YouVersion Logo
Search Icon

མད་ཐཱ། 4

4
ཡེ་ཤུའི་ཚོད་ལྟ།
(མར་ཀུ། ༡:༡༢-༡༣; ལུ་ཀ། ༤:༡-༡༣)
1ད་བདུད་ཀྱིས་ཡེ་ཤུ་ལ་ཚོད་ལྟ་ལེན་ཡས་ཀྱི་ཕྱིར་ལ་དམ་པའི་ཐུགས་ཉིད་ཀྱིས་ཡེ་ཤུ་ལ་རི་སྟོང་དུ་ཁྲིད་མཛད་པ་ལགས། 2དེ་ནས་ཁོང་པ་ཉིན་མཚན་བཞི་བཅུ་ཐུག་པའི་སྨྱུང་གནས་ལ་བཞུགས་ཚར་ཏེ་ཁོང་པ་བཀྲེས་བ་ལགས། 3དེ་ནས་ཚོད་ལྟ་ལེན་མཁན་གོ་འོངས་རེ་ཁོང་པ་ལ་སྨྲས་བ་ལགས། ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན། འདི་རྡོ་གོང་ཀྱ་གྱང་ག་ལ་བསྒྱུར་ཡས་ཀྱི་བཀའ་གནང་ང་མཛད།
4ཡིན་ནའང་ཁོང་པ་ཡིས་བཀའ་ལན་གནང་བ་ལགས། མི་ནི་གྱང་ག་གཅིག་ཀ་ནས་མིན་ད་དཀོན་མཆོག་གི་ཞལ་ནས་འབྱུང་གིན་བཀའ་རེ་རེ་ཡིས་གསོན་པོ་གནས་ལ་ལགས་#བཀའ་ཁྲིམས། ༨:༣སྨྲས་རེ་བྲིས་འོད་ད་ལགས།
5དེ་ནས་བདུད་ཀྱིས་ཁོང་པ་ལ་དམ་པའི་རྒྱལ་ས་ཡེ་རུ་ཤ་ལེམ་ལ་ཁྲིད་དེ་དཀོན་མཆོག་གི་མཆོད་ཁང་གི་དབུ་རྩེར་རུ་བཞག་སྟེ། 6ཁོང་པ་ལ་སྨྲས་བ་ལགས། ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་འདི་ནས་མ་ལ་མཆོང་བ་མཛད། གི་བྱས་རེ་སྨྲ་ན་དེ་རེ་བྲིས་འོད་ད་ལགས།
ཁོང་པ་ཡིས་ཁྱེད་རང་གི་ཕྱིར་ལ་ཁོང་པ་རང་གི་བང་ཆེན་ཀྱ་ལ་བཀའ་གནང་གི་ལགས།
དེ་ནས་ཁྱེད་རང་གི་ཞབས་རྡོ་གོང་ཁར་ལ་མེ་ཕོག་ཡས་ལ་ཁོང་ཀྱ་ཡི་ལག་པ་ཡིས་ཁྱེད་རང་ལ་འཁུར་ར་མཛད་ཀྱི་ལགས།#གསུང་མགུར། ༩༡:༡༡-༡༢
7ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ཁྱོའི་གཙོ་བོ་རང་གི་དཀོན་མཆོག་ལ་ཚོད་ལྟ་མ་བྱེད་སྨྲས་རེའང་བྲིས་འོད་ད་ལགས།
8ཡང་ད་བདུད་ཀྱིས་ཁོང་པ་ལ་དམི་ཅིག་གི་རི་མཐོ་བ་གཅིག་ལ་ཁྲིད་དེ་འཛམ་བུ་གླིང་གི་རྒྱལ་ཁབ་གི་རི་དང་འདིའི་གཟི་བརྗིད་གི་རི་སྟོན་ཏེ། 9ཁོང་པ་ལ་སྨྲས་བ་ལགས། ཁྱེད་རང་གིས་ང་ལ་ཕྱག་འཚལ་ན། དེ་གི་རི་ངས་ཁྱེད་རང་ལ་འབུལ་ལོ།
10དེ་ནས་ཡེ་ཤུ་ཡིས་གསུངས་བ་ལགས། སཱ་ཏན། ཧ་ལ་སོང་། གི་བྱས་རེ་སྨྲ་ན་དེ་རེ་བྲིས་འོད་ད་ལགས། ཁྱོས་གཙོ་བོ་རང་གི་དཀོན་མཆོག་ལ་ཕྱག་མཆོད་པ་ཕུལ། དེ་ནས་ཁོང་པ་ལ་གཅིག་ཀ་ཞབས་ཕྱི་ཞུས།#བཀའ་ཁྲིམས། ༦:༡༣
11དེ་ནས་བདུད་གོ་ཁོང་པ་ཡི་དྲུང་ནས་སོང་བ་ལགས། དེ་ནས་གཙོ་བོའི་བང་ཆེན་ཀྱ་ཕེབས་ཏེ་ཁོང་པ་ཡི་ཞབས་ཕྱི་ཞུས་བ་ལགས།
ཡེ་ཤུ་ཡིས་ཆོས་བསྟོན་ཡས་འགོ་འཛུགས་པ།
(མར་ཀུ། ༡:༡༤-༡༥; ལུ་ཀ། ༤:༡༤-༡༥)
12དེ་ནས་ཡོ་ཧ་ནན་ཨ་ཏྲ་ལ་འདགས་འདུག་སྨྲས་རེ་གསན་ཏེ་ཡེ་ཤུ་ག་ལིལ་དུ་ཕེབས་པ་ལགས། 13ན་ཙ་རེད་བོར་ཏེ་ཁོང་པ་ཟེ་བུ་ལུན་དང་ནབ་ཐ་ལིའི་ཡུལ་གྱི་མཚོ་འགྲམ་དུ་འོད་ཀྱིན་ཀཱ་ཕར་ན་ཧུམ་དུ་ཕེབས་ཏེ་བཞུགས་པ་ལགས། 14འོ་བྱས་རེ་མངོན་ཤེས་མཁན་ཡེ་ཤ་ཡཱ་ནས་གསུངས་ཀྱིན་འདི་བསྒྲུབས་པ་ལགས།
15ཟེ་བུ་ལུན་དང་ནབ་ཐ་ལིའི་ཡུལ། མཚོ་འགྲམ་དུ་ཡོར་དན་གཙང་པོའི་ཧ་ཀན་དུ།
ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ག་ལིལ་ཡུལ།
16མུན་ནག་པ་ལ་བསྡད་ད་མི་ཀྱ་ཡིས་འོད་ཆེ་གཅིག་མཐོང་འདུག
དེ་ནས་འཆི་བའི་གྲིབ་ཇག་གི་ཡུལ་ལ་བསྡད་ཀྱིན་མི་ཀྱ་ལ།
འོད་གཅིག་ཤར་འདུག#ཡེ་ཤ་ཡཱ། ༩:༡,༢
17དེ་ནས་ཧ་ལ་ཡེ་ཤུ་ཡིས་ནམ་མཁའི་རྒྱལ་སྲིད་ཉེ་སླེབས་འདུག འོ་བྱས་རེ་ཁྱེད་ཀྱ་ཡིས་སྡིག་པ་སྤངས་རེ་སེམས་སྒྱུར་བ་གཏོང་གསུངས་རེ་ཆོས་སྟོན་ཡས་འགོ་བཙུགས་པ་ལགས།
ཉེ་གནས་དང་ཤོས་ཀྱ།
(མར་ཀུ། ༡:༡༦-༢༠; ལུ་ཀ། ༥:༡-༡༡)
18དེ་ནས་ཡེ་ཤུ་ག་ལིལ་གྱི་མཚོ་འགྲམ་ནས་ཕེབས་བའི་གང་ལ། སི་མོན་སྨྲ་གིན་པེ་ཏྲོ་དང་ཁོའི་ནུ་བོ་ཨན་དྲི་ཡཱ་སྨྲ་གིན་ཉ་པ་གཉིས་ཀྱིས་མཚོ་ནང་དུ་ཉ་རས་གཡུག་གིན་གོ་གཟིགས་པ་ལགས། 19དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ངའི་གཤམ་པ་ལ་ཤོག དེ་ནས་ངས་ཁྱེད་ཀྱ་ལ་མིའི་ཉ་པ་བསྐོ་ལོ། 20ཁོང་གཉིས་བོས་ལམ་སང་ཉ་རས་ཀྱ་བོར་ཏེ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས།
21དེ་ནས་ཡེ་ཤུ་འོ་དེ་ནས་ཧ་ལ་ཕེབས་བའི་གང་ལ། གཞན་མ་སྤུན་གཉིས་ཟེ་བད་དཱི་ཡི་བི་ཛ་ཡ་ཀོབ་དང་ཁོའི་ནུ་བོ་ཡོ་ཧ་ནན་ཁོ་རི་ཨ་རྒས་ཟེ་བད་དཱི་མུ་ལ་གྲུ་ནང་དུ་ཉ་རས་ཀྱ་བཟོ་བཅོས་བརྒྱབ་བའི་བསྡད་ཀྱིན་གོ་གཟིགས་པ་ལགས། དེ་ནས་ཁོང་པ་ཡིས་ཁོང་གཉིས་བོ་ལ་བོས་བ་ལགས། 22དེ་ནས་ལམ་སང་ཁོང་གཉིས་བོ་གྲུ་དང་ཁོ་རི་ཨ་རྒས་ལ་བོར་ཏེ་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས།
ཡེ་ཤུ་ཡིས་ནད་པ་ཀྱ་ལ་བཅོས་ག་མཛད་པ།
(ལུ་ཀ། ༦:༡༧-༡༩)
23དེ་ནས་ཡེ་ཤུ་ག་ལིལ་གྱི་ཕྱོགས་གི་རི་ལ་ཕེབས་ཏེ་ཁོང་ཀྱ་ཡི་ཚོགས་ཁང་ཀྱ་ལ་ཆོས་གསུངས་རེ། ནམ་མཁའི་རྒྱལ་སྲིད་ཀྱི་གཏམ་བཟང་འདི་གསལ་བསྒྲགས་མཛད་པ་ལགས། དེ་ནས་ན་ཚ་གི་རི་དང་མི་མང་ལ་འོད་ཀྱིན་ནད་སྐྱོན་གི་རི་བཅོས་ག་མཛད་པ་ལགས། 24ཁོང་པ་ཡི་སྙན་གྲགས་སི་རི་ཡཱ་ཡུལ་གི་རི་ལ་ཁྱབ་སྟེ་མི་ཀྱ་ཡིས་ནད་པ་གི་རི། ན་ཚ་དང་ཟུག་ཚབས་ཚེ་སྣ་ཚོགས་ཀྱི་བསྡམས་ཏེ་བཞག་ཞ་ཀྱ། དེ་ནས་འདྲེ་འཛུལ་ཛ་མི་ཀྱ། གཟའ་ཕོག་པ་ཀྱ་དང་། སྒྲིབ་སྐྱོན་འོད་ཀྱིན་ཀྱ་གི་རི་ཁོང་པ་ཡི་དྲུང་དུ་ཁྲིད་དེ་འོངས་བ་ལགས། དེ་ནས་ཁོང་པ་ཡིས་ཁོང་ཀྱ་ལ་བཅོས་ག་མཛད་པ་ལགས། 25དེ་ནས་ག་ལིལ་ཡུལ་དང་། རྒྱལ་ས་བཅུ#༤:༢༥ འདི་རྒྱལ་ས་བཅུ་ལ་དེ་ཀ་པོ་ལིས་སྨྲ་ལགས། ་ཀྱ་དང་། ཡེ་རུ་ཤ་ལེམ་དང་། ཡུ་དེ་ཡཱ་དང་། ཡོར་དན་གཙང་པོའི་ཧ་ཀན་ནས་འོང་གིན་མི་ཚོགས་ཆེ་གཅིག་ཁོང་པ་ཡི་གཤམ་པ་ལ་འབྲངས་བ་ལགས།།

Currently Selected:

མད་ཐཱ། 4: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in

YouVersion uses cookies to personalize your experience. By using our website, you accept our use of cookies as described in our Privacy Policy