ་ཐུགས་རྗེ་​ཆེ་ཞུ་འོད། 12ཡང་​ངས་​གཟའ་འཁོར་​རེ་རེ་​ནང་ལེ་​སྨྱུང་​གནས་​ཐེངས་​གཉིས་​སྲུང་​གྱོ་​འོད་​དི་​མ་ཟད། ད་རུང་​ངས་​ཁྱེད་​ལེ་ངའི་ཡོང་​འབབ་​ཅི་འོད་ནའང་། དེ་ནས་བརྒྱ་ཆ་​བཅུ་​འབུལ་​གྱོ་​འོད་​ཟིན་​གསོལ་བ་​བཏབ་​པི་​དིག 13ཡིན་ནའང་། ཁྲལ་​སྡུད་​མཁན་​མི་དེ་ནི། མི་ཚོགས་​དིང་​རྒྱང་ཐག་རིང་པོ་རུ་ལངས་​ཏེ། མིག་​ཡར་​ཟང་​ལྟ་​མ་ཕོད་དི་མ་ཟད། རང་གི་བྲང་ཁོག་​རང་གིས་བཞུས་ཏེ། སེམས་​སྐྱོ་པོའི་ངང་ནས། དཀོན་མཆོག མི་​སྡིག་ཅན་​ང་​ལེ་​ཐུགས་རྗེ་​གཟིགས་​རོགས་​གནང་​ཟིན་​གསོལ་བ་​བཏབ་​པི་​དིག 14ད་ང་​ཁྱེད་​ཀྱ་​ལེ་​ཟེར་​རོ། ཕཱ་རུ་ཤི་པའི་​མི་དེ་ལས་ལྷག་ཚོད་​ཁྲལ་​སྡུད་​མཁན་​མི་དེ་ནི། དཀོན་མཆོག་​གི་​དྲུང་​དུ་​མི་རྣམ་པར་དག་པོ་ཞིག་བྱུང་སྟེ། ཁོ་རང་​ཁྱིམ་​ལེ་​ལོག་​བུད་​དི་​དིག ཅི་ལེ་ཟེར་ནི། མི་​སུ་​ཞིག་གིས་རང་​ཐོང་ཆེན་པོ་​བགྱིད་​མཁན་​དེ་​ལེ་བརྩི་བཀུར་འཐོབ་ཀྱི་མ་དིག ཡིན་ནའང་། རང་གིས་རང་ལེ་ཉམ་ཆུང་​བགྱིད་​མཁན་​དེ་ལེ་བརྩི་བཀུར་​འཐོབ་ཀྱི་​དིག་​ཟིན་གསུངས་​པི་​དིག
ཕྲུ་གུ་​ཀྱ་​ཡེ་ཤུ་​ལེ་མཇལ་​དུ་​འོངས་པ།
15ཡང་​ཉིན་མ་ཞིག་མི་​ཁ་ཤས་​ཞིག་​གིས་​རང་གི་​ཕྲུ་གུ་​ཀྱ་ལེ་​ཕྱག་དབང་​ཞུ་​རྒྱུ་​ཆེད་དུ་​ཡེ་ཤུ་​དྲུང་དུ་​ཁྲིད་​འོང་འོད་དིག ཡིན་ནའང་། ཁོང་​གི་​སློབ་མ་​ཀྱ་​ཀྱིས་​ཕྲུ་གུ་​དེ་ཀྱ་​ཁྲིད་​མ་ཡོང་ཟིན་​འཁྲུག་པ་འཚོལ་གྱོ་འོད་དིག 16ཡིན་ནའང་​། ཡེ་ཤུས​་ཕྲུ་གུ་​དེ་ཀྱ་​ཚུར་​ཤོག་​ཟིན་གསུངས་ཏེ། གལ་སྲིད་​མི་​སུ་​ཞིག་གིས་དཀོན་མཆོག་​གི་​རྒྱལ་ཁབ་འཐོབ་​འདོད་​འོད་​ནི། ཕྲུ་གུ་འདི་ཀྱ་​ཅོག་འདྲ་​ཉམ་ཆུང་བགྱིད་​དགོས་​འོད་དིག ཕྲུ་གུ་​དེ་ཀྱ་​ལེ་​མ་​འགོག་ཅིག ང་​འོད་​ས་​ལེ་​འོང་​དུ་བཅུག་ཅིག 17ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་​སུ་​ཞིག་གིས་དཀོན་མཆོག་​གི་​རྒྱལ་ཁབ་དེ་ནི། ཕྲུ་གུ་འདི་ཀྱ་​ཅོག་འདྲ་​བྱས་​ཏེ་​ཁས་​མ་​བླངས་པི་ཡིན་​ནི། མི་​དེ་ཀྱ་རྒྱལ་ཁབ་​ནང་​དུ་​འགྲོ་​ཐུབ་​ཀྱི་​མ་དིག་​ཟིན་གསུངས་​པི་​དིག
དཔོན་པོ་ཕྱུག་པོ་ཞིག་ལེ་ཆོས་གསུངས་པ།
18དེ་ནས་​དཔོན་པོ་ཞིག་གིས་ཡེ་ཤུ་​ལེ། སློབ་དཔོན་​བཟང་པོའོ། མཐའ་མེད་པའི་​ཚེ་​འཐོབ་​རྒྱུ་​ཆེད་དུ། ངས་ཅི་​བགྱིད་​དགོས་​འོད་དི་​གོ་​ཟིན་​ཞུས་​ཕེན། 19ཡེ་ཤུས་དཔོན་པོ་དེ་ལེ། ཁྱོད་​ཀྱིས་ང་ལེ་བཟང་པོ་​ཅི་ལེ་ཟེར་​རི་​དོ། དཀོན་མཆོག་​པ་རྐྱང་བཟང་པོ་ཡིན་དིག་ཟིན་གསུངས་པི་དིག 20བྱི་བོ་མ་བགྱིད། མིའི་​སྲོག་​མ་​གཅོད། རྐུན་མ་​མ་​རྐུས། རྫུན་གྱི་དཔང་པོ་མ་བགྱིད། རང་གི་ཕ་མ་ལེ་བརྩི་བཀུར་གྱིས་ཟིན་མོ་ཤེའི་​ཆོས་ཁྲིམས་​ནང་ལེ་འོད་ཡོད་དེ། ཁྱོད་ཀྱིས་​ཧ་​གོ་​གོ་​བར་ཡིན་དིག་ཟིན་གསུངས་​པི་དིག 21ཡང་དཔོན་པོ་ཁོས་ཡེ་ཤུ་ལེ། དོན་ཡེ་རེ​་ནི་ང་རང་ན་​སོ་​ཆུང་མ་​ནས་​ཕེན་​ངས་བསྲུངས་​པི་​ཡིན་​ཞུས་​པི་​དིག 22དེ་ནས་ཡེ་ཤུས་གཏམ་དེ་གསན་གནང་བའི་​རྗེས་​ལེ། ཡེ་ཤུས་དཔོན་པོ་དེ་ལེ། ཁྱོད་​ལེ་ད་རུང་​དོན་​ཞིག་​མ་​ཚང་​འདུག ད་ཁྱོད་རང་ལེ་འོད་ཡོད་རྒྱུ་ནོར་​ཡེ་རེ་བཙོངས་​ཏེ། སྤྲང་པོ་​ཀྱ་​ལེ་སྦྱིན་པ་ཐོང་ཞིག དེ་ནས་​ནམ་མཁའི་ཞིང་ཁམས་​རུ་ཁྱོད་རང་ལེ་​རྒྱུ་ནོར་འཐོབ་ཀྱི་དིག ད་​ཁྱོད་རང་​ངའི་​རྗེས་​ལེ་​འབྲོངས་​ལེད་​ཟིན་གསུངས་​པི་​དིག 23དཔོན་པོ་དེ་​ཕྱུག་པོ་འཇུ་གུ་ཡིན་ཕེན། ཁོས་གསུང་​དེ་​ཐོས་​ཏེ་​སེམས་པ་སྐྱོ་པོ་འཇུ་གུ་བྱུང་པི་​དིག 24ཡང་ཡེ་ཤུས་​ཕྱུག་པོ་​ཁོ་​ལེ་​གཟིགས་​གནང་སྟེ། མི་​ཕྱུག་པོ་​ཀྱ་​ནི། དཀོན་མཆོག་​གི་​རྒྱལ་ཁབ་​ནང་​ལེ་​འགྲོ་ཐུབ་རྒྱུ་​དེ་ནི་དཀའ་ལས་ཁག་པོ་འོད་དིག 25མི་​ཕྱུག་པོ་​ཞིག་དཀོན་མཆོག་​གི་​རྒྱལ་ཁབ་ནང་​ལེ་འགྲོ་​བ་ལས། རྔ་མོང་​ཞིག་​ཁབ་ཀྱི་མིག་​བརྒྱུད་ནས་​འགྲོ་བ་དེ་ལས་སླ་​འོད་དིག་ཟིན་གསུངས་​པི་​དིག 26གསུང་དེ་ཐོས་​མཁན་​མི་​ཀྱ་​ཀྱིས་ཡེ་ཤུ་ལེ། འོ་ནེ། མི་​སུ་​ལེ་​ཐར་པ་འ​ཐོབ་ཐུབ་རྒྱུ་ཟིན་​ཞུས་​ཕེན། 27ཡེ་ཤུས་མི་དེ་ཀྱ་ལེ། མི་ཀྱ་ཀྱིས་བགྱིད་མི་ཐུབ་པའི་​དོན་​དེ་ནི། དཀོན་མཆོག་​གིས་​མཛད་ནུས་​ཀྱི་དིག་ཟིན་​གསུངས་​པི་​དིག 28དེ་ནས་​པེ་ཏྲོ་ཁོས་ཡེ་ཤུ་ལེ། གཟིགས་​དང་། ཉེད་​ཀྱ་​ཀྱིས་​ཟང་རང་​ལེ་​ཅི་འོད་ཡོད་​ཡེ་རེ་གཡུགས་ཏེ་​ཁྱེད་​ཀྱི་​རྗེས་​ལེ་​འབྲངས་​པི་​ཡིན་​ཟིན་​ཞུས་​ཕེན། 29ཡེ་ཤུས་ཁོང་ཀྱ་ལེ། ང་​ཁྱེད་​ཀྱ་​ལེ་​བདེན་པ་​ཟེར་​རོ། མི་​སུ་​ཞིག་​གིས་​དཀོན་མཆོག་​གི་​རྒྱལ་ཁབ་​ཀྱི་དོན་​ལེ། རང་གི་ཁང་པ། བུད་མེད། ཕ་མ། ཕྲུ་གུ སྤུན་ཀྱ་བློད་​བཏང་​པི་​ཡིན་​ནི། 30ཚེ་​འདི་​ལེ་​ལྡབ་​མང་ང་འཐོབ་​ཀྱི་དིག ཡང་དེ་མ་ཟད། མ་འོངས་པའི་​དུས་​ལེ་​ཟང་​མཐའ་​མེད་པའི་​ཚེ་སྲོག་​འཐོབ་​ཀྱི་​དིག་​ཟིན་གསུངས་​པི་​དིག
ཡེ་ཤུས་རང་དགྲོང་​རྒྱུ་ཡིན་དི་སྐོར་ལེ་ལུང་​བསྟན་​པ།
31ཡང་​དུས་ཡུན་ཁ་ཤས་རྗེས་ལེ། ཡེ་ཤུས་​རང་གི་​སློབ་མ་​བཅུ་​གཉིས་​ཀྱ་​ཟུར་​ལེ་​ཁྲིད་​གནང་སྟེ། ལྟོས་​དང་། ད་ལྟ་​འུ་​ཀྱ་​སྟོད་ཕྱོགས་​ཀྱི་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​འགྲོ་​འོད་དིག ལུང་སྟོན་པ་​ཀྱ་​ཀྱིས་​མིའི་​བི་སའི་སྐོར་​ལེ་​བྲིས་​པི་དེ་ཀྱ་འགྲུབ་​ཀྱི་དིག 32ཁོང་རང་ཕྱི་མིའི་​ལག་​ལེ་གཏོད་རྒྱུ་ཡིན་དི་མ་ཟད། མི་​དེ་ཀྱ་​ཀྱིས་​ཟང་ཁོ་ལེ་​འཕྱམ་ཆ་​གཏོང་​གྱི་དིག ཡང་ཚིག་ངན་​སྨྲས་ཏེ། ངོ་གདོང་​ལེ་མཐུ་​རྒྱག་​གྱི་དིག 33མི་དེ་ཀྱ་ཀྱིས་ཁོའི་ལུས་​ལེ་​ལྕག་ཚན་གྱི​ས་​གཞུས་ཏེ་གསོད་​ཀྱི་​དིག ཡིན་ནའང་​། ཉིན་​གསུམ་པ་​ལེ་​ཁོང་རང་ཡང་​དང་འཆི་བ་ནས་གསོན་པོ་འོང་གྱི་དིག་​ཟིན་གསུངས་​པི་​དིག 34ཡིན་ནའང་​། སློབ་མ་​ཀྱ་​ཀྱིས་​གསུང་དེའི་དོན་དག་ཧ་མ་གོ་པི་དིག ཅི་ལེ་ཟེར་ནི། དོན་དག་དེ་ནི་ཁོང་ཀྱ་ལེ་སྦས་འོད་དིག
ཡེ་ཤུས་​སྤྲང་པོ་​མིག་ཞ་ར་​ཞིག་དྲག་ཏུ་བཅུག་པ།
35ཡང་​དེའི་རྗེས་ལེ། ཡེ་ཤུ་​ཡེ་རུ་ཀོ་​རྒྱལ་ས་​ལེ་​ཕེབས་​རྒྱ། མིག་ཞ་ར་​ཡིན་མཁན་མི་ཞིག་​ལམ་​ལེ་​སློང་​མོ་སློང་གྱོ་འོད་དིག 36དེ་ནས་​ཞ་ར་​ཁོས་​མི་​མང་པོ་​ཞིག་​ཕ་​ལེ་​འགྲོ་​བའི་འུར་སྒྲ་​ཐོས་​ཕེན། ཁོས་ལམ་ལེ་འགྲོ་མཁན་མི་​ཞིག་​ལེ་འུར་སྒྲ་​འདི་ཅི་ཡིན་གོ་​ཟིན་​སྐད་ཆ་​དྲིས་​པི་དིག 37དེ་ནས་ལམ་​ལེ་​འགྲོ་​མཁན་​མི་དེ་ཀྱ་ཀྱིས་ཁོ་ལེ། ནཱ་​ཙ་​རེལ་​གྱི་​ཡེ་ཤུ་​ཕ་ལེ་ཕེབས་འགྲོ་འདུག་སྨྲས་​པི་དིག 38དེ་ནས་ཞ་ར་​ཁོས་​ལབ་​འདི་​ཐོས་​ལོང་མེད་​སྐད་ཆེན་པོས་​ངང་​ནས། ཡེ་ཤུ། རྒྱལ་པོ་​དཱ་བིད་​ཀྱི་རིགས་​རྒྱུད་ཀྱི་སྲས། ཁྱེད་​ཀྱིས་ང་ལེ་ཐུགས་རྗེས་གཟིགས་རོགས་ཟིན་ཞུས་​ཕེན། 39སྔོན་​ལེ་​འགྲོ་​མཁན་​མི་​ཀྱ་​ཀྱིས་​ཞ་ར་​ཁོ་​ལེ་ཁུ་སིམ་མེ་​སྡོད་​ཟིན་​འཁྲག་པ་བཙལ་ནའང་། ཞ་ར་​ཁོས་​འཛེན་​སྐད་ཆེ་​རུ་​བརྒྱབ་​སྟེ། རྒྱལ་པོ་​དཱ་བིད་​ཀྱི་​རིགས་རྒྱུད་ཀྱི་སྲས། ཁྱེད་​ཀྱིས་​ང་​ལེ་ཐུགས་རྗེས་​གཟིགས་​རོགས་​གནང་​ཟིན་ཞུས་​པི་​དིག 40དེ་ནས་​ཡེ་ཤུས་ཁོང་རང་ཕེབས་​འགྲོ་​ནས་​མ་​ཕེབས་ཏེ། ཞ་ར་དེ་ཚུར་​ལེ་ཁྲིད་​ལེད་​ཟིན་​བཀའ་​གནང་པི་དིག དེ་ནས་ཞ་ར་​ཁོ་​ཡེ་ཤུའི་​མདུན་​དུ་​ཁྲིད་​འོང་ཕེན། ཡེ་ཤུས་​ཞ་ར་​ཁོ་​ལེ། 41ངས་ཁྱོད་​ལེ་​ཅི་བགྱིད་དགོས་​འདུག་གོ་ཟིན་གསུངས་ཕེན། ཞ་ར་​ཁོས། ཇོ་བོ། ངའི་​མིག་​འདི་​མཐོང་​ཐུབ་​རྒྱུ་​འོད་ཡོད་​ཞིག་​བཟོ་​རོགས་​གནང་​ཟིན་​ཞུ་​བ་ཕུལ་​ལི་​དིག 42ཡང་ཡེ་ཤུས་མི་​ཞ་ར་​ཁོ་​ལེ། ཁྱོད་ཀྱི་​མིག་​མཐོང་​རྒྱུ་​འོད་ཡོད་​བྱུང་​སོང་། ཅི་ལེ་ཟེར་ནི། ཁྱོད་ཀྱི་དད་པས་​ཁྱོད་རང་​ལེ་དྲག་ཏུ་བཅུག་པི་​དིག་ཟིན་​གསུངས་​པི་​དིག 43དེ་ནས་དེ་ལོང་མེད་​ཁོའི་​མིག་​མཐོང་​རྒྱུ་​འོད་ཡོད་​བྱུང་​ཕེན། ཁོ་རང་དཀོན་མཆོག་​ལེ་​བསྟོད་པ་​ཕུལ་ཏེ། ཡེ་ཤུའི་​རྗེས་​ལེ་​འབྲངས་​པི་​དིག དེ་ནས་མི་ཡེ་རེས་ཟང་གནས་ཚུལ་དེ་མཐོང་སྟེ་​དཀོན་མཆོག་​ལེ་​བསྟོད་པ་ཕུལ་ལི་དིག །

Currently Selected:

ལུ་ཀཱ། 18: DLPO

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in