YouVersion Logo
Search Icon

ཡོ་ཧ་ནན། 8

8
ལེའུ་བརྒྱད་པ།
བྱི་མོ་རྒྱུག་མཁན་བུ་མའ་ཞིག་གི་སྐོར།
1དེ་ནས་ཡེ་ཤུ་ཁོང་རང་སྐྱུར་རུ་སྡོང་པོའི་དེའུ་ཞིག་ལྟག་ག་ལེ་ཕེབས་གནང་པི་དིག#8.1 སྐྱུར་རུ་སྡོང་པོའི་དེའུ་དེ་ནི་ཡི་སི་ར་ཨེལ་ལུང་པའི་རྒྱལ་ས་ཡེ་རུ་ས་གླིང་ལེ་ཆགས་པའི་དེའུ་ཞིག་ཡིན་དིག ཡེ་ཤུའི་དུས་ལེ་དེའུ་དེའི་མཐའ་སྐོར་གྱི་ས་ཆ་ལེ་མི་མང་པོ་མེད་ཕེན། ཁོང་གིས་རང་གི་སློབ་མ་ཀྱ་ལེ་སློབ་ཁྲིད་གནང་རྒྱུ་ཆེད་དུ་དེའུ་དེ་རུ་ལན་མ་མང་པོ་ཁོང་ཀྱ་འཁྲིད་གནང་པི་དིག 2ནམ་ཐོ་རེངས་ཚོད་ལེ། ཁོང་རང་ཡང་དང་མཆོད་ཁང་ཆེན་མོའི་རྩ་ལེ་ཕེབས་པི་དིང་། མི་ཡེ་རེ་ཁོང་གི་དྲུང་དུ་འཛོམས་འོངས་ཕེན། ཁོང་རང་མར་བཞུགས་ཏེ་མི་ཚོགས་ལེ་ཆོས་གསུངས་གནང་པི་དིག 3དེ་ནས་ཡ་ཧུ་དཱ་པའི་ཆོས་ཁྲིམས་མཁས་པའི་མི་དིང་། ཕཱ་རུ་ཤི་པ་ཀྱ་ཀྱིས་བྱི་མོ་རྒྱུག་མཁན་བུ་མའ་ཞིག་འཛིན་བཟུང་བྱས་ཏེ། ཡེ་ཤུའི་དྲུང་དུ་ཁྲིད་འོང་སྟེ། མི་ཚོགས་ཀྱི་མདུན་དུ་བུ་མའ་འདི་ལང་དུ་བཅུག་པི་མ་ཟད། མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། 4སློབ་དཔོན། ལྟོས་དང་། བུ་མའ་འདི་བྱི་མོ་རྒྱུག་རྒྱ་ཉེད་ཀྱ་ཀྱིས་འཛིན་བཟུང་བྱས་པི་ཡིན། 5ད་ཆོས་ཁྲིམས་ནང་ལེ་མོ་ཤེས། བུ་མའ་འདི་ཅོག་འདྲ་ཀྱ་ལེ་རྡོ་རུབ་བཏང་སྟེ་གསོད་དགོས་པའི་བཀའ་གནང་འོད་དིག ཡིན་ནའང་། ད་ཁྱེད་ཀྱིས་དེའི་སྐོར་ལེ་ཅི་གསུང་རྒྱུ་འོད་དོ་ཟིན་ཞུས་ཏེ། 6ཡེ་ཤུ་ལེ་སྐྱོན་དིང་ཧམ་པ་འཛུགས་རྒྱུ་ཆེད་དུ་འོ་དི་གི་ཞུས་པི་དིག ཡིན་ནའང་། ཡེ་ཤུས་མར་བསྒུར་བསྒུར་བྱས་ཏེ་ཕྱག་མཛུབ་ཀྱིས་ས་ལེ་བྲིས་པི་དིག 7ཡང་མི་དེ་ཀྱ་ཀྱིས་ཨུ་ཚུགས་ངང་ནས་ཁོང་ལེ་ཡང་ནས་ཡང་དུ་སྐད་ཆ་དྲིས་ཕེན། ཁོང་ཡར་བཞེངས་ཏེ་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱི་ནང་ནས་མི་སྡིག་ཅན་མན་མཁན་ཞིག་གིས་མོ་ལེ་རྡོ་དང་པོ་གཞུ་ཆོག་གི་དིག་ཟིན་གསུངས་པི་དིག 8དེ་ནས་ཡེ་ཤུས། ཡང་དང་མར་བསྒུར་བསྒུར་བྱས་ཏེ་ཕྱག་མཛུབ་ཀྱིས་ས་ལེ་བྲིས་པི་དིག 9ཁོང་གིས་ཅི་གསུངས་དེ་མི་དེ་ཀྱ་ཀྱིས་ཐོས་ཕེན། མི་ན་སོ་རྒན་པོ་ནས་བྱས་ཏེ་ན་སོ་གཞོན་པ་བར་དུ་རིམ་བཞིན་ཕ་ལེ་བུད་ཕེན། ཡེ་ཤུའི་དྲུང་དུ་བུ་མའ་དེ་གཅིག་རང་ལངས་བསྡད་འོད་དིག 10དེ་ནས་ཡེ་ཤུས་ཡར་བཞེངས་ཏེ། བུ་མའ་མོ་ལེ། མི་དེ་ཀྱ་ག་ན་ལེ་བུད་སོང་། མི་སུས་ཁྱོད་ལེ་ཉེས་པའི་ཁྲིམས་འཛུགས་བགྱིད་འདུག་གོ་ཟིན་གསུངས་པི་དིག 11དེ་ནས་བུ་མའ་མོས་ཁོང་ལེ། ཇོ་བོ། མི་སུས་ཟང་ང་ལེ་ཉེས་པའི་ཁྲིམས་གཅོད་མ་བྱས་བྱུང་ཟིན་ཞུས་ཕེན། ཡེ་ཤུས་མོ་ལེ། འོ་ནེ། ང་ཟང་ཁྱོད་ལེ་ཉེས་པའི་ཁྲིམས་གཅོད་རྒྱུ་མན། རྒྱུགས་ད་ཕྱིན་ཆད་སྡིག་པ་མ་བགྱིད་ཟིན་གསུངས་པི་དིག
ཡེ་ཤུ་ནི་འཇིག་རྟེན་གྱི་འོད་ཟེར་ཡིན་དི་སྐོར་ལེ་དཔང་པོ་བྱས་པ།
12དེ་ནས་ཡེ་ཤུས་ཡང་དང་མི་དེ་ཀྱ་ལེ། ང་ནི་འཇིག་རྟེན་གྱི་འོད་ཟེར་ཡིན། མི་སུ་ངའི་རྗེས་ལེ་འབྲང་མཁན་ཀྱ་ནི་མུན་ནག་གི་ནང་ལེ་མི་འགྲུལ་ལི། འོད་ཟེར་གྱི་ཚེ་འོད་ཡོད་ཞིག་འོང་གྱི་དིག་ཟིན་གསུངས་པི་དིག 13ཡང་ཕཱ་རུ་ཤི་པ་ཀྱ་ཀྱིས་ཁོང་ལེ། ཁྱོད་ཀྱིས་རང་གིས་རང་ལེ་དཔང་པོ་བགྱིད་དི་ཡིན་དས། ཁྱོད་ཀྱི་དཔང་པོ་དེ་བདེན་པ་མ་དིག་སྨྲས་པི་དིག 14དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ངས་རང་གིས་རང་ལེ་དཔང་པོ་བྱས་ནའང་། ངའི་དཔང་པོ་དེ་ནི་བདེན་པ་ཡིན་དིག ཅི་ལེ་ཟེར་ནི། ངས་ང་རང་ག་ན་ནས་བྱུང་པི་དིང་། གང་གི་ལེ་འགྲོ་བ་ཟང་ཧ་གོ་འོད། ཡིན་ནའང་། ཁྱེད་ཀྱ་ཀྱིས་ང་ག་ན་ནས་བྱུང་པི་དིང་། གང་གི་ལེ་འགྲོ་བ་ཧ་མི་གོ་འོད་དིག 15ཁྱེད་ཀྱ་ཀྱིས་མིའི་ངོ་ལེ་བལྟས་ཏེ་ཁྲིམས་གཅོད་བགྱིད་འོད་དིག ངས་མི་སུ་ལེ་ཟང་ཁྲིམས་གཅོད་མི་བགྱིད་འོད། 16གལ་སྲིད་ངས་ཁྲིམས་གཅོད་བྱས་པི་ཡིན་ནི། ཁྲིམས་གཅོད་དེ་བདེན་པ་ཡིན། ཅི་ལེ་ཟེར་ནི། ང་གཅིག་རང་མ་དིག ང་རྫོང་མཁན་ཨ་ཀྱི་ཟང་ངའི་སྐྱེན་ལེ་འོད་དིག 17ཁྱེད་ཀྱ་ཀྱི་ཆོས་ཁྲིམས་ཅོག་འདྲ་མི་གཉིས་ཀྱིས་དཔང་པོ་བྱས་པི་ཡིན་ནི། དཔང་པོ་དེ་བདེན་པ་ཡིན་ཟིན་བྲིས་འདུག 18ངས་རང་གི་རང་ལེ་དཔང་པོ་བགྱིད་དི་མ་ཟད། ང་རྫོང་མཁན་ཨ་ཀྱིས་ཟང་ང་ལེ་དཔང་པོ་གནང་པི་དིག་ཟིན་གསུངས་པི་དིག 19དེ་ནས་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཁྱོད་ཀྱི་ཨ་ཀྱི་ག་ན་ལེ་འོད་དོ་ཟིན་དྲིས་ཕེན། ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ཀྱིས་ང་ངོ་མི་ཤེས་འོད་དི་མ་ཟད། ངའི་ཨ་ཀྱི་ཟང་ཁྱེད་ཀྱ་ཀྱིས་ངོ་མི་ཤེས་འོད་དིག ཁྱེད་ཀྱ་ཀྱིས་ང་ངོ་ཤེས་ནི། ངའི་ཨ་ཀྱིས་ཟང་ངོ་ཤེས་ཀྱི་དིག་ཟིན་གསུངས་པི་དིག 20གསུང་དེ་ནི་ཡེ་ཤུས་མཆོད་ཁང་ཆེན་མོའི་དངུལ་འབུལ་སའི་ཉེ་འགྲམ་ལེ་ཆོས་གསུང་རྒྱ་གསུངས་གནང་པི་དིག ཡིན་ནའང་། ཁོང་གི་དུས་དེ་ད་རུང་མ་སླེབས་འོད་ཕེན། མི་སུ་ཞིག་གིས་ཟང་ཁོང་ལེ་འཛིན་བཟུང་མ་བྱས་པི་དིག
21དེ་ནས་ཡེ་ཤུས་ཡང་དང་མི་དེ་ཀྱ་ལེ། ང་ཕ་ལེ་བུད་དི་རྗེས་ལེ། ཁྱེད་ཀྱ་ཀྱིས་ང་བཙལ་ནའང་། ཁྱེད་ཀྱ་རང་གི་སྡིག་ཉེས་ནང་ལེ་ཤི་འགྲོ་གྱི་དིག ང་འགྲོ་སའི་ས་ཆ་དེ་ལེ་ཁྱེད་ཀྱ་འགྲོ་ནུས་རྒྱུ་མ་དིག་ཟིན་གསུངས་པི་དིག 22འོ་དེ་ལེ་བརྟེནཏེ། ཡ་ཧུ་དཱ་པ་ཀྱ་ཀྱིས་ང་འགྲོ་སའི་ས་ཆ་དེ་ལེ། ཁྱེད་ཀྱ་འགྲོ་ནུས་རྒྱུ་མ་དིག་ཟེར་རི་ནི། རང་སྲོག་རང་གིས་གཅོད་རྒྱུ་དོན་ལེ་ཡིན་དི་མ་ནེ་ཟིན་གཅིག་གིས་གཅིག་ལེ་ལབ་གླེང་བྱས་པི་དིག 23ཡང་ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་འོག་ནས་ཡིན་དིག ང་ནི་སྟེང་ནས་ཡིན། ཁྱེད་ཀྱ་འཇིག་རྟེན་འདིའི་ཁོངས་གཏོགས་འོད་དིག ང་ནི་འཇིག་རྟེན་འདིའི་ཁོངས་གཏོགས་མེད། 24འོ་དེ་ལེ་བརྟེན་ཏེ། ངས་ཁྱེད་ཀྱ་ལེ། ཁྱེད་ཀྱ་ནི་རང་གི་སྡིག་ཉེས་ནང་དུ་ཤི་འགྲོ་གྱི་དིག་ཟིན་སྨྲས་པི་ཡིན། གལ་སྲིད་ཁྱེད་ཀྱ་ཀྱིས་ང་ནི་ཁོང་ཡིན་དི་ལེ་དད་པ་མ་བྱས་ནི། ཁྱེད་ཀྱ་རང་གི་སྡིག་ཉེས་ནང་དུ་ཤི་འགྲོ་གྱི་དིག་ཟིན་གསུངས་པི་དིག 25དེ་ནས་ཡ་ཧུ་དཱ་པའི་མི་དེ་ཀྱ་ཀྱིས་ཁྱོད་སུ་ཡིན་དོ་ཟིན་དྲིས་ཕེན། ཡེ་ཤུས་མི་དེ་ཀྱ་ལེ། ཁྱེད་ཀྱ་ལེ་ངས་སྔོན་མ་ཅི་སྨྲས་བྱུང་གོ། 26ངས་ཁྱེད་ཀྱ་ཀྱི་སྐོར་གྱི་གཏམ་དིང་ཁྲིམས་གཅོད་བགྱིད་རྒྱུ་མང་པོ་འོད། ཡིན་ནའང་། ང་རྫོང་མཁན་དེ་བདེན་པ་ཡིན་ཕེན། ངས་ཁོང་ནས་ཅི་ཐོས་པི་དེ་པ་རྐྱང་འཇིག་རྟེན་ལེ་སྨྲས་པི་ཡིན་ཟིན་གསུངས་པི་དིག 27ཁོང་གིས་ཡབ་དཀོན་མཆོག་གི་སྐོར་ལེ་གསུངས་པི་དེ་ནི། མི་དེ་ཀྱ་ཀྱིས་ཧ་མ་གོ་པི་དིག 28འོ་དེ་ལེ་བརྟེན་ཏེ། ཡེ་ཤུས་ཁྱེད་ཀྱ་ཀྱིས་མིའི་རིགས་ཀྱི་བི་ས་གྱེན་ལེ་སློངས་རྒྱ། ང་ནི། ཁོང་ཡིན་དི་ཧ་གོ་གྱི་དིག ངས་ཨ་ཀྱི་ལེ་མ་བརྟེན་ཏེ་ཅི་གང་མི་བགྱིད། ཨ་ཀྱིས་ང་ལེ་གསུངས་པི་དེ་པ་རྐྱང་ངས་སྨྲས་པི་ཡིན། 29ཡང་ང་རྫོང་མཁན་དེ་ནི་ངའི་སྐྱེན་ལེ་འོད། ངས་དུས་རྟག་ཏུ་ངའི་ཨ་ཀྱིའི་ཐུགས་དགྱེས་པའི་ལས་དེ་པ་རྐྱང་བྱས་ཕེན། ཁོང་གིས་ང་གཅིག་རང་ལེ་གཡུགས་མེད་དིག 30ཟིན་གསུང་རྒྱ་མི་མང་པོ་ཞིག་གིས་ཡེ་ཤུ་ལེ་དད་པ་བྱས་པི་དིག
མེས་མེས་ཨབ་ར་ཧམ་གྱི་བུ་རྒྱུད་ཀྱི་སྐོར།
31དེ་ནས་ཡེ་ཤུས་རང་ལེ་དད་པ་བགྱིད་མཁན་ཡ་ཧུ་དཱ་པ་ཀྱ་ལེ། གལ་སྲིད་ཁྱེད་ཀྱ་ཀྱིས་ངའི་བཀའ་ལེ་མུ་མཐུད་ནས་ཉན་ནི། ཁྱེད་ཀྱ་ངའི་སློབ་མ་ངོ་ཐོག་ཡིན་དི་མ་ཟད། 32བདེན་པ་དེ་ཅི་ཡིན་དི་ཧ་གོ་ཐུབ་པི་དིང་། བདེན་པ་དེ་རང་གིས་ཟང་ཁྱེད་ཀྱ་ལེ་རང་དབང་གནང་གྱི་དིག་ཟིན་གསུངས་པི་དིག 33དེ་ནས་མི་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཉེད་ཀྱ་ནི་མེས་མེས་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ཕེན། མི་གཞན་གྱི་ཚེ་གཡོག་རྩ་བ་ནས་བགྱིད་མྱོང་མེད། ཁྱོད་ཀྱིས་ཉེད་ཀྱ་ལེ་རང་དབང་གནང་གྱི་དིག་ཟེར་རི་དོན་དེ་ཅི་ཡིན་གོ་ཟིན་དྲིས་པི་དིག 34དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། སྡིག་པ་བགྱིད་མཁན་སུ་ཞིག་ཡིན་ནའང་། ཡེ་རེ་སྡིག་པའི་ཚེ་གཡོག་ཡིན་དིག 35ཚེ་གཡོག་དེ་བདག་པོའི་ཁྱིམ་ལེ་དུས་རྟག་ཏུ་མི་སྡོད་འོད་དིག ཡིན་ནའང་། བདག་པོའི་བི་ས་ནི་དུས་རྟག་ཏུ་ཁྱིམ་ནང་ལེ་སྡོད་འོད་དིག 36འོ་དེ་ལེ་བརྟེན་ཏེ། སྲས་ཀྱིས་ཁྱེད་ཀྱ་ལེ་རང་དབང་འོད་ཡོད་བཟོས་ཏེ། ཁྱེད་ཀྱ་ནི་ངོ་ཐོག་རང་དབང་འོད་ཡོད་ཞིག་ཡིན་དིག 37ངས་ཁྱེད་ཀྱ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་དི་ཧ་གོ་འོད་ནའང་། ངའི་བཀའ་དེ་ཁྱེད་ཀྱ་ཀྱི་སེམས་ཀྱི་ནང་ལེ་མེད་ཕེན། ཁྱེད་ཀྱ་ཀྱིས་ང་གསོད་རྒྱུ་གོ་སྐབས་འཚོལ་གྱོ་འོད་དིག 38ངས་ང་རང་གི་ཨ་ཀྱིའི་དྲུང་ནས་ཅི་མཐོང་པི་དེའི་སྐོར་ལེ་ཤོད་གྱོ་འོད། ཡིན་ནའང་། ཁྱེད་ཀྱ་ཀྱིས་རང་གི་ཨ་ཀྱི་ནས་ཅི་ཐོས་པི་ཅོག་འདྲ་བགྱིད་འོད་དིག་ཟིན་གསུངས་པི་དིག
39མི་དེ་ཀྱ་ཀྱིས་ཉེད་ཀྱི་ཨ་ཀྱི་ནི་མེས་མེས་ཨབ་ར་ཧམ་ཡིན་སྨྲས་ཕེན། ཡེ་ཤུས་མི་དེ་ཀྱ་ལེ། གལ་སྲིད་ཁྱེད་ཀྱ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ནི། ཁྱེད་ཀྱ་ཀྱིས་ཟང་ཁོང་གི་སྤྱོད་ལམ་ཅོག་འདྲ་བགྱིད་དགོས་འོད་དིག 40ད་ངས་དཀོན་མཆོག་ནས་ཐོས་པི་བདེན་པ་དེ་ཁྱེད་ཀྱ་ལེ་བཤད་འོད་ཕེན། ད་ལྟ་ཁྱེད་ཀྱ་ཀྱིས་ང་གསོད་འདོད་འདུག་གས། ཨབ་ར་ཧམ་གྱིས་འོ་དེ་གི་མ་བྱས་འོད་དིག 41ཁྱེད་ཀྱ་ཀྱིས་རང་གི་ཨ་ཀྱིའི་ལས་ཇུས་ཅོག་འདྲ་བགྱིད་འདུག་ཟིན་གསུངས་པི་དིག ཡང་མི་དེ་ཀྱ་ཀྱིས་ཁོང་ལེ། ཉེད་ཀྱ་ནི་བྱི་བོའི་ཕྲུ་གུ་མན། དཀོན་མཆོག་ཁོང་རང་ནི་ཉེད་ཀྱ་ཀྱི་ཡབ་གཅིག་རང་དེ་ཡིན་སྨྲས་ཕེན། 42ཡེ་ཤུས་མི་དེ་ཀྱ་ལེ། གལ་སྲིད་དཀོན་མཆོག་ཁྱེད་ཀྱ་ཀྱི་ཡབ་ཡིན་ནི། ཁྱེད་ཀྱ་ཀྱིས་ང་ལེ་བྱམས་བརྩི་བཀུར་བགྱིད་ཀྱི་དིག ཅི་ལེ་ཟེར་ནི། ང་དཀོན་མཆོག་ནས་འོངས་ཏེ་ད་ལྟ་འདི་རུ་འོད། ང་ནི་རང་ལེ་བརྟེན་ཏེ་འོངས་པི་མན། དཀོན་མཆོག་གིས་ང་བརྫངས་གནང་པའི་ཆེད་དུ་ཡིན། 43ཁྱེད་ཀྱ་ཀྱིས་ཅི་ངའི་གཏམ་ཧ་མི་གོ་འདུག་གོ། དེ་ནི་ངའི་བཀའ་ལེ་ཁས་ལེན་མི་བགྱིད་པའི་ཆེད་དུ་ཡིན་དིག 44ཁྱེད་ཀྱ་ཀྱི་ཨ་ཀྱི་ནི་བདུད་ཡིན་ཕེན། ཁྱེད་ཀྱ་རང་གི་ཨ་ཀྱིའི་འདོད་པ་ཅོག་འདྲ་བགྱིད་རྒྱུ་ལེ་དགའ་རི་འོད་དིག བདུད་པོ་དེ་ནི་དང་པོ་ནས་ཕེན་གསོད་མཁན་ཡིན་ཕེན། བདེན་པ་དིང་འབྲལ་ཏེ། ཁོའི་ནང་ལེ་བདེན་པའི་རིགས་ཅི་གང་མེད་དིག ཁོས་རྫུན་བཤོད་རྒྱ། ཁོའི་རང་གི་འདོད་པ་ཅོག་འདྲ་ཤོད་གྱོ་འོད་དིག ཅི་ལེ་ཟེར་ནི། ཁོ་རྫུན་གྱི་ཨ་ཀྱི་ཟང་ཡིན་དིག 45ཡིན་ནའང་། ངས་བདེན་པའི་གཏམ་ཟིན་འོད་ཕེན། ཁྱེད་ཀྱ་ང་ལེ་ཡིད་མ་ཆེས་པི་དིག 46ཁྱེད་ཀྱ་ཀྱི་ནང་ནས་སུ་ཞིག་གིས་ང་ལེ་སྡིག་ཅན་ཡིན་དི་ར་སྤྲོད་བགྱིད་ཐུབ་གྱོ་འོད་དོ། ངས་ཁྱེད་ཀྱ་ལེ་བདེན་པ་བཤད་ནའང་། ཁྱེད་ཀྱ་ཀྱིས་ཅི་ལེ་ང་ལེ་ཡིད་མི་ཆེས་འདུག་གོ། 47དཀོན་མཆོག་གི་ཁོངས་གཏོགས་ཡིན་དི་མི་ཀྱ་ཀྱིས་ཁོང་གི་བཀའ་ལེ་ཉན་གྱོ་འོད་དིག ཁྱེད་ཀྱ་ནི་དཀོན་མཆོག་གི་ཁོངས་གཏོགས་མན་ཕེན། ཁོང་གི་བཀའ་ལེ་མི་ཉན་འོད་དིག་ཟིན་གསུངས་པི་དིག
ཡེ་ཤུས་རང་ལེ་བདེན་དཔང་བྱས་པ།
48དེ་ནས་ཡ་ཧུ་དཱ་པ་ཀྱ་ཀྱིས་ཁོང་ལེ། ཁྱོད་ནི་སཱ་མར་ཡཱ་པའི་མི་ཞིག་ཡིན་དི་མ་ཟད། ཁྱོད་ལེ་གདོན་འདྲེ་ཞིག་ཞུགས་འདུག་སྨྲས་པི་བདེན་པ་མ་གས་སྨྲས་པི་དིག 49དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ང་ལེ་གདོན་འདྲེ་ཞུགས་མེད། ངས་རང་གི་ཨ་ཀྱི་ལེ་བསྙེན་བཀུར་བགྱིད་འོད། ཡིན་ནའང་། ཁྱེད་ཀྱ་ཀྱིས་ང་ལེ་སྨད་ར་གཏོང་གྱོ་འོད་དིག 50ངས་རང་ལེ་བསྙེན་བཀུར་མི་འཚོལ། ཡིན་ནའང་། འཚོལ་མཁན་ཞིག་འོད་དིག ཁོང་རང་ནི་ཁྲིམས་དཔོན་དེ་ཡིན་དིག 51ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ངའི་བཀའ་དུས་རྒྱུན་དུ་སྲུང་མཁན་མི་སུ་ཞིག་ཡིན་ནའང་། ཁོང་ཀྱ་ཀྱིས་ཤི་མྱོང་དགོས་མེད་ཟིན་གསུངས་པི་དིག 52ཡ་ཧུ་དཱ་པའི་མི་ཀྱ་ཀྱིས་ཁོང་ལེ། ད་ཁྱོད་ལེ་བདེན་པ་གདོན་འདྲེ་ཞིག་ཞུགས་འོད་དི་ཉེད་ཀྱ་ངོ་ཐོག་ཧ་གོ་བྱུང་། མེས་མེས་ཨབ་ར་ཧམ་དིང་ལུང་སྟོན་པ་ཀྱ་ཚེ་ལེ་འདས་ཚར་རི་དིག ཡིན་ནའང་། ཁྱོད་ཀྱིས་ངའི་བཀའ་སྲུང་མཁན་ཀྱ་ནི་དུས་ནམ་ཡིན་ནའང་ཤི་མྱོང་དགོས་མེད་ཟིན་སྨྲས་པི་དིག 53ཁྱོད་ནི་ཉེད་ཀྱི་མེས་མེས་ཨབ་ར་ཧམ་གྲོངས་མཁན་དེ་ལས་ལྷག་ཚོད་ཆེ་བ་ཞིག་ཡིན་དས། ལུང་སྟོན་པ་ཀྱ་ཟང་གྲོངས་པི་དིག ཁྱེད་ཀྱིས་རང་གི་རང་ལེ་སུ་ཡིན་བསམ་གྱི་གོ་ཟིན་སྨྲས་པི་དིག 54དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ངས་རང་གི་རང་ལེ་བསྙེན་བཀུར་བྱས་པི་ཡིན་ནི། བསྙེན་བཀུར་དེ་ནི་དོན་མེད་མེད་ཞིག་ཡིན་དིག ཡིན་ནའང་། ངའི་ཨ་ཀྱིས་ང་ལེ་བསྙེན་བཀུར་བྱས་པི་དིག ཁྱེད་ཀྱ་ཀྱིས་ཁོང་རང་ནི། ཉེད་ཀྱ་ཀྱི་དཀོན་མཆོག་ཡིན་སྨྲས་ནའང་། 55ཁྱེད་ཀྱ་ཀྱིས་ཁོང་ངོ་མི་ཤེས་འོད་དིག ངས་ཁོང་ངོ་ཤེས་གྱོ་འོད། གལ་སྲིད་ངས་དཀོན་མཆོག་ངོ་མི་ཤེས་འོད་སྨྲས་པི་ཡིན་ནི། ཁྱེད་ཀྱ་ཅོག་འདྲ་ང་ཟང་རྫུན་གཏམ་ཤོད་མཁན་ཞིག་ཡིན་དིག ཡིན་ནའང་། ངས་ཁོང་ངོ་ཤེས་ཏེ་ཁོང་གི་བཀའ་སྲུང་གྱོ་འོད། 56ཁྱེད་ཀྱ་ཀྱི་མེས་མེས་ཨབ་ར་ཧམ་གྱིས། ང་འཇིག་རྟེན་ལེ་འོང་གི་དུས་དེ་མཐོང་རྒྱ་དགའ་རི་དིང་། ཡང་དེ་མཐོང་སྟེ་དགའ་སྤྲོ་ཆེན་པོ་བྱུང་པི་དིག་ཟིན་གསུངས་པི་དིག 57དེ་ནས་ཡ་ཧུ་དཱ་པ་དེ་ཀྱ་ཀྱིས་ཡེ་ཤུ་ལེ། ཁྱོད་ནི་ལོ་ལྔ་བཅུ་མ་ལོན་འོད་ནའང་། ཁྱོད་ཀྱིས་ཨབ་ར་ཧམ་ཅི་གི་བྱས་ཏེ་མཐོང་མྱོང་གོ་ཟིན་སྨྲས་པི་དིག 58དེ་ནས་ཡེ་ཤུས་མི་དེ་ཀྱ་ལེ། ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། ཨབ་ར་ཧམ་མ་སྐྱེས་པའི་སྔོན་ལེ་ང་འོད་ཟིན་གསུངས་པི་དིག 59དེ་ནས་མི་དེ་ཀྱ་ཀྱིས་ཁོང་ལེ་རྡོ་རུབ་གཏོང་རྒྱུ་ཆེད་དུ་རྡོ་བླངས་པི་དིག ཡིན་ནའང་། གསང་བའི་ངང་ནས་ཡེ་ཤུ་མཆོད་ཁང་ཆེན་མོའི་ནས་ཕ་ལེ་ཕེབས་གནང་པི་དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in