YouVersion Logo
Search Icon

ཡོ་ཧ་ནན། 9

9
ལེའུ་དགུ་པ།
ཡེ་ཤུས་​མི་​ཞར་ར་​ཞིག་​མཐོང་​རྒྱུ་​འོད་ཡོད་​བཟོས་པ།
1དེ་ནས་​ཡང་ཡེ་ཤུ་ལམ་​ལེ་​ཕེབས་​གནང་རྒྱ། སྐྱེས་དུས་ནས་ཕེན་​མིག་​ཞར་ར་​བྱུང་བའི་མི་​ཞིག་​ཐུག་​ཕེན། 2ཁོང་གི་སློབ་མ་​ཀྱ་​ཀྱིས་​ཡེ་ཤུ་​ལེ། རཱབ་བི། མི་འདི་​ཞར་ར་​ལེ་སྐྱེས་​དགོས་པའི་རྒྱུ་མཚན་ཅི་ཡིན་གོ། ཁོས་བྱས་པའི་​སྡིག་པ་ཡིན་གོ། ཡང་ནི། ཁོའི་ཕ་མས་​བསགས་པའི་​སྡིག་པ་ཡིན་གོ་ཟིན་དྲིས་ཕེན། 3ཡེ་ཤུས་ཁོང་ཀྱ་ལེ། ཞར་ར་​འདི་​ནི་རང་གིས་​སྡིག་པ་​བྱས་​པའི་རྐྱེན་​གྱིས་​མ་དིག ཡང་​ཁོའི་​ཕ་མས་​བསགས་པའི་སྡིག་པ་ཟང་མན་དིག དཀོན་མཆོག་​གི་​མཛད་པའི་​ངོ་མཚར་​འདི་​མི་འདིའི་མི་ཚེའི་ནང་ལེ་​སྟོན་རྒྱུ་ཆེད་དུ་​ཁོ་​ཞར་ར་​སྐྱེས་​པི་​དིག 4འུ་​ཀྱ་​ཀྱིས་​ཟང་​ང་​རྫོང་མཁན་​ཁོང་​གི་​ཕྱག་ལས་དེ་ཉིན་​མོའི་དུས་ལེ་​བགྱིད་​དགོས་​འོད་དིག ཡིན་ནའང་​། མཚན་མོའི་​དུས་​ལེ་​མི་​སུ་ཞིག་གིས་​ཟང་​ལས་ཀ་​བགྱིད་​མི་​ཐུབ་འོད་དིག 5ཡིན་ནའང་། ང་​འཇིག་རྟེན་​ལེ་​སྡོད་​རྒྱ། ང་​ནི་​འཇིག་རྟེན་​གྱི་​འོད་ཟེར་​དེ་ཡིན་​གསུངས་​པི་​དིག 6དེ་ནས་​དེའི་​རྗེས་​ལེ་​ཡེ་ཤུས་​ཞལ་​ནས་​ས་​ལེ་​མཆིལ་མ་​གཏོར་​ཏེ་​འདམ་བག་ཞིག་​བཟོས་​གནང་​སྟེ་འདམ་བག་དེ་ཞར་ར་​ཁོའི་མིག་​ལེ་​བསྐུས་པི་དིག དེ་ནས་ཡེ་ཤུས་ཞར་ར་ཁོ་ལེ། 7ད་​ཁྱོད་རང་​རྒྱུགས། རང་གི་ངོ་གདོང་​སི་ལོམ་​ཟེར་​རི་​རྫིང་ཆུ་​ལེ་​ཁྲུས་​ལེད་​ཟིན་གསུངས་​པི་​དིག (སི་ལོམ་ཟེར་དོན་དེ་ནི་བརྫངས་པ་ཟེར་རི་དིག) དེ་ནས་ཞར་ར་​ཁོས་​ཟང་​སི་ལོམ་​ཟེར་​རི་​རྫིང་ཆུ་​ལེ་​ཕྱིན་​ཏེ། རང་གི་​ངོ་གདོང་​བཀྲུས་​ཕེན། མིག་​མཐོང་​རྒྱུ་​འོད་ཡོད་​བྱུང་​སྟེ། རང་གི་​ཡུལ་​ལེ་​ལོག་​བུད་དི་དིག 8དེ་ནས་​ཁོའི་​ཁྱིམ་མཚེས་​ཀྱ་དིང་​། ཡང་དེ་སྔོན་ཁོ་རང་སློང་མོ་​སློང་མཁན་ཡིན་དི་མཐོང་མཁན་མི་ཀྱ་ཀྱིས་ཟང་ཁོ་ལེ། མི་འདི་ནི་སློང་མོ་སློང་མཁན་ཁོ་མ་གས་ཟིན་འོད་དིག 9ཡང་​ལ་ལས་​ཁོ་​ཡིན་དིག་​ཟེར་​རི་​དིང་​། ཡང་ལ་ལས་​ཁོ་​ཡིན་​གྱི་​མ་དིག ཁོ་​ཅོག་འདྲ་​མི་​གཞན་​མ་ཞིག་ཡིན་​སྲིད་ཀྱི​་​དིག་སྨྲས་​པི་དིག དེ་ནས་ཁོས་མི་དེ་ཀྱ་ལེ། མི་དེ་ནི་ང་​རང་​ཡིན་​སྨྲས་​པི་​དིག 10དེ་ནས་​མི་དེ་ཀྱ་​ཀྱིས་​ཁོ་​ལེ། ད་ལྟ་​ཁྱོད་ཅི་གི་​བྱས་​ཏེ་​མཐོང་​རྒྱུ་འོད་ཡོད་བྱུང་པི་གོ་ཟིན་དྲིས་​ཏེ། 11ཁོས་​མི་​དེ་ཀྱ་​ལེ། མི་​ཞིག་​འདུག མི་​ཀྱ་​ཀྱིས་​ཁོའི་​མིང་​ལེ་​ཡེ་ཤུ་​ཟིན་​འབོད་​ཀྱི་འདུག ཁོས་འདམ་བག་​ཞིག་​བཟོས་​ཏེ་​ངའི་​མིག་​ལེ་​བསྐུས་​ཏེ། ད་​ཁྱོད་རང་​སི་ལོམ་​ཟེར་​རི་​རྫིང་​ཆུ་​ལེ་​ཁྲུས་​ལེད་ཅིག་​ཟིན་གསུངས་​བྱུང་​། དེ་ནས་​ངས་​ཟང་​ཁོང་​གི་​གསུངས་​པི་​ཅོག་འདྲ་​རྫིང་ཆུ་​དེ་ལེ་​ཕྱིན་​ཏེ་​བཀྲུས་ཕེན། ངའི་མིག་​མཐོང་​རྒྱུ་​འོད་ཡོད་​བྱུང་སོང་སྨྲས་​པི་​དིག 12དེ་ནས་​མི་​དེ་​ཀྱ་​ཀྱིས་​ཡེ་ཤུ་​ཟེར་མཁན་​མི་​དེ་ད་ལྟ་​ག་ན་​འདུག་​གོ་​ཟིན་​དྲིས་​ཏེ། ཁོས་​ང་​ལེ་​ཆ་​མེད་​སྨྲས་​པི་​དིག
ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཞར་རའི་མིག་དྲག་གི་དེའི་སྐོར་ལེ་རྩད་​གཅོད་བྱས་པ།
13དེ་ནས་​མི་​དེ་ཀྱ་​ཀྱིས་​སྔོན་མ་ཞར་ར་​ཡིན་མཁན་ཁོ་​ཕཱ་རུ་ཤི་པ་​ཀྱ་​ཀྱི་​དྲུང་​དུ་​ཁྲིད་​དི་​དིག 14ཡེ་ཤུས་​འདམ་བག་​བཟོས་​ཏེ་​ཞར་རའི་​མིག་​དྲག་​ཏུ་བཅུག་​གི་​ཉིན་མ་​དེ་ནི་​ངལ་གསོ་བའི་​ཉིན་མོ་​ཡིན་དིག 15དེ་ནས་​ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཟང་​ཡེ་ཤུས་​ཁོའི་​མིག་​ཅི་གི་​བྱས་​ཏེ་​མཐོང་​རྒྱུ་​འོད་ཡོད་​བཟོས་​པའི་​སྐོར་​ལེ་​དྲིས་​ཏེ། ཁོས་མི་དེ་ཀྱ་ལེ། ཁོང་​གིས་​ངའི་​མིག་​ལེ་​འདམ་བག་​བསྐུས་​ཏེ་ངས་​བཀྲུས་​ཕེན། ངའི་མིག་​མཐོང་​རྒྱུ་​འོད་ཡོད་​བྱུང་​སོང་སྨྲས་​པི་​དིག 16དེ་ནས་ཕཱ་རུ་ཤི་པ་​ཀྱ་​ནང་​ནས་​མི་ཁ་ཤས་ཀྱིས་​ངལ་གསོ་བའི་​ཉིན་མོའི་​ཆོས་ཁྲིམས་​མི་​སྲུང་​མཁན་​འདི་དཀོན་མཆོག་​གི་བརྒྱུད་​ནས་​བྱུང་​པི་​མ་དིག ཅི་ལེ་ཟེར་ནི། མི་ཁོས་ངལ་གསོ་བའི་ཉིན་མོའི་ཆོས་ཁྲིམས་དེ་མི་སྲུང་འདུག་ཟིན་འོད་དིག ཡང་མི་ཁ་ཤས་ཀྱིས་མི་སྡིག་ཉེས་ཅན་ཞིག་​གིས་​འོ་དེ་གི་ཡ་མཚན་​གྱི་རྟགས་​ཅི་གི་​བྱས་​ཏེ་​བསྟན་​ཐུབ་​རྒྱུ་སྨྲས་ཕེན། ཁོང་​ཀྱ་​ལྟ་བ་​མ་​མཐུན་​པི་​དིག 17དེ་ནས་ཡང་​ཕཱ་རུ་ཤི་པ་​ཀྱ་​ཀྱིས་​སློང་མཁན་​ཞར་ར་​ཁོ་​ལེ། མི་​དེས་​ཁྱོད་ཀྱི་​མིག་​དྲག་​དུ་​བཅུག་​ཕེན། ཁྱོད་ཀྱིས་སེམས་ཚུལ་​ལེ་​མི་​དེ་​ཅི་གི་​ཞིག་​ཡིན་དིག་​བསམ་​གྱི་​གོ་​ཟིན་​དྲིས་​ཏེ། ཁོས་​མི་​དེ་ནི་​ལུང་སྟོན་པ་​ཞིག་​ཡིན་དིག་ཟིན་​སྨྲས་​པི་​དིག 18དེ་ནས་​ཡང་​ཡ་ཧུ་དཱ་པའི་​དཔོན་རིགས་​ཀྱ་​ཀྱིས་​ཟང་སྔོན་མ་​ཁོ་​ཞར་ར་​ཡིན་དིག ད་ལྟ་​མིག་​མཐོང་​རྒྱུ་འོད་ཡོད་​བྱུང་​པི་​དེ་​ལེ་​ཡིད་​མི་ཆེས་​ཕེན། ཁོའི་​ཨ་ཀྱི་​དིང་​ཨ་མ་​ཤོག་​སྨྲས་​ཏེ། 19འདི་​ཁྱོད་ཀྱི་བི་ས་​ཡིན་​གས། ཁྱེད་​གཉིས་ཀྱིས་​ཁོ་​སྐྱེས་​དུས་​ནས་ཕེན་​ཞར་ར་​སྐྱེས་​པི་​དིག་​ཟིན་​འདུག ཡིན་ནའང་​། ད་ལྟ་​ཁོའི་​མིག་​མཐོང་​རྒྱུ་​འོད་ཡོད་​ཅི་གི་​བྱས་​ཏེ་​བྱུང་​པི་ཡིན་​གོ་​ཟིན་​དྲིས་​པི་དིག 20དེ་ནས་ཕ་མ་​གཉིས་​ཀྱིས་​ཁོ་ཉེད་ཀྱི་​བི་ས་​ཡིན་དི་མ་ཟད། ཁོ་​རང་སྐྱེས་​དུས་​ནས་​ཕེན་ཞར་ར་​ཡིན་དི་​ཉེད་​གཉིས་​ཀྱིས་ཧ་གོ་འོད། 21ཡིན་ནའང་​། ད་ལྟ་​ཁོའི་​མིག་​ཅི་གི་​བྱས་​ཏེ་​མཐོང་​རྒྱུ་​འོད་ཡོད་​བྱུང་​པི་དིང་​། ཡང་​མི་སུ་ཞིག་གིས་​ཁོའི་མིག་​མཐོང་​རྒྱུ་​འོད་ཡོད་​བཟོས་པི་དེའི་སྐོར་​ཉེད་​གཉིས་​ལེ་​ཆ་​མེད། ཁོ་རང་​ད་ལྟ་​ན་ཚོད་​ལོན་​འོད་​ཕེན། ཁོས་​ལབ་​ཟེར་​གྱི་​དིག་​སྨྲས་​པི་​དིག 22-23ཁོའི་​ཕ་མ་​གཉིས་​ཀྱིས་​ཡ་ཧུ་དཱ་པའི་​དཔོན་རིགས་​ཀྱ་​ལེ་​འཁྱར་རི་དིག ཅི་​ལེ་​ཟེར་​ནི། མི་​སུ་ཞིག་གིས་​ཡེ་ཤུ་​ནི་​སྐྱབས་མགོན་​ཡིན་དིག་སྨྲས་​ནི།#9.22-23 གེ་རིག་ཟེར་ལུགས་ནང་ལེ་སྐྱབས་མགོན་ཟིན་མི་ཟེར་འོད་དིག ཁི་རིའི་སི་ཐོ་ཟིན་འོད་དིག མི་དེ་ཀྱ་ཡ་ཧུ་དཱ་པའི་​མཆོད་ཁང་​ནས་​འབུད་​རྒྱུ་​ལེ་སྔོན་མ་​ནས་​ཐག་གཅོད་​བྱས་ཚར་རི་ཡིན་​ཕེན། ཁོའི་​ཕ་མ་​གཉིས་​ཀྱིས་འོ་དེ་གི་​སྨྲས་​པི་​དིག
24འོ་དེ་ལེ་བརྟེན་ཏེ། ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཞར་ར་​ཁོ་​ཡང་དང་​སྐད་​བཏང་སྟེ། ཁྱོད་​ཀྱིས་དཀོན་མཆོག་གི་མདུན་དུ་བདེན་པ་ཤོད་ཅིག ཉེད་ཀྱ་ཀྱིས་ཁྱོད་ཀྱི་མིག་​དྲག་​དུ་​འཇུག་​མཁན་​མི་དེ་ནི་​སྡིག་ཅན་​ཞིག་​ཡིན་​དི་ཧ་གོ་​བྱུང་​སྨྲས་པི་དིག 25དེ་ནས་ཞར་ར་​ཁོས་​ཁོང་​སྡིག་ཅན་​ཡིན་​མིན་​ང་​ལེ་​ཆ་​མེད། ང་​ནི་​སྔོན་མ་​ནས་​ཞར་ར་​ཡིན། ད་ལྟ་​ང་​མཐོང་​རྒྱུ་​འོད་ཡོད་​བྱུང་​པི་དེ་​ངས་​ཧ་གོ་​འོད་​སྨྲས་​པི་​དིག 26ཡིན་ནའང་། ད་རུང་​ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཁོ་​ལེ། མི་དེས་​ཁྱོད་ཀྱི་​མིག་​ཅི་གི་བྱས་ཏེ་དྲག་​དུ་​བཅུག་​སོང་​ཟིན་​དྲིས་​ལས་​བྱས་​ཕེན། 27ཡང་​ཁོས་ཕཱ་རུ་ཤི་པ་ཀྱ་ལེ། ངས་​ཟེར་རྒྱ། ཁྱེད་​ཀྱ་​ཀྱིས་​དགའ་མོ་​བྱས་ཏེ་མི་​ཉན་​འོད་དིག ད་​ཅི་ལེ་ཡང་དང་ཉན་​འདོད་​འདུག་​གོ ཁྱེད་​ཀྱ་​ཟང་​ཁོང་​གི་​སློབ་མ་​བགྱིད་འདོད་​འདུག་​གས་​སྨྲས་པི་དིག 28དེ་ནས་​ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཁོ་​ལེ་​ཚིག་ངན་​སྨྲས་​ཏེ། ཁྱོད་རང་མི་དེའི་སློབ་མ་​ཡིན་དིག ཡིན་ནའང་། ཉེད་ཀྱ་ནི་ལུང་སྟོན་པ་​མོ་ཤེ་​ཀྱི་​སློབ་མ་​ཡིན། 29དཀོན་མཆོག་​གིས་​མོ་ཤེ་​ལེ་​གསུང་​གླེང་​མཛད་​མྱོང་​པི་དེ་ནི་​ཉེད་​ཀྱ་​ལེ་​ཆ་​འོད། ཡིན་ནའང་​། མི་​འདི་ག་ནས་​འོངས་པི་ཡིན་དི་ཉེད་​ཀྱ་ལེ་​ཆ་​མེད་​སྨྲས་​པི་​དིག 30དེ་ནས་​ཁོས། ཁོང་​གིས་​ངའི་​མིག་​ཞར་ར་​ནས་​མཐོང་​རྒྱུ་​འོད་ཡོད་​བཟོས་གནང་པི་དིག ཡིན་ནའང་། ཁྱེད་​ཀྱ་​ཀྱིས་​ཁོང་​ག་ན་​ནས་འོངས་​པི་དེ་ཟང་​མི་​ཤེས་​པི་དེ་ཁྱད་མཚར་​པོ་ཡིན་དིག 31དཀོན་མཆོག་​གིས་​མི་​སྡིག་ཅན་​ཀྱ་​ཀྱི་​སྨོན་ལམ་​ལེ་​གསན་མི་གནང་​འོད་དིག ཡིན་ནའང་​། ཁོང་​ལེ་​དད་གུས་​དིང་​ཁོང་​གི་​ཐུགས་དགོངས་​ཅོག་འདྲ་​བགྱིད་​མཁན་​ཀྱ་​ཀྱི་​སྨོན་ལམ་​དེ་ལེ་གསན་​གནང་​གྱོ་​འོད་དི་ཉེད་​ཀྱ་​ལེ་​ཆ་​འོད། 32འཇིག་རྟེན་བཀོད་པ་ནས་​ཕེན། མི་​སུ་​ཞིག་​གིས་​ཟང་​སྐྱེས་​དུས་​ནས་ཞར་ར་​བྱུང་པི་མི་ཞིག་​གི་​མིག་​མཐོང་​ཐུབ་​རྒྱུ་འོད་ཡོད་བཟོས་གནང་བའི་​གནས་ཚུལ་ཞིག་རྩ་བ་ནས་ཐོས་​མྱོང་​མེད། 33གལ་སྲིད་​ངའི་​མིག་​མཐོང་​ཐུབ་​རྒྱུ་འོད་ཡོད་བཟོས་མཁན་​ཁོང་རང་​དཀོན་མཆོག་​ནས་​བྱུང་པི་ཞིག་མན་​ནི། མི་​སུ་ཞིག་གིས་དོན་​དེ་གི་བགྱིད་​ནུས་​སྲིད་ཀྱི་མན་དིག་སྨྲས་པི་​དིག 34དེ་ནས་ཕཱ་རུ་ཤི་པ་​ཀྱ་​ཀྱིས་​ཁོ་​ལེ། ཁྱོད་སྐྱེས་​དུས་​ནས་​ཕེན་སྡིག་ཅན་​ཞིག་ཡིན་​ནའང་། ཁྱོད་ཀྱིས་ཉེད་​ཀྱ་​ལེ་​བསླབ་བྱ་​རྒྱག་​གྱོ་​འོད་​དས་​ཟིན་ཁོ་​ཕྱི་​ལེ་​བཏོན་​པི་​དིག
35དེ་ནས་​ཡེ་ཤུས་​མིག་​མཐོང་​རྒྱུ་​འོད་ཡོད་བཟོས་​གནང་བའི་མི་​དེ་​ཕྱི་​ལེ་​བཏོན་པའི་​ལབ་​ཐོས་​ཕེན། ཁོང་​གིས་​མི་​འདི་​བཙལ་​ཏེ་​རྙེད་​དེ་ཁོ་ལེ། ཁྱོད་ཀྱིས་​མིའི་​བི་ས་​ལེ་དད་པ་​བགྱིད་​འོད་​དས་​ཟིན་གསུངས་​པི་དིག 36དེ་ནས་ཁོས། རྒན། མིའི་​བི་ས་​ཟེར་མཁན་​དེ་སུ་​ཡིན་​གོ། ཁྱེད་​ཀྱིས་ང་​ལེ་​གསུངས་​དང་​། ངས་ཁོང་ལེ་དད་པ་​བགྱིད་ཀྱི་ཡིན་​ཞུས་​པི་དིག 37དེ་ནས་ཡེ་ཤུས་​ཁོ་​ལེ། ཁྱོད་ཀྱིས་​ཁོང་​རང་མཐོང་​མྱོང་འོད་དི་​མ་ཟད། མི་​དེ་ནི་ང་རང་​ཡིན་​ཟིན་གསུངས་​པི་དིག 38དེ་ནས་མི་​ཁོས། ཇོ་བོ། ང་​དད་པ་​འོད་ཟིན་​ཁོང་​ལེ་​ཕྱག་འཚལ་ལི་དིག 39དེ་ནས་​ཡེ་ཤུས་​ང་​འཇིག་རྟེན་​འདི་​རུ་​བཟང་ངན་​གྱི་​ཁྲིམས་​གཅོད་​བགྱིད་རྒྱུ་ཆེད་དུ་དིང་། ཡང་ཞར་ར་​ཀྱ་​མཐོང་​ཐུབ་​པི་​དིང་​། མཐོང་​མཁན་​ཀྱ་​ཞར་ར་​འོང་རྒྱུ་ཆེད་དུ་འོངས་པི་ཡིན་ཟིན་གསུངས་​པི་​དིག 40དེ་ནས་​ཡང་​ཡེ་ཤུའི་​དྲུང་​དུ་​འོད་ཡོད་​ཕཱ་རུ་ཤི་པ་ཁ་ཤས་​ཀྱིས་​ཁོང་གི་གསུང་​དེ་ཐོས་​ཕེན། ཁོང་​ལེ་​ཉེད་​ཀྱ་​ཟང་​ཞར་ར་​ཡིན་གས་​ཟིན་​དྲིས་པི་དིག 41དེ་ནས་ཡེ་ཤུས་གལ་སྲིད་ཁྱེད་​ཀྱ་​ཞར་ར་​ཡིན་​ནི། སྡིག་པ་​ཟང་​མེད་དིག ཡིན་ནའང་​། ཁྱེད་​ཀྱ་ཀྱིས་​ཉེད་ཀྱ་​མཐོང་​གྱོ་​འོད་​སྨྲས་ཕེན། ཁྱེད་​ཀྱ་​སྡིག་ཅན་​ཞིག་​ཡིན་དིག་​ཟིན་གསུངས་​པི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in