YouVersion Logo
Search Icon

མད་ཐཱ། 23

23
ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ལ་བཀའ་སྐྱོན་གནང་བ།
(མར་ཀུ། ༡༢:༣༨,༣༩; ལུ་ཀ། ༡༡:༤༣,༤༦;༢༠:༤༥-༤༦)
1དེ་ནས་ཡེ་ཤུ་ཡིས་མི་ཚོགས་དང་རང་གི་ཉེ་གནས་ཀྱ་ལ་གསུངས་བ་ལགས། 2ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ལ་མངོན་ཤེས་མཁན་མོ་ཤེའི་བཀའ་ཁྲིམས་སློབ་ཡས་ལ་དབང་ཆ་འོད་ད་ལགས། 3འོ་བྱས་རེ་ཁོང་ཀྱ་ཡིས་བསླབས་སླ་གི་རི་བྱེད། དེ་ནས་སྲུང་། ཡིན་ནའང་ཁོང་ཀྱ་ཡིས་བྱེད་ཀྱིན་ཅོག་རེ་མ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་བསླབས་ཀྱིན་གོ་ཅོག་རེ་ཁོང་ཀྱ་མི་བྱེད་ད་ལགས། 4དེ་ཀྱ་ཡིས་ཁུར་འཁུར་མི་ཐུབ་ཀྱིན་བསྡམས་ཏེ་མི་ཀྱ་ཡི་རྒྱབ་ལ་བཀལ་ལ་ལགས། ཡིན་ནའང་ཁོ་རང་ཀྱ་རང་གི་མཛུབ་གཅིག་གིས་འང་འོ་དེ་ལ་འཇུ་ཉིད་མེད་འདོད་ད་ལགས། 5ཁོང་ཀྱ་རང་གི་ལས་ཀ་གི་རི་མི་གཞན་མ་ཡིས་མཐོང་ཡས་ཕྱིར་ལ་བྱེད་ད་ལགས། ཁོང་ཀྱ་རང་གི་སྲུང་བ་#༢༣:༥ སྲུང་བ་དེ་ཀོ་བ་ཡི་རྒམ་ཅི་མེ་ནང་དུ་རས་ལ་གསུང་རབ་ཀྱི་ཚིག་ཀྱ་བྲིས་ཏེ་བཅུག་བ་ལགས། དེ་ནས་འོ་དེ་གོ་ཁོང་ཀྱ་ཡི་དཔྲལ་ལེ་དང་དཔུང་པ་གཡས་ཕྱོགས་ལ་བཏག་བ་ལགས། ཞེང་ཆེ་བཟོས། དེ་ནས་གོས་ཀྱི་མཐའ་འཛར་ཀྱ་རིང་ང་བཟོ་བ་ལགས། 6དེ་ནས་ཁོང་ཀྱ་མགྲོན་ཀྱ་ལ་བསྟོད་སྒྲ་ཡི་བསྡད་ས་དང་ཚོགས་ཁང་ཀྱ་ལ་བསྡད་ས་ཁག་ཆེ་ཀྱ་ལ་བསྡད་ཡས་འཐད་ད་ལགས། 7དེ་ནས་ཁྲོམ་ཀྱ་ལ་མི་ཀྱ་ཡིས་གུས་ཞབས་བྱས་རེ་འཚམས་འདྲི་ཞུ་གིན་དང་། མི་ཀྱ་ཡིས་ཁོང་ཀྱ་ལ་རབ་བི་#༢༣:༧ རབ་བི་སྨྲ་ན་ཡ་ཧུ་དཱ་པ་ཆོས་ཀྱི་སློབ་དཔོན་ལགས། སྨྲས་རེ་བོས་ཀྱིན་གོ་འཐད་ད་ལགས།
8ཡིན་ནའང་ཁྱེད་གི་རི་སྤུན་ཟླ་གཅིག་ལགས། དེ་ནས་ཁྱེད་ཀྱ་ལ་སློབ་དཔོན་གཅིག་རང་བྱས་རེ་ཁྱེད་ཀྱ་ལ་སུའི་རབ་བི་མ་སྨྲ་ཤོག། 9དེ་ནས་འཇིག་རྟེན་དུ་མི་སུ་ལ་ཡབ་སྨྲས་རེ་མ་བོས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ཡབ་གཅིག་གཅིག་ཀ་འོད་ད་ལགས། 10དེ་ནས་ཁྱེད་ཀྱ་ལ་སུས་འང་སློབ་དཔོན་སྨྲས་རེ་མ་བོས་བ་ཤོག།གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་སློབ་དཔོན་གོ་མཱ་ཤི་ཀ་གཅིག་ཀ་ལགས། 11ཁྱེད་ཀྱ་ནང་ནས་ཆེ་ཤོས་གོ་ཁྱེད་ཀྱི་གཡོག་པོ་འབྱུང་བར་ཤོག། 12རང་གིས་རང་ལ་མཐོ་བ་བཀྱགས་མཁན་གོ་ལ་དམའ་བ་མཛད་ཀྱི་ལགས། དེ་ནས་རང་ལ་དམའ་བ་བཟོ་མཁན་གོ་ལ་མཐོ་བ་མཛད་ཀྱི་ལགས།
13ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ནམ་མཁའི་རྒྱལ་སྲིད་ཀྱི་སྒོ་གོ། མི་ཀྱ་ཡི་གདོང་ལ་བརྒྱབ་སྟེ་ཁྱེད་རང་ཀྱ་མི་འཛུལ་ལ་ལགས། དེ་ནས་འགྲོ་ཡས་འདོད་མཁན་ཀྱ་ལ་བཀག་བ་ལགས།
14ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡུག་ཟ་མ་ཀྱ་ཡི་ནང་ཧམ་པ་བྱས་རེ་འཕྲོག་བ་ལགས། དེ་ནས་སྨོན་ལམ་རིང་ང་རིང་ང་བརྒྱབ་སྟེ། མི་དྲང་པོ་ཡིན་དོག་དོག་བྱེད་ད་ལགས། འོ་བྱས་རེ་གཞན་མ་ནས་ཁྱེད་ཀྱ་ལ་མང་ང་ཆད་པ་ཕོག་གི་ལགས།#༢༣:༡༤ འདི་ཚིག་བཅད་ ༡༤ དེ་ཨེན་མའི་གྷི་རིག་དེབ་ཀྱ་ལ་མེད་ད་ལགས།
15ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག།གི་བྱས་རེ་སྨྲ་ན་ཁྱེད་ཀྱ་མི་གཅིག་ལ་ཡ་ཧུ་དཱ་པ་ཆོས་ལ་བསྒྱུར་དུ་བཅུག་ཡས་ལ། རྒྱ་མཚོ་དང་སྐམ་ས་ཀྱ་ལ་སྐོར་ར་བརྒྱབ་བ་ལགས། དེ་ནས་མི་དེ་ཡ་ཧུ་དཱ་པ་ཆོས་ལ་བསྒྱུར་ཚར་ན། ཁྱེད་ཀྱ་ཁོ་ལ་རང་ནས་ལྡབ་གཉིས་ནས་ལྷག་དམྱལ་བའི་བུ་བཟོ་བ་ལགས།
16ལམ་སྟོན་པ་ཞ་ར་དེ་རེ་སྨྲ་གིན་ཁྱེད་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག དཀོན་མཆོག་གི་མཆོད་ཁང་གི་མནའ་བསྐྱལ་ན་གིའང་མ་ལགས། ཡིན་ནའང་མཆོད་ཁང་དུ་འོད་ཀྱིན་གསེར་གྱི་ཐོག་ནས་མནའ་བསྐྱལ་ན། འོ་དེ་གང་གི་བྱས་རེ་ཡིན་ན་སྲུང་དགོས་བ་ལགས། 17ཁྱེད་ཞ་ར་ལྐུག་པ་ཀྱ། གསེར་གལ་ཆེ་ལེ། ཡང་ན་གསེར་ལ་རྩ་ཆེ་བཟོ་གིན་མཆོད་ཁང་དེ་གལ་ཆེ་ལེ། 18དེ་ནས་ཡང་ཁྱེད་ཀྱ་སྨྲ་ལགས། མཆོད་ཁྲི་ཡི་ཐོག་ནས་དཔང་པོ་བཙུགས་ཏེ་མནའ་བསྐྱལ་ན། གིའང་མ་ལགས། ཡིན་ནའང་མཆོད་ཁྲི་ཁར་ལ་ཕུལ་པ་མཆོད་པ་ཡི་དཔང་པོ་བཙུགས་ཏེ་མནའ་བསྐྱལ་ན། དེ་ཡིན་ཅིག་མིན་ཅིག་སྲུང་དགོས་བ་ལགས། 19ཁྱེད་ཞ་ར་ཀྱ། མཆོད་པ་དེ་གལ་ཆེ་ལེ། ཡང་ན་མཆོད་པ་དེ་ལ་རྩ་ཆེ་བཟོ་གིན་མཆོད་ཁྲི་དེ་གལ་ཆེ་ལེ། 20འོ་བྱས་རེ་མཆོད་ཁྲི་ལ་དཔང་པོ་བཙུགས་ཏེ་མནའ་བསྐྱལ་མཁན་གྱིས་མཆོད་ཁྲི་དང་འོ་དེ་ཁར་ལ་འོད་ཀྱིན་གི་རིའི་ཐོག་ནས་མནའ་བསྐྱལ་ལ་ལགས། 21དེ་ནས་མཆོད་ཁང་ལ་དཔང་པོ་བཙུགས་ཏེ་མནའ་བསྐྱལ་མཁན་གྱིས། མཆོད་ཁང་དང་འོ་དེ་ནང་དུ་བཞུགས་མཁན་གྱི་ཐོག་ནས་མནའ་བསྐྱལ་ལ་ལགས། 22དེ་ནས་ནམ་མཁའི་ཞིང་ཁམས་ལ་དཔང་པོ་བཙུགས་ཏེ་མནའ་བསྐྱལ་མཁན་གྱིས། དཀོན་མཆོག་གི་བཞུགས་ཁྲི་དང་འོ་དེ་ཁར་ལ་བཞུགས་མཁན་གྱི་ཐོག་ནས་མནའ་བསྐྱལ་ལ་ལགས།
23ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལྡུམ་རའི་ཛུ་ཀི་བྲབ་དང་། སྨན་ན་དང་། གོ་སྙོད་ཀྱི་བརྒྱ་ཆ་བཅུ་གོ་དཀོན་མཆོག་ལ་འབུལ་ལ་ལགས། ཡིན་ནའང་ཆོས་ཁྲིམས་ཀྱི་གལ་ཆེ་ཁྲིམས་དང་། སྙིང་རྗེ་དང་། དད་པ་གོ་ལ་སྣང་མེད་དུ་བཏང་ང་ལགས། ཁྱེད་ཀྱ་ཡིས་བརྒྱ་ཆ་བཅུ་སྟེར་གྱིན་ཁྲིམས་གོའང་སྲུང་དགོས་ཡས་འོད། དེ་ནས་དེ་ཀྱ་ལ་སྣང་མེད་དུ་བཏང་ཡས་མེད་ད་ལགས། 24ཁྱེད་ལམ་སྟོན་པ་ཞ་ར་ཀྱ། ཁྱེད་ཀྱ་འབུ་ཆུང་བ་ཀྱ་བཙགས་ལགས། ཡིན་ནའང་སེམས་ཅན་སྣ་བོ་གོ་མིད་བ་ལགས།
25ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་སྡུག་བསྔལ་ཆེ་འོང་བར་ཤོག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཕོར་ར་དང་སྡེར་མའི་ཕི་གོ་གཙང་མ་བྱེད་ད་ལགས། ཡིན་ནའང་ནང་གོ་ལ་སེར་སྣ་དང་རང་འདོད་ཀྱིས་ཁངས་རེ་བསྡད་ད་ལགས། 26ཁྱེད་ཕཱ་རུ་ཤི་པ་ཞ་ར་ཀྱ། ཨེན་ལ་ཕོ་ར་དང་སྡེར་མའི་ནང་གོ་གཙང་མ་བཟོས། དེ་ནས་ཕི་གོའང་གཙང་མ་འབྱུང་གི་ལགས།
27ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཚོན་དཀར་བོ་བྲུ་བྲ་ཕི་ནས་ལྟ་ན་མཛེས་བ་མཐོང་གིན་དུར་ཁྲོད་ཀྱ་ཅོག་རེ་ལགས། ཡིན་ནའང་ནང་གོ་ལ་གཤིན་པོ་ཀྱ་ཡི་རུས་གོག་དང་མེད་གཙང་ང་གི་རི་ཡིས་ཁངས་རེ་བསྡད་འོད་ད་ལགས། 28དེ་རེ་རང་ཁྱེད་ཀྱ་ཕི་ནས་མི་གཞན་མ་ཀྱ་ཡི་གདོང་དུ་དྲང་ང་མཐོང་ང་ལགས། ཡིན་ནའང་ཁྱེད་ཀྱ་ཡི་ནང་གོ་ཟོག་དང་སྡིག་པ་ཡིས་ཁངས་རེ་བསྡད་འོད་ད་ལགས།
29ཁྱེད་ཟོག་པོ་ཆོས་ཁྲིམས་ཀྱི་སློབ་དཔོན་དང་ཕཱ་རུ་ཤི་པ་ཀྱ་ལ་སྡུག་བསྔལ་ཆེ་འོང་བར་ཤོག། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་མངོན་ཤེས་མཁན་ཀྱ་ཡི་དུར་ཁྲོད་རྩིག་བ་ལགས། དེ་ནས་དྲང་བདེན་ཀྱ་ཡི་དུར་ཁང་ཀྱ་བརྒྱན་ད་ལགས། 30དེ་ནས་སྨྲ་ལགས། འེ་ཀྱ་རང་གི་ཕ་མའི་དུས་ཚོད་གང་ལ་འོད་ན། ཁོང་ཀྱ་མུ་ལ་མངོན་ཤེས་མཁན་ཀྱ་བསད་ཀྱིན་ལས་ཀ་ལ་ལག་ཀ་འཇུ་ཡས་མེད། 31དེ་རེ་སྨྲས་རེ་ཁྱེད་ཀྱ་རང་མངོན་ཤེས་མཁན་ཀྱ་བསད་ཀྱིན་མི་ཀྱ་ཡི་བརྒྱུད་པ་ཡིན་སྨྲས་རེ་དཔང་པོ་སྟོན་ད་ལགས། 32ད་ཁྱེད་ཀྱི་ཕ་མ་ཀྱ་ཡིས་འགོ་བཙུགས་ཀྱིན་ལས་ཀ་གོ་ཁྱེད་ཀྱ་ཚར་དུ་ཆུག།
33ཁྱེད་སྦྲུལ་ཀྱ། དུག་སྦྲུལ་གྱི་བརྒྱུད་པ་ཀྱ། ཁྱེད་ཀྱ་དམྱལ་བ་ཡི་ཆད་པ་ནས་གང་གི་བྱས་རེ་ཐར་ཡས། 34འོ་བྱས་རེ་ང་མངོན་ཤེས་མཁན་ཀྱ་དང་། མི་མཁས་བ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ཁྱེད་ཀྱི་རྩ་རུ་བཏང་ཡས་ཡིན། དེ་ནས་དེ་ཀྱ་ནས་རིང་འགའ་ལ་ཁྱེད་ཀྱིས་བསད་ཀྱི་ལགས། དེ་ནས་རིང་འགའ་ལ་རྒྱང་ཤིང་ཁར་ལ་བརྐྱང་གི་ལགས། དེ་ནས་རིང་འགའ་ལ་ཁྱེད་ཀྱ་ཡི་ཚོགས་ཁང་དུ་རྟ་ལྕག་གཞུ་གི་ལགས། དེ་ནས་ཡུལ་གཅིག་ནས་ཡུལ་གཞན་མ་ལ་འདེད་དེ་སྡུག་པོ་བཏང་གི་ལགས། 35འོ་བྱས་རེ་དྲང་པོ་ཧ་བེལ་གྱི་ཁྲག་ནས་མཆོད་ཁང་དང་མཆོད་ཁྲི་ཡི་གུང་དུ། ཁྱེད་ཀྱིས་བསད་ཀྱིན་བེ་རེ་ཀི་ཡཱ་ཡི་བི་ཛ་ཟེ་ཀ་རི་ཡཱས་ཀྱི་ཁྲག་ཐུག་པའི། དེ་ནས་ས་ལ་འཛག་གིན་དྲང་བདེན་གྱི་ཁྲག་གི་རིའི་རྒན་གོ་ཁྱེད་ཀྱ་ཡིས་ལེན་དགོས་གུ་ལགས། 36ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། དེ་གི་རིའི་ཆད་པ་དེ་མི་རབས་ཀྱི་ཁར་ལ་རང་བབ་ཀྱི་ལགས།
ཡེ་རུ་ཤ་ལེམ་གྱི་ཕྱིར་ལ་ཡེ་ཤུ་ཡིས་སེམས་སྡུག
(ལུ་ཀ། ༡༣:༣༤,༣༥)
37ཀྱེ་ཡེ་རུ་ཤ་ལེམ། ཡེ་རུ་ཤ་ལེམ། ཁྱོད་མངོན་ཤེས་མཁན་ཀྱ་ལ་བསད་ཀྱིན་དང་། ཁྱོའི་རྩ་རུ་བཏང་མཁན་ཀྱ་ལ་རྡོ་གོང་བཞུས་ཀྱིན་ཁྱོད། བྱ་མོ་ཡིས་རང་གི་ཕྲུ་བ་ཀྱ་ལ་གཤོག་པ་འོག་ཏུ་བསྡུ་ཀྱིན་ཅོག་རེ། ངས་ཐེངས་མང་ང་ཁྱོའི་ཕྲུ་བ་ཀྱ་ལ་སྡུད་ཡས་ཀྱི་འདོད་པ་བྱས་བའི། ཡིན་ནའང་ཁྱོས་བྱེད་དུ་བཅུག་གི་མིན་འདུག། 38ལྟོས་དང་། ཁྱོའི་མཆོད་ཁང་སྟོང་པ་ལས་ཀྱི་ལགས། 39གི་བྱས་རེ་སྨྲ་ན་ང་ཁྱོད་ལ་སྨྲ་ཡིན། ཁྱོས་གཙོ་བོའི་མཚན་ནས་ཕེབས་མཁན་ལ་བྱིན་རླབས་གནང་བར་ཤོག་#གསུང་མགུར། ༡༡༨:༢༦སྨྲས་རེ་མེད་སྨྲ་གིན་ཐུག་པའི་ཁྱོས་ང་ལ་ལྡབ་ལེ་མཐོང་གི་མ་ལགས།།

Currently Selected:

མད་ཐཱ། 23: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in