YouVersion Logo
Search Icon

མར་ཀུ། 5

5
འདྲེ་འཛུལ་ཛ་མི་གཅིག
(མད་ཐཱ། ༨:༢༨-༣༤; ལུ་ཀ། ༨:༢༦-༣༩)
1ཡེ་ཤུ་དང་ཁོང་པ་ཡི་ཉེ་གནས་ཀྱ་རྒྱ་མཚོའི་ཧ་ཀན་ལ་གེ་ར་སེ་ནེ་སྨྲ་གིན་ལུང་པ་ལ་སླེབས་པ་ལགས། 2ཡེ་ཤུ་གྲུ་ནས་ཐོན་ལུང་མེད་ད་ལ་དུར་ཁྲོད་ནས་འདྲེ་འཛུལ་ཛ་མི་གཅིག་གིས་ཁོང་པ་ལ་མཇལ་བ་ལགས། 3འོ་དེ་མི་གོ་དུར་ཁྲོད་ཀྱ་ལ་བསྡད་ད་ལགས། དེ་ནས་མི་འདི་ལ་སུས་འང་ལྕགས་ཐག་གིས་འང་བསྡམས་མ་ཐུབ་པ་ལགས། 4གི་བྱས་རེ་སྨྲ་ན་ཁོ་ལ་ཐེངས་མང་ང་ལྕགས་སྒྲོག་དང་ལྕགས་ཐག་བརྒྱབ་པ་ལགས། ཡིན་ནའང་ཁོས་ལྕགས་ཐག་ཀྱ་བཅད་དེ་དུམ་བུ་དུམ་བུ་ལ་བཅག་བ་ལགས། དེ་ནས་ཁོ་ལ་དབང་ཆ་ལ་གཞག་ཡས་ལ་སུ་ལའང་ཤུགས་མེད་ད་ལགས། 5ཉིན་མཚན་ཁོ་དུར་ཁྲོད་དང་རི་ཀྱ་ལ་སྐད་བརྒྱབ་བ་ལགས། དེ་ནས་རང་རང་ལ་རྡོ་གོང་གིས་རྨ་བཟོ་བ་ལགས།
6ཁོས་ཡེ་ཤུ་ལ་ཐག་རིང་ནས་མཇལ་ལི་གང་ལ། ཁོ་བང་བཏང་རེ་སོང་རེ་ཁོང་པ་ཡི་གདོང་དུ་ཕྱག་འཚལ་བ་ལགས། 7དེ་ནས་སྐད་བརྒྱབ་སྟེ་ཁོས་སྨྲས་བ་ལགས། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ། ང་ལ་ཁྱེད་ཀྱི་འབྲེལ་བ་གི་འོད་ད་ལེ། ང་དཀོན་མཆོག་ལ་མནའ་བསྐྱལ་རེ་ཞུ་བ་འབུལ་ལ་ཡིན། ང་ལ་སྡུག་པོ་བཏང་ང་མ་མཛད། 8གི་བྱས་རེ་སྨྲ་ན་འོ་དེ་མི་ནས་ཐོན་ཏེ་ཤོག་སྨྲས་རེ་ཡེ་ཤུ་ཡིས་འོ་དེ་འདྲེ་ལ་འོ་དེ་ཨན་ཚོད་ལ་གསུངས་བ་ལགས།
9དེ་ནས་ཡེ་ཤུ་ཡིས་ཁོ་ལ་དྲི་བ་ལེན་མཛད་པ་ལགས། ཁྱོའི་མིང་གི་ལེ།
ཁོས་ལན་བརྒྱབ་པ་ལགས། ངའི་མིང་དམག་ཚོགས་ལགས། གི་བྱས་རེ་སྨྲ་ན་འེ་དམི་ཅིག་གི་མང་ང་འོད། 10དེ་ནས་ཁོང་ཀྱ་ལ་འོ་དེ་ལུང་པ་ནས་ཕི་ལ་བཏོན་རོགས་མ་བྱེད་སྨྲས་རེ་ཁོ་ཡིས་ཡེ་ཤུ་ལ་སྙིང་ཐག་པ་ནས་ཞུ་བ་ཕུལ་བ་ལགས།
11འོ་དུ་རུ་རི་མཐའ་མ་ལ་ཕག་ཁྱུ་ཆེ་གཅིག་འཚོས་རེ་བསྡད་འོད་ད་ལགས། 12དེ་ནས་འདྲེ་ཀྱ་ཡིས་ཡེ་ཤུ་ལ་ཞུས་བ་ལགས། འེ་ཀྱ་ལ་ཕག་ཀྱ་ནང་དུ་འཛུལ་ཡས་ལ་འོ་དེ་ཀྱ་རྩ་རུ་བརྫངས་རོགས་གནང་། 13དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་འགྲོ་རུ་བཅུག་པ་ལགས། དེ་ནས་འདྲེ་ཀྱ་ཕི་ལ་ཐོན་ཏེ་ཕག་ཀྱ་ནང་དུ་འཛུལ་བ་ལགས། དེ་ནས་ཕག་གི་ཁྱུ་ཉི་སྟོང་རི་ནས་མ་ལ་རྒྱ་མཚོའི་ཕྱོགས་ལ་འཚང་ཀ་བརྒྱབ་སྟེ་སོང་རེ་རྒྱ་མཚོ་ལ་བིབ་སྟེ་ཤི་བ་ལགས།
14ཕག་གི་རྫི་བོ་ཀྱ་བྲོས་རེ་སོང་རེ་རྒྱལ་ས་དང་ལུང་པ་ནང་གི་རི་དུ་འོ་དེ་ལབ་བཤད་པ་ལགས། དེ་ནས་མི་ཀྱ་གི་བྱུང་གིན་གོ་ལ་ལྟ་རུ་འོངས་བ་ལགས། 15ད་ཁོང་ཀྱ་ཡེ་ཤུ་རྩ་རུ་འོངས་རེ་ཨེན་ལ་འདྲེའི་དམག་ཚོགས་འཛུལ་ཛ་མི་གོ། ད་དགའ་ཡས་རེ་བྱུང་རེ་གོས་ལག་གོན་ཏེ་འོ་དུ་རུ་བསྡད་ཀྱིན་གོ་མཐོང་བ་ལགས། དེ་ནས་ཁོང་ཀྱ་འཇིགས་པ་ལགས། 16འོ་དེ་མཐོང་ཐ་ཀྱ་ཡིས་འོ་དེ་འདྲེ་འཛུལ་ཛ་དང་ཕག་ཀྱ་ལ་གི་བྱུང་བྱུ་བ་གོ། མི་གཞན་མ་ཀྱ་ལ་བཤད་པ་ལགས། 17དེ་ནས་ཁོང་ཀྱ་ཡིས་ཡེ་ཤུ་ལ་ཁོང་ཀྱ་ཡི་ལུང་པ་འབོར་རོགས་བྱེད་སྨྲས་རེ་དམི་ཅིག་གི་ཞུ་བ་ཕུལ་བ་ལགས།
18ཡེ་ཤུ་གྲུ་ནང་དུ་འཛུལ་ལི་གང་ལ་འདྲེ་འཛུལ་ཛ་མི་ཡིས་ཁོང་པ་མུ་ལ་འགྲོ་ཡས་ལ་ཞུ་བ་ཕུལ་བ་ལགས། 19ཡིན་ནའང་ཡེ་ཤུ་ཡིས་ཁས་མ་ལེན་པ་ལགས། དེ་ནས་ཁོ་ལ་གསུངས་བ་ལགས། ཁྱོད་རི་རོགས་བ་ཀྱ་རྩ་རུ་ནང་ལ་སོང་། དེ་ནས་གཙོ་བོ་དཀོན་མཆོག་གིས་ཁྱོད་ལ་གི་མཛད་ཀྱིན་གོ་དང་། ཁྱོད་ལ་སྙིང་རྗེ་མཛད་ཀྱིན་གྱི་སྐོར་ལ་ཤོད། 20དེ་ནས་ཁོ་འོ་དེ་ནས་སོང་རེ་ཡེ་ཤུ་ཡིས་ཁོ་ལ་མཛད་ཀྱིན་གྱི་སྐོར་ལ་དེ་ཀ་པོ་ལིས་ལུང་པ་དུ་བཤད་པ་ལགས། དེ་ནས་མི་གི་རི་ཧང་སངས་བ་ལགས།
ཤི་ཤ་བུ་མོ་གཅིག་དང་སྐྱེས་དམན་ནད་པ་གཅིག
(མད་ཐཱ། ༩:༡༨-༢༦; ལུ་ཀ། ༨:༤༠-༥༦)
21དེ་ནས་ཡེ་ཤུ་གྲུ་ནང་དུ་བཞོན་ཏེ་ཧ་ཀན་ལ་ཕེབས་པ་ལགས། དེ་ནས་མི་ཚོགས་ཆེ་གཅིག་ཁོང་པ་ཡི་དྲུང་དུ་འཛོམས་པ་ལགས། དེ་ནས་ཁོང་པ་རྒྱ་མཚོའི་མཐའ་མ་རུ་བཞུགས་འོད་ད་ལགས། 22དེ་ནས་ཚོགས་ཁང་གི་དཔོན་པོ་ཀྱ་ནས་ཡའི་རོ་སི་སྨྲ་གིན་དཔོན་པོ་གོ་འོ་དུ་རུ་འོངས་བ་ལགས། དེ་ནས་ཡེ་ཤུ་ལ་མཇལ་རེ་ཁོང་པ་ཡི་ཞབས་དྲུང་ལ་ཕྱག་འཚལ་བ་ལགས། 23དེ་ནས་སྙིང་ཐག་པ་ནས་ཞུ་བ་ཕུལ་རེ་སྨྲས་བ་ལགས། ངའི་བུ་མོ་ཆུང་བ་གོ་ཤི་གུ་བྱེད་འདིག། ཁོང་པ་ཕེབས་ཏེ་མོ་དྲག་ཡས་དང་གསོན་པོ་བསྡད་ཡས་ལ་ཁོང་པ་ཡི་ཕྱག་མོའི་ཁར་ལ་གཞག་མཛད།
24དེ་ནས་ཡེ་ཤུ་ཁོའི་མུ་ལ་ཕེབས་པ་ལགས། དེ་ནས་མི་ཚོགས་ཆེ་གཅིག་ཁོང་པ་གཤམ་པ་ལ་འབྲངས་རེ་ཁོང་པ་ཡི་མཐའ་སྐོར་ལ་རུབས་པ་ལགས། 25ལོ་བཅུ་གཉིས་ཐུག་པའི་ཁྲག་འཛག་གི་ན་ཚ་འོད་མཁན་སྐྱེས་དམན་གཅིག་འོ་དུ་རུ་འོད་ད་ལགས། 26དམི་ཅིག་གི་མང་ང་ཨེམ་རྗེ་ཀྱ་ལ་སྟོན་ཏེ་མོས་སྡུག་པོ་དམི་ཅིག་གི་མྱངས་ཚར་བ་ལགས། མོས་མོ་རང་ལ་འོད་ཀྱིན་གི་རི་འགྲོ་སོང་བཏང་ཚར་བ་ལགས། དེ་རེ་བྱས་རེའང་དགའ་རུ་འགྲོ་ཡས་གོ་བོར་ཏེ་མོ་སྡུག་ཏུ་སོང་བ་ལགས། 27མོས་ཡེ་ཤུ་ཡི་སྐོར་ལ་ཧ་གོ་འོད་ད་ལགས། དེ་ནས་མི་ཚོགས་ཀྱི་ཁོག་ཏུ་ཡེ་ཤུ་ཡི་རྒྱབ་ཕྱོགས་ལ་འོངས་རེ་ཁོང་པ་ཡི་གཟན་ལ་འཇུས་བ་ལགས། 28གི་བྱས་རེ་སྨྲ་ན་ཡེ་ཤུ་ཡི་གཟན་ལ་གཅིག་ཀ་འཇུ་ནའང་མོ་དྲག་གུ་ལགས་སྨྲས་རེ་མོས་བསམ་བློ་ཁོར་པ་ལགས། 29དེ་ནས་ཨུ་ཀུ་ར་གཅིག་ལ་མོའི་ཁྲག་འཛག་ཆོད་པ་ལགས། དེ་ནས་མོ་རི་ན་ཚ་ནས་མོ་རང་དྲག་གིན་གོ་མོ་རི་གཟུགས་ལ་ཚོར་པ་ལགས། 30ཡེ་ཤུ་ཡིས་ལམ་སང་རང་ནས་ཤུགས་ཐོན་གྱིན་གོ་མཁྱེན་ཏེ། མི་ཚོགས་ཕྱོགས་ལ་ཞལ་ལོག་སྟེ་གསུངས་བ་ལགས། ངའི་གོས་ལག་ལ་སུས་འཇུས་སོ།
31ཁོང་པ་ཡི་ཉེ་གནས་ཀྱ་ཡིས་ཁོང་པ་ལ་སྨྲས་བ་ལགས། མི་ཚོགས་ཀྱིས་ཁོང་པ་ལ་རུབས་ཀྱིན་གོ་གཟིགས་ཏེའང་། དོ་རང་འང་ཁྱེད་རང་སུས་ང་ལ་འཇུས་སོ་གསུངས་རེ་གསུངས་ང་ལེ། 32ཡིན་ནའང་སུས་འཇུས་བ་ཡིན་གྲོའི་སྨྲས་རེ་གཟིགས་ཡས་ལ་ཡེ་ཤུ་ཡིས་རང་གི་ཕྱོགས་གི་རི་ལ་གཟིགས་པ་ལགས། 33དེ་ནས་བུ་མོ་འདི་མོ་རང་ལ་གི་བྱུང་གིན་གོ་ཤེས་རེ། མོ་འཇིགས་ཏེ་འདར་རི་འདར་རི་ཡེ་ཤུ་ཡི་དྲུང་དུ་པུས་མོ་བཙུགས་ཏེ་ལབ་བདེན་པ་གི་རི་བཤད་པ་ལགས།
34ཁོང་པ་ཡིས་མོ་ལ་གསུངས་བ་ལགས། བུ་མོ། ཁྱེད་རི་དད་པ་ཡིས་ཁྱོད་ལ་བཅོས་ག་བྱས་སོང་། སྐྱིད་པོ་མ་བྱས་རེ་སོང་། དེ་ནས་ཁྱོད་རི་ན་ཚ་ནས་ཐར་ར་ཤོག
35ཁོང་པ་གསུང་ལ་གསུངས་བའི་གང་ལ། དཔོན་པོ་ཡའི་རོ་སིའི་ནང་ནས་མི་རིང་འགའ་འོ་དུ་རུ་འོངས་རེ་སྨྲས་བ་ལགས། ཁྱེད་རང་གི་བུ་མོ་ཤི་སོང་། ད་སློབ་དཔོན་ལགས་ལ་གི་བྱས་རེ་དོ་རང་འང་འོབ་ཀྱ་བཏང་ཡས།
36ཡིན་ནའང་ཁོང་ཀྱ་ཡིས་སྨྲ་གིན་གོ་ལ་ཡེ་ཤུ་ཡིས་ཡ་མ་བྱས་བ་ཚོགས་ཁང་གི་དཔོན་པོ་ལ་གསུངས་བ་ལགས། མ་འཇིགས། དད་པ་གཅིག་ཀ་བྱེད། 37དེ་ནས་པེ་ཏྲོ་དང་། ཡ་ཀོབ་དང་། ཡ་ཀོབ་ཀྱི་ནུ་བོ་ཡོ་ཧ་ནན་མ་ན། གཞན་མ་སུ་ལའང་ཁོང་པ་མུ་ལ་འོང་དུ་མ་བཅུག་པ་ལགས། 38ཁོང་པ་ཀྱ་ཚོགས་ཁང་གི་དཔོན་པོ་ཡི་ནང་དུ་སླེབས་བའི་གང་ལ། ཡེ་ཤུ་ཡིས་འོ་དུ་རུ་ཟང་ང་ཟིང་བའི་བྱེད་ཀྱིན། ངུ་གྱིན་དང་། ངུ་བརྡ་བརྒྱབ་ཀྱིན་ཀྱ་གཟིགས་པ་ལགས།
39དེ་ནས་ཡེ་ཤུ་ནང་ལ་ཕེབས་ཏེ་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་གི་བྱས་རེ་ཟང་ང་ཟིང་བའི་བྱེད་ད། དེ་ནས་ངུ་བ་ལེ། འདི་ཕྲུ་དེ་མ་ཤི་འདུག ཡིན་ནའང་གཉིད་ལོག་སྟེ་བསྡད་འདུག 40དེ་ནས་མི་ཀྱ་ཁོང་པ་ལ་དགོད་ཤོར་པ་ལགས། ཡིན་ནའང་ཁོང་པ་ཡིས་མི་ཀྱ་ལ་ཕི་ལ་བཏོན་ཏེ། ཕྲུའི་ཕ་མ་དང་ཁོང་པ་མུ་ལ་འོད་མཁན་ཀྱ་ལ་ཁྲིད་དེ་ཕྲུ་འོད་ས་རུ་ཕེབས་པ་ལགས། 41དེ་ནས་མོའི་ལག་པ་ནས་ཟིམ་ཏེ་ཁོང་པ་ཡིས་མོ་ལ་གསུངས་བ་ལགས། ཏ་ལི་ཐ་ཀུ་མི། དེ་སྨྲ་ན་བུ་མོ་ཅི་མེ། ང་ཁྱོད་ལ་ལོངས་སྨྲས་རེ་སྨྲ་ཡིན། 42དེ་ནས་ལམ་སང་མོ་ཡར་ལ་ལངས་རེ་གོམ་པ་བཙུགས་པ་ལགས། བུ་མོ་འདི་ལོ་བཅུ་གཉིས་ལགས། འདི་མཐོང་རེ་མི་ཀྱ་ཉམ་མོ་དགྱེས་རེ་དམི་ཅིག་གི་ཧ་ལས་བ་ལགས། 43ཁོང་པ་ཡིས་འདི་ལབ་དེ་སུས་འང་ཧ་མ་གོ་ར་ཤོག་སྨྲས་རེ་ཁོང་ཀྱ་ལ་བཀའ་སྲ་གནང་བ་ལགས། དེ་ནས་མོ་ལ་ཟ་ཡས་ལ་གཅིག་རེེ་སྟེར་གསུངས་རེ་ཁོང་ཀྱ་ལ་གསུངས་བ་ལགས།།

Currently Selected:

མར་ཀུ། 5: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in