མད་ཐཱ། 24
24
དཀོན་མཆོག་གི་མཆོད་ཁང་སྟོར་བཤིག་བཏང་གིན་གྱི་སྐོར་ལ་མངོན་ཤེས།
(མར་ཀུ། ༡༣:༡-༢; ལུ་ཀ། ༢༡:༥-༦)
1ཡེ་ཤུ་མཆོད་ཁང་ནས་ཐོན་ཏེ་ཕེབས་བའི་གང་ལ། ཁོང་པ་ཡི་ཉེ་གནས་ཀྱ་ཡིས་མཆོད་ཁང་གི་ཁང་པ་ཀྱ་སྟོན་ཡས་ལ་ཁོང་པ་རྩ་རུ་བཅར་པ་ལགས། 2ཡིན་ནའང་ཁོང་པ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། ཁྱེད་ཀྱ་དེ་གི་རི་མཐོང་བའི། ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། དུ་རུ་འོད་ཀྱིན་རྡོ་གོང་གཅིག་གི་ཁར་ལ་གཅིག་འང་ལས་ཀྱི་མ་ལགས། གི་རི་བཤིག་སྟེ་གཡུག་གི་ལགས།
མཐའ་མའི་དུས་ཀྱི་རྟགས་ཀྱི་སྐོར་ལ་མངོན་ཤེས།
(མར་ཀུ། ༡༣:༣-༡༣; ལུ་ཀ། ༢༡:༧-༡༩)
3ཡེ་ཤུ་སྐྱུར་རུ་ཤིང་གི་རི་ལ་བཞུགས་ཏེ། ཁོང་པ་ཡི་ཉེ་གནས་ཀྱ་ཁོང་པ་རྩ་རུ་ཟུར་ལ་བཅར་ཏེ་ཞུས་བ་ལགས། དེ་གི་རི་ནམ་འབྱུང་གི་ལེ། དེ་ནས་ཁྱེད་རང་ཕེབས་ཀྱིན་དང་མཐའ་མའི་དུས་ཀྱི་རྟགས་གོ་གི་འབྱུང་གི་ལགས་སྨྲས་རེ་འེ་ཀྱ་ལ་གསུང་ང་མཛད།
4ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་བ་ལགས། སྤྱང་ཛེ་བྱེད། མི་སུས་འང་ཁྱེད་ཀྱ་ལ་མ་བསླུ་བར་ཤོག། 5གི་བྱས་རེ་སྨྲ་ན་ང་མཱ་ཤི་ཀ་ཡིན་སྨྲས་རེ་ངའི་མིང་གི་ཐོག་ནས་མི་མང་ང་འོང་གི་ལགས། དེ་ནས་མི་མང་ཆེ་ལ་ཁོང་ཀྱ་ཡིས་མགོ་སྐོར་གྱི་ལགས།
6དེ་ནས་ཁྱེད་ཀྱ་ཡིས་དམག་འཁྲུག་དང་དམག་འཁྲུག་གི་ལབ་ཀྱ་གོ་གི་ལགས། འོ་དེ་གང་ལ་ཁྱེད་ཀྱ་མ་འཇིགས། གི་བྱས་རེ་སྨྲ་ན་དེ་འབྱུང་དགོས་གུ་ལགས། ཡིན་ནའང་མཐའ་མའི་དུས་གོ་དོ་རང་འང་འདི་མ་ལགས། 7གི་བྱས་རེ་སྨྲ་ན་མི་རིགས་དང་མི་རིགས་འཁྲུག་གི་ལགས། དེ་ནས་རྒྱལ་ཁབ་དང་རྒྱལ་ཁབ་འཁྲུག་གི་ལགས། དེ་ནས་ས་འདྲ་མིན་འདྲ་རུ་མུ་གེ་འབྱུང་གི་ལགས། དེ་ནས་ས་ཡོམ་བརྒྱབ་ཀྱི་ལགས། 8ཡིན་ནའང་དེ་གི་རི་སྐྱེ་ཟུག་གི་འགོ་གོ་ཅོག་རེ་གཅིག་ཀ་ལགས།
9དེ་ནས་མི་མང་ཀྱ་ཡིས་ཁྱེད་ཀྱ་ལ་སྡུག་པོ་བཏང་ཡས་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་བསད་དུ་བཅུག་གི་ལགས། དེ་ནས་ངའི་མིང་གི་ཕྱིར་ལ་མི་རིགས་གི་རི་ཡིས་ཁྱེད་ཀྱ་ལ་སྡང་ང་བྱེད་ཀྱི་ལགས།
10དེ་ནས་མང་ཆེ་དད་པ་ནས་ལོག་གི་ལགས། དེ་ནས་གཅིག་གིས་གཅིག་ལ་མགོ་སྐོར་གྱི་ལགས། དེ་ནས་གཅིག་གིས་གཅིག་ལ་སྡང་ང་བྱེད་ཀྱི་ལགས། 11དེ་ནས་མངོན་ཤེས་མཁན་ཟོག་པོ་ཀྱ་མང་ང་འཐོན་གྱི་ལགས། དེ་ནས་མི་མང་ང་ལ་བསླུ་གི་ལགས།
12དེ་ནས་ངན་པ་འཕེལ་རེ་མི་མང་ཆེའི་བརྩེ་བ་ཉམས་ཀྱི་ལགས། 13ཡིན་ནའང་མཐའ་ཐུག་པའི་བཟོད་པ་སྒོམ་མཁན་གོ་ལ་ཐར་པ་འཐོབ་ཀྱི་ལགས། 14དེ་ནས་རྒྱལ་སྲིད་ཀྱི་གཏམ་བཟང་འདི་འཇིག་རྟེན་ཀུན་དུ་མི་རིགས་གི་རིའི་ཕྱིར་ལ་དཔང་པོ་བྱས་རེ་ཁྱབ་ཀྱི་ལགས། དེ་ནས་མཐའ་གོ་འོང་གི་ལགས།
སྡུག་བསྔལ་ཆེན་པོ།
(མར་ཀུ། ༡༣:༡༤-༢༣; ལུ་ཀ། ༢༡:༢༠-༢༤)
15མངོན་ཤེས་མཁན་དཱ་ནི་ཨེལ་གྱིས་གསུངས་ཀྱིན། ཨམ་ལོག་བ་སྐྱོན་བཏང་གིན་མེད་གཙང་ང་གཅིག་དམ་པའི་ས་ཆ་རུ་ལངས་རེ་བསྡད་ད་གོ་མཐོང་བའི་གང་ལ།#དྷ་ནི་ཨེལ། ༩:༢༧;༡༡:༣༡;༡༢:༡༡ (འདི་ཀློག་མཁན་གྱིས་ཧ་གོ་ར་ཤོག) 16ཡུ་དེ་ཡཱ་རུ་འོད་མཁན་མི་ཀྱ་རི་ཕྱོགས་ལ་བྲོས་རེ་འགྲོ་བ་ཤོག 17དེ་ནས་ཁང་པའི་སྟང་ལ་འོད་མཁན་ཀྱ་ཁང་པ་ནང་དུ་འོད་མཁན་གོ་ལེན་དུ་མ་ལ་བབ་སྟེ་མ་འགྲོ་བར་ཤོག། 18དེ་ནས་ཞིང་ལ་འོད་མཁན་གོ་ལོག་སྟེ་རང་གི་གོས་ལེན་དུ་མ་འགྲོ་བར་ཤོག། 19འོ་དེ་ཉིན་མ་ཀྱ་ལ་ཕོ་བ་ལ་ཕྲུ་འོད་མཁན་ཀྱ་དང་ཕྲུ་ལ་འོ་མ་སྟེར་མཁན་སྐྱེས་དམན་ཀྱ་ལ་གིན་གྱི་སྡུག་པོ། 20ཁྱེད་ཀྱ་དགུན་ཁ་ཡང་ན། ངལ་གསོ་གིན་ཉིན་མ་ལ་འབྲོས་མ་དགོས་བ་ཤོག་སྨྲས་རེ་གསོལ་བ་རྒྱོབ། 21གི་བྱས་རེ་སྨྲ་ན་འདི་དུས་ལ་འཇིག་རྟེན་གྱི་ཐོག་མ་ནས་ད་ལྟ་ཐུག་པའི་འབྱུང་མ་མྱོང་གིན་སྡུག་བསྔལ་ཆེ་འོང་གི་ལགས། དེ་ནས་འོ་རེ་སྡུག་པོ་ཡང་ནམ་མའང་འབྱུང་གི་མ་ལགས། 22དེ་ནས་འོ་དེ་དུས་ཚོད་ཀྱི་ཉིན་མ་གོ་ཉུང་ང་མ་མཛད་འོད་ན། མི་སུའང་འཐར་ཡས་མེད། ཡིན་ནའང་བདམས་ད་མི་ཀྱ་ཡི་ཕྱིར་ལ་ཉིན་མ་དེ་ཀྱ་ཉུང་དུ་མཛད་ཀྱི་ལགས།
23དེ་ནས་མི་ཀྱ་ཡིས། ལྟོས། མཱ་ཤི་ཀ་གོ་དུ་རུ་འདུག། ཡང་ན་འོ་རུ་འདུག་སྨྲས་རེ་སྨྲ་ན། ཁྱེད་ཀྱ་ཡིད་ཆེས་མ་བྱེད། 24གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཟོག་པོ་ཀྱ་དང་མངོན་ཤེས་མཁན་ཟོག་པོ་ཀྱ་མང་ང་འཐོན་གྱི་ལགས། དེ་ནས་ཁོང་ཀྱ་ཡིས་དམི་ཅིག་གི་ཧ་ལས་ཀྱིན་རྟགས་ཀྱ་དང་ལས་ཀ་ཀྱ་སྟོན་ཏེ་མགོ་སྐོར་བཏང་གི་ལགས། དེ་ནས་བྱུང་ན་བདམས་ད་ཀྱ་ལ་མགོ་སྐོར་གྱི་ལགས།
25ལྟོས། ངས་ཁྱེད་ཀྱ་ལ་ཨེན་དུ་རུ་བཤད་འོད། 26འོ་བྱས་རེ་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ། ལྟོས་དང་། ཁོ་རི་སྟོང་ལ་འདུག་སྨྲ་ན། འོ་དུ་རུ་འཐོན་ཏེ་མ་འགྲོ། དེ་ནས་ཡང་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ། ལྟོས་དང་། ཁོ་ཁང་པ་བུག་ཏུ་འདུག་སྨྲ་ན་ཡིད་ཆེས་མ་བྱེད། 27གི་བྱས་རེ་སྨྲ་ན་ཤར་ནས་གློག་མར་བར་ཏེ་ནུབ་ཕྱོགས་ལ་འཁྱུག་གིན་ཅོག་རེ། མིའི་བུ་འོང་གིན་གོའང་དེ་རེ་ཅོག་རེ་འབྱུང་གི་ལགས། 28རོ་ག་རུ་འདུག་བའི། འོ་དུ་རུ་བྱ་རྒོད་འཛོམ་གྱི་ལགས།
མིའི་བུ་ཕེབས་ཀྱིན་གྱི་སྐོར་ལ།
(མར་ཀུ། ༡༣:༢༤-༢༧; ལུ་ཀ། ༢༡:༢༥-༢༨)
29འོ་དེ་སྡུག་བསྔལ་གྱི་དུས་ཚོད་ཀྱི་གཤམ་ལ། ལམ་སང་ཉི་མ་མུན་ནག་པ་འབྱུང་གི་ལགས། དེ་ནས་ཟླ་བ་ཡིས་འོད་སྟོར་གྱི་མ་ལགས། དེ་ནས་གནམ་ནས་སྐར་མ་ཀྱ་ལྷིམ་གྱི་ལགས། དེ་ནས་ནམ་མཁའི་ཞིང་ཁམས་ཀྱི་ཤུགས་ཀྱ་གཡོ་གི་ལགས།#ཡེ་ཤ་ཡཱ། ༡༣:༡༠;༣༤:༤
30དེ་ནས་ནམ་མཁའ་རུ་མིའི་བུའི་རྟགས་གོ་འབྱུང་གི་ལགས། དེ་ནས་འཇིག་རྟེན་གྱི་མི་རིགས་གི་རི་མྱ་ངན་བྱེད་ཀྱི་ལགས། དེ་ནས་མིའི་བུ་དབང་དང་གཟི་བརྗིད་ཀྱི་ཐོག་ནས་སྲིང་གི་ཁར་ལ་ཕེབས་ཀྱིན་གོ་མཐོང་གི་ལགས། 31དེ་ནས་ཁོང་གིས་རང་གི་བང་ཆེན་ཀྱ་ལ་དུང་སྐད་ཆེ་མུ་ལ་བརྫངས་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་ཕྱོགས་བཞི་ནས་ནམ་མཁའི་མཐའ་ནས་མཐའ་རུ་ཁོང་གི་བདམས་ད་ཀྱ་ལ་སྡུད་ཀྱི་ལགས།
སེ་ཡབ་སྡོང་པོའི་བསླབ་བྱ།
(མར་ཀུ། ༡༣:༢༨-༣༡; ལུ་ཀ། ༢༡:༢༩-༣༣)
32སེ་ཡབ་ཀྱི་སྡོང་པོ་ནས་བསླབ་བྱ་ལེན། འོ་དེའི་ཡལ་ག་ཀྱ་འབུལ་ལ་བྱུང་རེ་ལོ་མ་ཀྱ་ཆག་ལུང་མེད་ད་ལ། ཁྱེད་ཀྱ་དབྱར་ཁ་ཉེ་འདུག་སྨྲས་རེ་ཤེས་ལ་ལགས། 33འོ་བྱས་རེ་རང་དེ་ཀྱ་གི་རི་ཁྱེད་ཀྱིས་མཐོང་བའི་གང་ལ། ཁོང་པ་སྒོ་འགྲམ་དུ་རང་ཉེ་འདུག་སྨྲས་རེ་ཤེས་ལ་བྱེད། 34ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། དེ་གི་རི་མ་བྱུང་གིན་ཐུག་པའི་འདི་མི་རབས་དེ་ཡལ་གི་མ་ལགས། 35གནམ་ས་གཉིས་ཡལ་རེ་འགྲོ་གི་ལགས། ཡིན་ནའང་ངའི་བཀའ་ཀྱ་ཡལ་གྱི་མ་ལགས།
36འོ་དེ་ཉིན་མ་དང་དུས་ཚོད་ཀྱི་སྐོར་ལ་སུ་ལ་ཤེས་ཡས་མེད་ད་ལགས། ཡབ་དཀོན་མཆོག་གིས་མ་ན། ནམ་མཁའི་བང་ཆེན་ཀྱ་ལ་ཤེས་ཡས་མེད་ད་ལགས། དེ་ནས་སྲས་ལ་ཤེས་ཡས་མེད་ད་ལགས། 37མིའི་བུ་འོང་གིན་གོ་ནོ་ཨ་ཡི་དུས་ཚོད་ལ་བྱུང་གིན་ཅོག་རེ་འབྱུང་གི་ལགས། 38གི་བྱས་རེ་སྨྲ་ན་འོ་དེ་ཉིན་མ་ཀྱ་ལ་ཆུ་ལོག་མ་འོང་གིན་ཨེན་ལ། དེ་ནས་ནོ་ཨ་ཡིས་གྲུ་གཟིངས་ནང་དུ་མ་ཞུགས་ཀྱིན་ཐུག་པའི། མི་ཀྱ་ཟ་འཐུང་དང་། མནའ་མ་ལེན། མནའ་མ་སྟེར་བྱས་རེ་བསྡད་པ་ལགས། 39དེ་ནས་ཆུ་ལོག་འོངས་རེ་ཁོང་ཀྱ་ལ་ཏག་སྟེ་མ་འཁྱེར་གྱིན་ཐུག་པའི། ཁོང་ཀྱ་ལ་གི་བྱུང་གིན་གོ་ཆ་མ་བྱུང་བ་ལགས། མིའི་བུ་འོང་བའི་གང་ལ་འོ་དེ་རེ་རང་འབྱུང་གི་ལགས། 40དེ་ནས་ཞིང་གཅིག་ལ་མི་གཉིས་འོང་གི་ལགས། དེ་ནས་གཅིག་ལ་འཁྱེར་གྱི་ལགས། དེ་ནས་གཅིག་ལ་འབོར་གྱི་ལགས། 41སྐྱེས་དམན་གཉིས་ཆུ་རོག་འཐག་བའི་བསྡད་ད་འོང་གི་ལགས། དེ་ནས་གཅིག་ལ་འཁྱེར་གྱི་ལགས། དེ་ནས་གཅིག་ལ་འབོར་གྱི་ལགས།
42འོ་བྱས་རེ་ཁྱེད་ཀྱི་གཙོ་བོ་ནམ་ཕེབས་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་མེད་ཤེས་ཀྱིན་བྱས་རེ་སྤྱང་ཛེ་སྡོད། 43ཁྱིམ་གཅིག་གི་བདག་པོ་ལ་རྐུན་མོ་འོང་གིན་མཚན་གྱི་དུས་ཚོད་གོ་ཤེས་ཡས་འོད་ན། ཁོ་སྤྱང་ཛེ་བྱས་རེ་བསྡད་འདིག་འོད་གྲོ། དེ་ནས་ཁོ་རི་ནང་དུ་རྐུན་མོ་འཛུལ་རུ་མི་བཅུག་འོད་གྲོ། 44འོ་བྱས་རེ་མིའི་བུ་ཁྱེད་ཀྱ་ཡིས་མེད་བསམ་གྱིན་དུས་ཚོད་ལ་ཕེབས་ཡས་བྱས་རེ་ཁྱེད་ཀྱའང་གྲ་སྒྲིག་བྱས་རེ་སྡོད།
གཡོག་པོ་བཟང་ང་དང་ངན་པ་གཉིས།
(ལུ་ཀ། ༡༢:༤༡-༤༨)
45བློ་བཀལ་ཐུབ་ཀྱིན་དང་ཤེས་རབ་ཅན་གྱི་གཡོག་པོ་གོ་སུ་ལེ། ཁྱིམ་གྱི་བདག་པོ་ཡིས་དུས་ཚོད་ཏག་ཏག་གོ་ལ། གཡོག་པོ་གཞན་མ་ཀྱ་ལ་ཟ་མ་སྟེར་ཡས་ལ་བསྐོས་ཀྱིན་གཡོག་པོ་གོ་ལགས། 46ཁྱིམ་གྱི་བདག་པོ་འོང་བའི་གང་ལ། རང་གི་བདག་པོ་ཡིས་བསྐོས་ཀྱིན་ཅོག་རེ་བྱས་རེ་བསྡད་ད་རྙེད་ན། འོ་དེ་གཡོག་པོ་གོ་གིན་གྱི་བསོད་བདེ་ཆེ། 47ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། ཁོས་ཁོ་རི་རྒྱུ་ནོར་གི་རིའི་རྩི་ཁོ་ལ་བརྒྱབ་ཀྱི་ལགས། 48ཡིན་ནའང་གཡོག་པོ་ངན་པ་ཡིས་ཁོ་རི་བདག་པོ་འགོར་ར་སླེབས་གྲོ་བསམས་ཏེ། 49གཡོག་པོ་གཞན་མ་ཀྱ་ལ་རྡུང་རེ། དེ་ནས་ཆང་འཐུང་བ་ཀྱ་མུ་ལ་ཟ་འཐུང་བྱས་རེ་བསྡད་ན། 50གཡོག་པོ་ཡིས་མ་བསམས་ཀྱིན་ཉིན་མ་དང་། དུས་ཚོད་ལ་ཁྱིམ་གྱི་བདག་པོ་གོ་འོང་གི་ལགས། 51དེ་ནས་ཁོས་ཁོ་ལ་དུམ་བུ་དུམ་བུ་ལ་བཅད་དེ། ཟོག་པོ་ཀྱ་ཡི་མུ་ལ་མི་ཀྱ་ངུ་གིན་དང་སོ་ཁྲིག་གིན་ས་ཆ་རུ་གཡུག་གི་ལགས།།
Currently Selected:
མད་ཐཱ། 24: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society