YouVersion Logo
Search Icon

ཡོ་ཧ་ནན། 3

3
ལེའུ་གསུམ་པ།
ཡེ་ཤུས་​ནཱི་ཀོ་དེམ་​ཟེར་མཁན་ཁོ་​ལེ་​ཆོས་​གསུངས་པ།
1དེ་ནས་​ཡང་​མིང་​ལེ་​ནཱི་​ཀོ་དེམ་ཟེར་མཁན་​ཕཱ་རུ་ཤི་པ་​ཞིག་​འོད་དིག ཁོང་རང་ནི་​ཡ་ཧུ་དཱ་པའི་​ཕྱོགས་ཁག་གི་འགོ་ཁྲིད་ཞིག་​ཡིན་དིག 2དེ་ནས་​ཉིན་མ་​ཞིག་​མཚན་མོའི་དུས་ལེ་ཁོས་ཡེ་ཤུ་​མཇལ་​དུ་​འོངས་ཏེ། རཱབ་བི། ཁྱེད་​རང་དཀོན་མཆོག་​ནས་ཕེབས་འོངས་པའི་སློབ་དཔོན་ཞིག་ཡིན་​དི་​ངས་ཧ་གོ་བྱུང་། ཅི་ལེ་​ཟེར་​ནི། ཁྱེད་​ཀྱིས་​མཛད་པའི་​ངོ་མཚར་​ཀྱི་རྟགས་དེ་​ཅོག་འདྲ། མི་​སུ་ཞིག་གིས་​ཟང་བགྱིད་​མི་​ནུས་​འོད་དིག་​ཟིན་​ཞུས་​པི་དིག 3དེ་ནས་ཡེ་ཤུས་​ཁོ་​ལེ། ང་ཁྱོད་ལེ་བདེན་པ་ཟེར་རོ། གལ་སྲིད་​མི་​ཞིག་​ཡང་དང་​སྐྱེས་​ལས་​མ་​བྱས་ནི། དཀོན་མཆོག་​གི་​རྒྱལ་ཁབ་​མཐོང་​སྲིད་​ཀྱི་​མ་​དིག་ཟིན་གསུངས་​པི་​དིག 4དེ་ནས་​ནཱི་ཀོ་དེམ་གྱིས་ཁོང་ལེ། མི་ཞིག་སྐྱེས་​ཏེ་​རྒད་པོ་བྱུང་​ཚར་འོད་ཕེན། ཅི་གི་​བྱས་​ཏེ་​ཡང་དང་​སྐྱེས་​ལས་བགྱིད་སྲིད་​རྒྱུ། ཡང་དང་ཨ་མའི་བུ་སྣོད་ནང་ལེ་འཛུལ་ཏེ། ལན་མ་གཉིས་པ་སྐྱེ་སྲིད་གྱོ་འོད་དི་གས་ཟིན་དྲིས་པི་དིག 5དེ་ནས་ཡེ་ཤུས་ཁོ་ལེ། ང་ཁྱོད་ལེ་བདེན་པ་ཟེར་རོ། གལ་སྲིད་​མི་ཞིག་ཆུ་དིང་​དཀོན་མཆོག་​གི་ཐུགས་ཉིད་​ཀྱི་བརྒྱུད་​ནས་​མ་​སྐྱེས་​པི་​ཡིན་​ནི། དཀོན་མཆོག་​གི་​རྒྱལ་ཁབ་​ནང་​ལེ་​འཛུལ་​སྲིད་​ཀྱི་​མ་དིག 6ལུས་​ནས་​སྐྱེས་པ་དེ་ནི་ལུས་​རང་​ཡིན་དིག དམ་པའི་ཐུགས་ཉིད་ཀྱི་​བརྒྱུད་​ནས་​སྐྱེས་​པི་​དེ་​ནི་སེམས་ཉིད་​ཡིན་དིག 7ངས་ཁྱོད་​ལེ་​ཡང་དང་​སྐྱེས་​ལས་​བགྱིད་​དགོས་​འོད་དིག་​སྨྲས་​པི་དེ་ལེ་​ཡ་མཚན་​སྣང་​བགྱིད་​དགོས་​མེད་དིག 8དཔེར་ན། འུར་བོ་​ནི་​རང་གི་འདོད་པ་ཅོག་འདྲ་​རྒྱག་​གྱོ་འོད་དི་དིང་​། ཁྱོད་​ཀྱིས་​འུར་བོའི་​སྒྲ་​ཐོས་​ནའང་​། འུར་བོ་​དེ་ག་ནས་བྱུང་པི་​དིང་​། ཡང་ག་ན་​ལེ་འགྲོ་​འོད་​མེད་​ཆ་​མེད་​དི་ཅོག་འདྲ། དཀོན་མཆོག་​གི་​དམ་པའི་ཐུགས་ཉིད་​བརྒྱུད་ནས་​སྐྱེས་​པི་དེ་ནི་​འོ་དེ་​ཅོག་འདྲ་​ཡིན་དིག་​ཟིན་གསུངས་​པི་​དིག 9ཡང་ནཱི་ཀོ་དེམ་གྱིས་​དོན་​དེ་ཅི་གི་​བྱས་​ཏེ་​འུང་​སྲིད་​རྒྱུ་​ཟིན་ཞུས་​ཕེན། 10ཡེ་ཤུས་ཁོ་ལེ། ཁྱོད་ནི་ཡི་སི་ར་ཨེལ་གྱི་སློབ་དཔོན་​ཞིག་ཡིན་ནའང་། དོན་​དེ་ཟང་མི་​ཤེས་​འོད་​དས། 11ང་ཁྱོད་ལེ་བདེན་པ་​ཟེར་​རོ། ཉེད་ཀྱ་ཀྱིས་​ཅི་​ཤེས་པ་​དིང་། ཅི་​མཐོང་​འོད་ཡོད་དེ་​ལེ་​དཔང་པོ་​བྱས་​པི་​ཡིན། ཡིན་ནའང་​། དཔང་པོ་དེ་​ལེ་ཁྱེད་ཀྱ་ཀྱིས་ཁས་མི་ལེན་​འོད་དིག 12ངས་​ཁྱེད་​ཀྱ་​ལེ་​ས་སྟེང་​ལེ་བྱུང་བའི་​དོན་​དེ་​ཀྱ་​བཤད་​ནའང་​། ཁྱེད་ཀྱ་ཡིད་​མ་​ཆེས་​ནི། དཀོན་མཆོག་​གི་​ཞིང་ཁམས་​ལེ་​བྱུང་བའི་​དོན་​དེ་​བཤད་​ནི། ཁྱེད་ཀྱ་ཀྱིས་ཅི་གི་​བྱས་​ཏེ་​ཡིད་ཆེས་​བགྱིད་རྒྱུ། 13དཀོན་མཆོག་གི་ཞིང་ཁམས་ནས་བབ་པའི་མིའི་​བི་ས་​གཅིག་པོས་མ་གཏོགས། མི་​སུ་ཞིག་ཟང་​ཞིང་ཁམས་​ལེ་​ཕེབས་​མྱོང་​མེད་དིག 14སྔོན་མ་ལུང་སྟོན་པ་​མོ་ཤེ་​ཟེར་མཁན་​དེ་དབེན་སྟོང་​ལུང་པ་ལེ་སྡོད་​རྒྱ། སྦྲུལ་​གྱི་​གཟུགས་པོ་​ཞིག་​བཟོས་​ཏེ་​གྱེན་​ལེ་བཙུགས་​པི་ཅོག་འདྲ། མིའི་​བི་ས་​ཟང་​གྱེན་​ལེ་​འཛུགས་​དགོས་​འོད་དིག#3.14 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་བཞི་པ་ལེའུ་ 21 ཨང་ 9 ནང་ལེ་གཟིགས་རོགས། 15དེ་ནི་མིའི་​བི་ས་​ལེ་​དད་པ་​བགྱིད་​མཁན་​ཡེ་རེ་ལེ་​མཐའ་​མེད་​པའི་ཚེ་སྲོག་​ཐོབ་​རྒྱུ་ཆེད་དུ་​ཡིན་དིག 16དཀོན་མཆོག་​གིས་​འཇིག་རྟེན་​གྱི་​མི་​ཀུན་​ལེ་​བྱམས་བརྩེ་བ་ཆེན་པོ་​གནང་སྟེ། རང་གི་​སྲས་​གཅིག་རང་​དེ་ཟང་​འཇིག་རྟེན་གྱི་མི་​ཀུན་​གྱི་​དོན་​ལེ་​གནང་ཕེན། ད་སྲས་​ལེ་​དད་པ་​བགྱིད་​མཁན་​ཡེ་རེ་​རྩ་མེད་མི་འགྲོ་བར་མཐའ་མེད་པའི་ཚེ་སྲོག་​དེ་ཐོབ་​ཀྱི་​དིག 17ཡང་​དཀོན་མཆོག་​གིས་​རང་གི་​སྲས་​འཇིག་རྟེན་​གྱི་མི་ལེ་​ཁྲིམས་གཅོད་​གནང་རྒྱུ་ཆེད་དུ་བ​རྫངས་པི་མ་དིག འཇིག་རྟེན་​གྱི་​མི་​ཡེ་རེ་ཁོང་གི་བརྒྱུད་ནས་སྐྱོབ་​གནང་རྒྱུ་​ཆེད་དུ་བརྫངས་​པི་དིག 18དཀོན་མཆོག་​གི་​སྲས་​ལེ་དད་པ་​བགྱིད་​མཁན་​ཀྱ་​ལེ་​ཁྲིམས་གཅོད་དུ་​ཕེབས་​མ་གནང་པི་​དིག སྲས་གཅིག་པོའི་མཚན་ལེ་དད་པ་​མི་​བགྱིད་​མཁན་​མི་ཀྱ་​ལེ་ཁྲིམས་བཅད་ཚར་རི་དིག 19ཡང་ཁྲིམས་གཅོད་དེ་ནི་འདི་གི་ཡིན་དིག འོད་ཟེར་དེ་འཇིག་རྟེན་​ལེ་​ཕེབས་​ཚར་​འོད་​ནའང་​། མི་​ཀྱ་​ཀྱི་སྤྱོད་པ་ངན་པ་དེས་འོད་ཟེར་དེ་ལེ་སྡིག་ཉེས་བྱས་ཏེ། མུན་ནག་​ལེ་​ཆགས་པའི་རྐྱེན་གྱི་ཡིན་དིག 20ཅི་​ལེ་​ཟེར་​ནི། ལས་ངན་​བགྱིད་​མཁན་​ཡེ་རེས་​རང་གི་​སྤྱོད་ངན་​དེ་​ཕྱི་​ལེ་​མི་​སྟོན་པའི་ཆེད་དུ། འོད་ཟེར་དེ་​ལེ་​དགྲ་​སྡང་པོ་བྱས་ཏེ། འོད་ཟེར་​ཀྱི་​དྲུང་​དུ་​མི་འོང་​འོད་དིག 21ཡིན་ནའང་​། བདེན་པའི་​དོན་​དེ་​ལེ་​ལག་ལེན་​བགྱིད་​མཁན་​ཀྱ་​ཀྱི་​བྱ་བ་​བཟང་པོ་​དེ་ནི། དཀོན་མཆོག་​ནས་​བྱུང་​པི་ཡིན་​དི་གསལ་པོ་​མཐོང་​རྒྱུ་ཆེད་དུ། མི་​དེ་ཀྱ་​ནི་འོད་ཟེར་​ཀྱི་​དྲུང་​དུ་​འོང་​འོད་དིག་ཟིན་གསུངས་​པི་​དིག
ཁྲུས་གསོལ་​བགྱིད་མཁན་​ཡོ་ཧ་ནན་​གྱིས་​ཡེ་ཤུ་​ལེ་​བདེན་དཔང་​བྱས་པ།
22དེ་ནས་​དོན་​དེའི་​རྗེས་​ལེ་​ཡེ་ཤུ་​དིང་​སློབ་མ་​ཀྱ་​ཡ་ཧུ་དཱ་​པའི་ལུང་པ་ལེ་​ཕེབས་​པི་དིང་། ཁོང་རང་​སློབ་མ་​ཀྱ་​དིང་​སྐྱེན་​ལེ་​བཞུགས་​ཏེ་མི་​ཀྱ་ལེ་​ཁྲུས་གསོལ་​གནང་པི་དིག 23དེ་ནས་ཁྲུས་གསོལ་​བགྱིད་མཁན་​ཡོ་ཧ་ནན་​གྱིས་​ཟང་​སཱ་ལིམ་​ཟེར་​རི་​ཡུལ་​གྱི་​ཉེ་འགྲམ་​ལེ་​འོད་ཡོད་​ཨེ་ནོན་​ཆུ་མིག་​ཟེར་​ས་​དེ་རུ་​ཁྲུས་གསོལ་​བགྱིད་​འོད་​དིག ས་ཆ་​དེ་རུ་​ཆུ་​མང་པོ་​འོད་​ཕེན། མི་​ཀྱ་​ས་ཆ་​དེ་རུ་​ཕྱིན་ཏེ་​ཁྲུས་གསོལ་​བྱས་​པི་​དིག 24དེ་​རྒྱ་​ཡོ་ཧ་ནན་བཙོན་​ཁང་ལེ་​བཅུག་​མེད་དིག 25དུས་དེ་རྒྱ་ཡོ་ཧ་ནན་​གྱི་​སློབ་མ་​ཀྱ་​དིང་། ཡང་ཡ་ཧུ་དཱ་པའི་​མི་​ཞིག་​ཡ་ཧུ་དཱ་པའི་​ཆོས་​ཀྱི་​གཙང་སྦྲའི་​ལུགས་སྲོལ་​གྱི་སྐོར་​ལེ་​རྩོད་གླེང་​ཞིག་​བྱུང་​པི་དིག 26མི་དེ་ཀྱ་ཡོ་ཧ་ནན་​གྱི་​དྲུང་​དུ་​འོངས་ཏེ། རཱབ་བི། གཟིགས་དང་། དེ་​སྔོན་​ཡོར་​དན་​གཙང་པོའི་​ཕར་ཀན་དུ། ཁྱེད་​ཀྱིས་​བདེན་དཔང་​བགྱིད་​ས་དིང་། ཁྱེད་ཀྱིས་སྐྱེན་ལེ་སྡོད་མཁན་མི་དེ་ནི། ད་ལྟ་​མི་ཀྱ་ལེ་ཁྲུས་གསོལ་​བགྱིད་འོད་དི་​མ་ཟད། མི་​མང་པོ་​ཞིག་ཟང་ཁོང་གི་དྲུང་​དུ་​འགྲོ་འདུག་​ཟིན་སྨྲས་​པི་དིག 27དེ་ནས་ཡོ་ཧ་ནན་​གྱིས་​མི་དེ་ཀྱ་ལེ། གལ་སྲིད་​དཀོན་མཆོག་​གིས་​ཞིང་ཁམས་ནས་མ་​གནང་​པི་​ཡིན་​ནི། མི་​སུ་​ཞིག་​ལེ་​ཅི་​གང་​ཐོབ་​སྲིད་ཀྱི་མ་དིག 28ཡང་​དེ་​སྔོན་​ངས། ང་​ནི་​སྐྱབས་མགོན་​མན། ཁོང་གི་སྔོན་​ལེ་​བརྫངས་​པི་དེ་​ཡིན་​ཟིན་​སྨྲས་​པི་​ཅོག་འདྲ། ཁྱེད་​ཀྱ་​ཟང་​ད་ལྟ་​ངའི་​དཔང་པོ་​བགྱིད་མཁན་ཡིན་དིག 29ཡང་མནའ་མ་​ལེན་​མཁན་​དེ་ནི་​མག་པ་​ཡིན་​ཕེན། མག་པའི་​རོགས་པོ་​ལངས་​ཏེ་བསྡད་དི་མ་ཟད། མག་པའི་​སྐད་​ཐོས་​ཏེ་སེམས་དགའ་རི་བྱུང་པི་ཅོག་འདྲ། ད་ལྟ་ང་རང་​ཟང་​དགའ་རི་ཆེན་པོ་​བྱུང་​། 30ཁོང་​ནི་​འཕེལ་​དགོས་​པི་​དིང་​། ང་​ནི་​ཉུང་དུ་འགྲོ་དགོས་​འོད་དིག་ཟིན་སྨྲས་པི་​དིག 31ཡང་​དེ་​མ་ཟད། དཀོན་མཆོག་​གི་​ཞིང་ཁམས་​ནས་​ཕེབས་མཁན་ཡེ་རེ་​ནང་​ནས་​མཐོ་ཤོས་​དེ་ནི་ཁོང་རང་ཡིན་དིག ཡང་​ས་​ལེ་​འོད་ཡོད་​དེ་​ནི་​སའི་​ཐོག་​ལེ་ལུས་​ཕེན། ས་​ཐོག་​གི་​ལབ་གླེང་​པ་རྐྱང་​བགྱིད་འོད་​དིག ཡིན་ནའང་​། ནམ་མཁའི་ཞིང་ཁམས་​ནས་​ཕེབས་མཁན་ཁོང་ནི་ཡེ་རེ་​ནང་​ནས་​མཐོ་ཤོས་​ཡིན་དིག 32ཁོང་​གིས་​ཅི་​མཐོང་པི་​དིང་​ཅི་​ཐོས་པི་དེ་​ཀྱ་​ལེ་​བདེན་དཔང་མཛད་ནའང་། མི་​སུ་ཞིག་གིས་བདེན་དཔང་དེ་ལེ་​ཁས་ལེན་​མི་བགྱིད་འོད་དིག 33ཡང་​ཁོང་​གིས་​མཛད་པའི་བདེན་དཔང་​དེ་ལེ་​ཁས་ལེན་​བགྱིད་​མཁན་​གྱིས་​དཀོན་མཆོག་​བདེན་པ་​ཡིན་​དི་ར་སྤྲོད་​བྱས་​པི་​དིག 34དཀོན་མཆོག་​གིས་​བརྫངས་​པི་​དེས་​དཀོན་མཆོག་​གི་​བཀའ་​གསུང་གནང་གི་མ་ཟད། དཀོན་མཆོག་​གིས་ཟང་ཁོང་​ལེ། རང་གི་​རྫོགས་​མཐའ་​མེད་མེད་​དམ་པའི་ཐུགས་ཉིད་གནང་​འོད་​དིག 35ཡང་ཡབ་ཆེན་​དཀོན་མཆོག་​གིས་​རང་གི་​སྲས་​ལེ་བྱམས་བརྩེ་བ་​ཆེན་པོ་​གནང་སྟེ། རང་​ལེ་​འོད་ཡོད་​ཡེ་རེ་​སྲས་​ཀྱི་​ཕྱག་​ལེ་​བོར་གནང་​པི་​དིག 36སྲས་​དེ་ལེ་དད་པ་​བགྱིད་​མཁན་​ཀྱ་ལེ་​མཐའ་​མེད་པའི་​ཚེ་སྲོག་འོད་དིག ཡང་​སྲས་​དེ་ལེ་​དད་པ་​མི་​བགྱིད་མཁན་​ཀྱ་​ལེ། མཐའ་​མེད་པའི་​ཚེ་སྲོག་​ཐོབ་​མི་སྲིད་འོད་དི་མ་ཟད། དཀོན་མཆོག་​གི་ཉེས་ཆད་ཀྱི་འོག་​ཏུ་སྡོད་​དགོས་​འོང་​གྱི་​དིག་​ཟིན་​སྨྲས་པི་​དིག །

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in