མར་ཀུ། 3
3
ལག་པ་བསྐམས་ཀ་མི།
(མད་ཐཱ། ༡༢:༩-༡༤; ལུ་ཀ། ༦:༦-༡༡)
1ཡེ་ཤུ་ཡང་ཚོགས་ཁང་དུ་ཕེབས་པ་ལགས། དེ་ནས་འོ་དུ་རུ་ལག་པ་བསྐམས་ཀ་མི་གཅིག་འོད་ད་ལགས། 2ཡེ་ཤུ་ལ་སྐྱོན་འཛུགས་ཡས་ལ་ངལ་གསོ་གིན་ཉིན་མ་གོ་ལ། ཁོང་པ་ཡིས་འོ་དེ་མི་ལ་བཅོས་ག་མཛད་འདིག་མེད་མཛད་འདིག་སྨྲས་རེ་ཕཱ་རུ་ཤི་པ་ཀྱ་གསོ་བརྒྱབ་སྟེ་བསྡད་པ་ལགས། 3ཡེ་ཤུ་ཡིས་འོ་དེ་ལག་པ་བསྐམས་ཀ་མི་ལ་ལངས་རེ་དུ་རུ་ཤོག་སྨྲས་རེ་གསུངས་བ་ལགས། 4ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངལ་གསོ་གིན་ཉིན་མ་ལ་བཟང་པོ་བྱེད་ཡས་ཡང་ན་ངན་པ་བྱེད་ཡས། སྲོག་སྐྱོབ་ཡས་ཡང་ན་སྲོག་བཅད་ཡས། ཁྲིམས་ལ་གི་གོ་མཐུན་འདིག་བོ། ཡིན་ནའང་ཁོང་ཀྱ་ཁ་པ་བསྡད་པ་ལགས། 5ཁོང་ཀྱ་ཡི་སེམས་སྲ་གོ་ལ་ཡེ་ཤུ་ཡི་ཐུགས་ཕམ་སྟེ་ཁོང་ཁྲོ་ལངས་རེ་ཁོང་ཀྱ་གི་རི་ལ་གཟིགས་པ་ལགས། དེ་ནས་འོ་དེ་མི་ལ་གསུངས་བ་ལགས། ཁྱོད་རི་ལག་པ་རྐྱོངས། ཁོས་ལག་པ་བརྐྱངས་བ་ལགས། དེ་ནས་ཁོའི་ལག་པ་བཅོས་ག་བྱུང་བ་ལགས། 6དེ་ནས་ཕཱ་རུ་ཤི་པ་ཀྱ་འོ་དེ་ནས་ཐོན་ཏེ་སོང་རེ་ཁོང་པ་ལ་གང་གི་བྱས་རེ་བསད་ཡས་འདུག་བའི་སྨྲས་རེ་ཧེ་རོ་དཱེའི་མི་ཀྱ་མུ་ལ་ལམ་སང་གྲོས་བྱས་བ་ལགས།
མི་མང་གིས་ཡེ་ཤུ་ལ་འབྲང་བ།
7འོ་དེ་གཤམ་ནས་ཡེ་ཤུ་ཁོང་པ་ཡི་ཉེ་གནས་ཀྱ་མུ་ལ་རྒྱ་མཚོ་ཕྱོགས་ལ་ཕེབས་པ་ལགས། དེ་ནས་མི་ཚོགས་ཆེ་གཅིག་ག་ལིལ་ནས་ཁོང་པ་ཡི་གཤམ་པ་ལ་སོང་བ་ལགས། 8ཁོང་པ་ཡི་ཕྱག་ལས་གི་རིའི་སྐོར་ལ་ཧ་གོ་སྟེ་ཡུ་དེ་ཡཱ་དང་། ཡེ་རུ་ཤ་ལེམ་དང་། ཨི་དུམ་ཡཱ་དང་། ཡོར་དན་ཧ་ཀན་དང་། ཏཱ་ཨར་དང་སི་དཱོན་གྱི་གཡས་གཡོན་ནས་མི་ཚོགས་ཆེ་ཁོང་པ་རྩ་རུ་འོངས་བ་ལགས། 9མི་ཚོགས་ཀྱིས་མ་བཅུར་ར་ཤོག་སྨྲས་རེ་ཁོང་པ་ཡིས་ཁོ་རི་ཉེ་གནས་ཀྱ་ལ་ཁོང་པ་ཡི་ཕྱིར་ལ་གྲུ་གཅིག་སག་བྱེད་དུ་བཅུག་པ་ལགས། 10ཁོང་པ་ཡིས་མི་དམི་ཅིག་གི་མང་ང་ལ་བཅོས་ག་མཛད་དེ་ན་ཚ་འོད་མཁན་གི་རི་ཁོང་པ་ལ་འཇུ་ཡས་ལ་ཧ་ལ་ཚུར་ལ་བུད་རེ་ཨུ་ཚུགས་བྱས་རེ་འོངས་བ་ལགས། 11དེ་ནས་གནོད་པ་ཀྱ་ཡིས་ཡེ་ཤུ་ལ་ནམ་མཐོང་ན། ཁོང་པ་ཡི་གདོང་དུ་ཕྱག་འཚལ་རེ་ཁོང་པ་ནི་དཀོན་མཆོག་གི་སྲས་གོ་ལགས་སྨྲས་རེ་ཕེ་ར་བརྒྱབ་བ་ལགས། 12ཡིན་ནའང་ཡེ་ཤུ་ཡིས་རང་སུ་ཡིན་གྱིན་གོ་མ་སྨྲ་ཤོག་སྨྲས་རེ་ཁོང་ཀྱ་ལ་བཀའ་ཤུགས་ཆེ་གནང་བ་ལགས།
ཡེ་ཤུ་ཡི་ཉེ་གནས་བཅུ་གཉིས།
(མད་ཐཱ། ༡༠:༡-༤; ལུ་ཀ། ༦:༡༢-༡༦)
13ཡེ་ཤུ་རི་གཅིག་ལ་ཕེབས་ཏེ་ཁོ་རང་ལ་ཐུགས་མཉེས་བོ་འོད་ཀྱིན་ཀྱ་ལ་ཁོ་རང་རྩ་རུ་བོས་མཛད་པ་ལགས། དེ་ནས་ཁོང་ཀྱ་ཁོང་པ་རྩ་རུ་འོངས་བ་ལགས། 14-15ཁོང་པ་མུ་ལ་བསྡད་ཡས་ལ་དང་། ཁོང་ཀྱ་ལ་ཆོས་བཤད་དུ་བརྫངས་རེ་འདྲེ་ཀྱ་བཏོན་ཡས་ཀྱི་དབང་ཆ་གནང་ཡས་ལ། ཁོང་པ་ཡིས་ཁོང་བཅུ་གཉིས་ལ་སྐུ་ཚབ་གསུངས་རེ་བསྐོས་བ་ལགས། 16ཁོང་པ་ཡིས་བསྐོས་ཀ་བཅུ་གཉིས་གོ་དེ་ཀྱ་ལགས། ཁོང་པ་ཡིས་པེ་ཏྲོ་སྨྲས་རེ་བཏགས་ཀྱིན་སི་མོན། 17ཟེ་བད་དཱི་ཀྱི་བི་ཛ་ཡ་ཀོབ་དང་ཁོའི་ནུ་བོ་ཡོ་ཧ་ནན། ཁོང་གཉིས་ལ་ཡེ་ཤུ་ཡིས་བོ་ཨ་ནེར་གེ་སྨྲས་རེ་མིང་བཏགས་པ་ལགས། འོ་དེ་སྨྲ་ན་འབྲུག་སྐད་ཀྱི་#༣:༡༧ དེ་སྨྲ་ན་ཁོང་ཀྱ་དམི་ཅིག་གི་སྐད་ཆེ། དངངས་སྐྲག་ཆེ། གསལ་བསྒྲགས་བྱེད་ཀྱིན་ལགས། བི་ཛ་ལགས། 18དེ་ནས་ཨན་དྲི་ཡཱ་དང་། ཕི་ལིབ་དང་། བར་ཐོ་ལོ་མཱ་དང་། མད་ཐཱ་དང་། ཐོ་མཱ་དང་། ཨལ་ཕཱ་ཡུའི་བི་ཛ་ཡ་ཀོབ་དང་། ཐཱ་ཨད་དེ་ཨ་དང་། རྒྱལ་གཅེས་པ་#༣:༡༨ རང་གི་རྒྱལ་ཁབ་ཀྱི་རང་བཙན་གྱི་ཕྱིར་ལ་འདོད་པ་ཆེ་དང་དམག་འཐྲབ་ཐུབ་ཀྱིན། སྨྲ་གྱིན་སི་མོན། 19དང་ཁོང་པ་དགྲ་ལ་རྩི་བརྒྱབ་མཁན་ཡུ་དཱ་ཨཱིས་ཀ་རི་ཨཱོད་གོ་ལགས།
ཡེ་ཤུ་དང་བེ་ཨལ་ཟེ་བུལ།
(མད་ཐཱ། ༡༢:༢༢-༣༢; ལུ་ཀ། ༡༡:༡༤-༢༣;༡༢:༡༠)
20འོ་དེ་གཤམ་ནས་ཡེ་ཤུ་ཁྱིམ་ལ་ཕེབས་པ་ལགས། དེ་ནས་མི་མང་ཀྱ་ཡང་འཛོམས་ཏེ་ཁོང་པ་ཀྱ་ལ་ཞལ་ལག་བཞེས་ཡས་དུས་ཚོད་གོའང་མ་འབྱོར་པ་ལགས། 21མི་ཀྱ་ཁོང་པ་སྨྱོ་འདུག་སྨྲ་གིན་གོ་ཁོང་པ་ཡི་ནང་མི་ཀྱ་ཡིས་གོ་སྟེ། ཁོང་ཀྱ་ཁོང་པ་ལ་ལེན་དུ་འོངས་བ་ལགས།
22དེ་ནས་ཡེ་རུ་ཤ་ལེམ་ནས་འོངས་བ་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཡིས་སྨྲས་བ་ལགས། ཁོ་ནང་དུ་འདྲེ་ཀྱ་ཡི་གཙོ་བེ་ཨལ་ཟེ་བུལ་འཛུལ་འདུག དེ་ནས་འོ་དེའི་དབང་ཆ་ནས་རང་ཁོ་འདྲེ་ཀྱ་བཏོན་འདིག།
23དེ་ནས་ཡེ་ཤུ་ཡིས་ཁོང་ཀྱ་ལ་བོས་རེ་དཔེ་གྲངས་རེ་གསུངས་བ་ལགས། བདུད་རང་གིས་རང་ལ་གང་གི་བྱས་རེ་བཏོན་ཐུབ་གི་ལེ། 24རྒྱལ་ཁབ་གཅིག་གི་ནང་མི་མཐུན་ད་འབྱུང་ན། རྒྱལ་ཁབ་དེ་གནས་མི་ཐུབ་ཀྱི་ལགས། 25དེ་ནས་ཁང་པ་གཅིག་གི་ནང་མི་མཐུན་ན། ཁང་པ་དེ་གནས་མི་ཐུབ་ཀྱི་ལགས། 26འོ་བྱས་རེ་རང་བདུད་རང་ཁོ་རི་དགྲ་ལ་ལངས་རེ་མི་མཐུན་ད་འབྱུང་ན། ཁོའང་གནས་མི་ཐུབ་བ་མེད་ད་ལ་འགྲོ་གི་ལགས། 27མི་སྟོབས་བཟང་ང་གཅིག་གི་ནང་ལ་འཛུལ་རེ་ཁོའི་རྒྱུ་ནོར་འཕྲོག་ཡས་ལ། ཨེན་ལ་ཁོ་ལ་བསྡམ་དགོས་ཀྱི་ལགས། དེ་ནས་གཅིག་ཀ་མི་འདི་ཁང་པ་ནས་རྐུ་མུ་རྐུ་ཐུབ་ཀྱི་ལགས།
28མི་གི་རིའི་སྡིག་པ་དང་ཁོང་ཀྱ་ཡིས་དཀོན་མཆོག་ལ་སྨད་སྤྲ་པབ་ཀྱིན་གི་རི་སེལ་གྱི་ལགས་སྨྲས་རེ་ང་བདེན་པ་བཤད་ད་ཡིན། 29ཡིན་ནའང་སུས་དམ་པའི་ཐུགས་ཉིད་ལ་སྨད་སྤྲ་པབ་བའི། འོ་དེ་ལ་དགོངས་ཡངས་ནམ་མའང་ཐོབ་ཀྱི་མ་ལགས། དེ་ནས་ཁོ་ནམ་མའང་མེད་འདག་གིན་སྡིག་པ་ཡི་འགྱོད་པ་བྱེད་དགོས་ཀྱི་ལགས། 30ཡེ་ཤུ་ཡིས་དེ་རེ་གསུངས་བ་ལགས། གི་བྱས་རེ་སྨྲ་ན་མི་ཀྱ་ཡིས་ཁོང་པ་ནང་དུ་གནོད་པ་འཛུལ་འདུག་སྨྲས་རེ་སྨྲས་འོད་ད་ལགས།
ཡེ་ཤུ་ཡི་ཨ་མ་དང་ནུ་བོ་ཀྱ།
(མད་ཐཱ། ༡༢:༤༦-༥༠; ལུ་ཀ། ༨:༡༩-༢༡)
31དེ་ནས་ཡེ་ཤུ་ཡི་ཨ་མ་དང་ནུ་བོ་ཀྱ་འོངས་རེ་ཕི་ལ་ལངས་རེ་བསྡད་དེ་ཁོང་པ་ལ་ཕེབས་ཞུ་རུ་བརྫངས་བ་ལགས། 32མི་མང་ཀྱ་ཡེ་ཤུ་ཡི་མཐའ་འཁོར་ལ་བསྐོར་ཏེ་བསྡད་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་སྨྲས་བ་ལགས། ཁོང་པ་ཡི་ཡུམ་དང་སྐུ་མཆེད་ཀྱ་ཁོང་པ་བཙལ་རུ་ཕི་ལ་ཕེབས་འདུག།
33ཡེ་ཤུ་ཡིས་ལན་གནང་བ་ལགས། ངའི་ཨ་མ་དང་ནུ་བོ་ཀྱ་སུ་ལེ། 34དེ་ནས་ཁོང་པ་ཡིས་རང་ལ་འཁོར་ཏེ་བསྡད་ད་མི་མང་ཀྱ་ལ་གཟིགས་ཏེ་གསུངས་བ་ལགས། ངའི་ཨ་མ་དང་སྤུན་ཀྱ་དེ་ཀྱ་རང་ཡིན། 35དཀོན་མཆོག་གི་ཐུགས་དགོངས་སྒྲུབ་ཏུ་བཅུག་མཁན་ཀྱ་རང་ངའི་ནུ་བོ་ནུ་མོ་དང་ཨ་མ་ཡིན།།
Currently Selected:
མར་ཀུ། 3: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society