མད་ཐཱ། 18
18
དཀོན་མཆོག་གི་རྒྱལ་སྲིད་ནང་དུ་སུ་ཆེ་ཤོས།
(མར་ཀུ། ༩:༣༣-༣༧,༤༢-༤༨; ལུ་ཀ། ༩:༤༦-༤༨)
1འོ་དེ་གང་ལ་ཉེ་གནས་ཀྱ་ཡེ་ཤུ་རྩ་རུ་བཅར་ཏེ་ཁོང་པ་ལ་ཞུས་བ་ལགས། ནམ་མཁའི་རྒྱལ་སྲིད་ནང་དུ་ཆེ་ཤོས་སུ་ལེ།
2དེ་ནས་ཡེ་ཤུ་ཡིས་ཕྲུ་གཅིག་ལ་བོས་རེ་ཁོང་ཀྱ་ཡི་གུང་དུ་བཞག་པ་ལགས། 3དེ་ནས་གསུངས་བ་ལགས། ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁྱེད་ཀྱ་སེམས་བསྒྱུར་ཏེ་འདི་ཕྲུ་དེ་ཅོག་རེ་མི་འབྱུང་ན། ཁྱེད་ཀྱ་ནམ་མའང་ནམ་མཁའི་རྒྱལ་སྲིད་ནང་དུ་འཛུལ་མི་ཐུབ་ཀྱི་ལགས། 4འོ་བྱས་རེ་ཕྲུ་འདི་ཅོག་རེ་རང་ལ་ཉམ་ཆུང་བཟོ་མཁན་གོ་རང་ནམ་མཁའི་རྒྱལ་སྲིད་ནང་དུ་ཆེ་ཤོས་ལགས། 5འདི་ཕྲུ་ཅོག་རེ་ཕྲུ་གཅིག་ལ་ངའི་མིང་ནས་ཁས་ལེན་ན། འོ་དེ་ཡིས་ང་ལ་ཁས་ལེན་ད་ལགས། 6ཡིན་ནའང་ང་ལ་དད་པ་བྱེད་ཀྱིན་དེ་རེ་ཕྲུ་བ་ཀྱ་ནས་གཅིག་ལ་སྡིག་པ་བྱེད་དུ་བཅུག་ན། འོ་དེའི་མིག་པ་ལ་ཆུ་འཐག་གི་རྡོ་གོང་ཆེ་གཅིག་བཏགས་ཏེ་རྒྱ་མཚོ་ནང་དུ་བིབ་ཏུ་བཅུག་ན་དགའ་གུ་ལགས། 7སྡིག་པ་བྱེད་དུ་བཅུག་གིན་བར་ཆད་ཀྱ་ཡི་ཕྱིར་ལ་འདི་འཇིག་རྟེན་དེ་སྡུག་བ་ལི། གི་བྱས་རེ་སྨྲ་ན་བར་ཆེད་འོང་དགོས་གུ་ལགས། ཡིན་ནའང་སུའི་ཐོག་ནས་བར་ཆེད་འོངས་བའི། འོ་དེ་གོ་སྡུག་བ་ལི།
8དེ་ནས་ཁྱོའི་ལག་པ་ཡང་མེད་ན་རྐང་པ་ཡིས་ཁྱོད་ལ་སྡིག་པ་བྱེད་དུ་བཅུག་ན། འོ་དེ་བཅད་དེ་གཡུག་ཤོག།གི་བྱས་རེ་སྨྲ་ན་ལག་པ་གཉིས་དང་རྐང་པ་གཉིས་འཁྱེར་ཏེ་མཐའ་མེད་པའི་མེ་ལ་གཡུག་བ་ལའང་། ལག་པ་གཅིག་དང་རྐང་པ་གཅིག་འཁྱེར་ཏེ་མཐའ་མེད་པའི་མི་ཚེ་ནང་དུ་འཛུལ་ན་དགའ་གུ་ལགས། 9དེ་ནས་ཁྱོའི་མིག་གིས་ཁྱོད་ལ་སྡིག་པ་བྱེད་དུ་བཅུག་ན། འོ་དེ་ལ་བཏོན་ཏེ་གཡུག། གི་བྱས་རེ་སྨྲ་ན་མིག་གཉིས་ཀ་ར་འཁྱེར་ཏེ་དམྱལ་བའི་མེ་ལ་གཡུག་བ་ལའང་། མིག་གཅིག་གཅིག་ཀ་འཁྱེར་ཏེ་མཐའ་མེད་པའི་མི་ཚེ་ནང་དུ་འཛུལ་ན་དགའ་གུ་ལགས།
ལུག་སྟོར་ཏ་ཡི་དཔེ།
(ལུ་ཀ། ༡༥:༣-༧)
10ཕྲུ་ཆུང་ང་དེ་ཀྱ་ནས་གཅིག་ལའང་མཐོང་ཆུང་མ་བྱེད། གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། ནམ་མཁའི་ཞིང་ཁམས་དུ་ཁོང་ཀྱ་ཡི་བང་ཆེན་ཀྱ་ཡིས་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་ཞལ་ཙོག་བའི་མཇལ་ལ་ལགས། 11[གི་བྱས་རེ་སྨྲ་ན་མིའི་བུ་སྟོར་ཏ་ཀྱ་ལ་སྐྱོབ་ཡས་ལ་ཕེབས་པ་ལགས།]#༡༨:༡༡ འདི་ལེའུ་ ༡༡ དེ་ཨེན་མའི་གྷི་རིག་དེབ་ཀྱ་ལ་མེད་ད་ལགས།
12མི་གཅིག་ལ་ལུག་རྒྱ་འོད་ན། དེ་ནས་འོ་དེ་ཀྱ་ནས་གཅིག་སྟོར་ན། ཁོས་འོ་དེ་ལུག་དགུ་བཅུ་གོ་དགུ་ལ་རི་ལ་བོར་ཏེ། འོ་དེ་སྟོར་ཏོ་བ་གཅིག་གོ་ལ་བཙལ་རུ་འགྲོ་གི་མ་ལེ། ཁྱེད་ཀྱ་གི་བསམ་མའི་འོད་དོ། 13དེ་ནས་ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། འོ་དེ་ལུག་གོ་རྙེད་ན། ཁོ་ལུག་མ་སྟོར་ཏ་དགུ་བཅུ་གོ་དགུ་ནས་ལྷག་འོ་དེ་རྙེད་ཉ་ཡི་ཕྱིར་ལ་མང་ང་ཉམ་མོ་དགའ་གི་ལགས། 14འོ་དེ་ཅོག་རེ་ཕྲུ་ཆུང་ང་དེ་ཀྱ་ནས་གཅིག་འང་མེད་ད་ལ་བཏང་ཡས། དེ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་ཐུགས་དགོངས་མ་ལགས།
སྡིག་པ་བྱེད་ཀྱིན་སྤུན།
(ལུ་ཀ། ༡༧:༣)
15ཁྱོའི་སྤུན་གྱིས་ཁྱོའི་རྒྱབ་ལ་སྡིག་པ་བྱེད་ན། སོང་རེ་ཁྱེད་རང་གཉིས་བོ་གཅིག་ཀའི་གུང་དུ་ཁོའི་ནོར་འཁྲུལ་གོ་ཤོད། དེ་ནས་ཁོས་ཁྱོད་ལ་མཉན་ན་ཁྱོད་ལ་རང་གི་སྤུན་འཐོབ་ཀྱི་ལགས། 16ཡིན་ནའང་ཁོས་ཁྱོད་ལ་མེད་མཉན་ན། དཔང་པོ་གཉིས་གསུམ་གྱི་ཚིག་གི་རི་གསལ་བོ་བྱས་རེ་ཐག་བཅད་ཡས་ཕྱིར་ལ། མི་གཞན་མ་གཅིག་ཡང་ན་གཉིས་རེས་ཁྱོད་རི་མུ་ལ་འཁྲིད། 17ཡང་ཁོས་ཁོང་ཀྱ་ལའང་མེད་མཉན་ན། འོ་དེ་ལབ་གོ་ཆོས་ཚོགས་ལ་ཤོད། དེ་ནས་ཁོས་ཆོས་ཚོགས་ཀྱི་ཁ་ལ་མེད་མཉན་ན། ཁོ་ཁྱོའི་ཕྱིར་ལ་དད་པ་མི་བྱེད་མཁན་དང་ཁྲལ་སྡུད་མཁན་ཀྱ་ཅོག་རེ་འབྱུང་བར་ཤོག།
18ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁྱེད་ཀྱ་ཡིས་འཇིག་རྟེན་དུ་གི་བསྡམས་མའི་འོ་དེ་ནམ་མཁའི་ཞིང་ཁམས་དུའང་བསྡམ་གྱི་ལགས། དེ་ནས་ཁྱེད་ཀྱ་ཡིས་འཇིག་རྟེན་དུ་གི་བཀྲོལ་ལི། འོ་དེ་ནམ་མཁའི་ཞིང་ཁམས་དུའང་བཀྲོལ་གྱི་ལགས། 19ཡང་ད་ང་ཁྱེད་ཀྱ་ལ་སྨྲ་ཡིན། འདི་འཇིག་རྟེན་དུ་ཁྱེད་ཀྱ་ནས་མི་གཉིས་མཐུན་ཏེ་གི་ཞུ་ན། འོ་དེ་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་ཁྱེད་ཀྱ་ཡི་ཕྱིར་ལ་གནང་ང་མཛད་ཀྱི་ལགས། 20གི་བྱས་རེ་སྨྲ་ན་ངའི་མིང་གི་ཐོག་ནས་མི་གཉིས་ཡང་ན་གསུམ་ག་རུ་འཛོམས་མའི། འོ་དུ་རུ་ང་ཁོང་ཀྱ་མུ་ལ་འོང་ང་ཡིན།
དགོངས་ཡངས་སྟེར་མི་ཐུབ་ཀྱིན་གཡོག་པོའི་དཔེ།
(ལུ་ཀ། ༡༧:༤)
21དེ་ནས་པེ་ཏྲོ་འོངས་རེ་ཡེ་ཤུ་ལ་ཞུས་བ་ལགས། གཙོ་བོ། ངའི་སྤུན་གྱི་ངའི་རྒྱབ་ཏུ་སྡིག་པ་བྱེད་ན། ང་ཁོ་ལ་ཐེངས་མ་ག་ཚོད་དགོངས་ཡངས་སྟེར་ཡས། ཐེངས་མ་བདུན་ཐུག་པའི།
22ཡེ་ཤུ་ཡིས་ཁོ་ལ་གསུངས་བ་ལགས། ང་ཁྱོད་ལ་སྨྲ་ཡིན། ཐེངས་མ་བདུན་ཐུག་པའི་མིན་ད་བདུན་བཅུ་ཐེངས་བདུན་ཐུག་པའི་སྟེར། 23དེ་རེ་བྱས་རེ་ནམ་མཁའ་རྒྱལ་སྲིད་འདི་རང་གི་གཡོག་པོ་ཀྱ་མུ་ལ་རྩི་བཏང་ཉིད་འདོད་ཀྱིན་རྒྱལ་བོ་གཅིག་མུ་ལ་བསྡུར་ན་སྒྲིག་གི་ལགས། 24དེ་ནས་རྩི་བཏང་ཡས་འགོ་བཙུགས་བའི་གང་ལ། མི་གཅིག་ལ་གསེར་གྱི་ཊམ་ཀ་སྟོང་བཅུ་བུ་ལོན་འོད་མཁན་གཅིག་ཁོའི་རྩ་རུ་ཁྲིད་དེ་འོངས་བ་ལགས། 25འོ་དེ་མིས་བུ་ལོན་ཇང་མ་ཐུབ་བ། བདག་པོ་ཡིས་ཁོ་ལ་ཁོའི་སྐྱེས་དམན་དང་ཕྲུ་བ་ཀྱ་དང་ཁོ་ལ་འོད་ཀྱིན་གི་རི་བཙོངས་རེ་བུ་ལོན་ཇང་ཡས་ལ་བཀའ་གནང་བ་ལགས། 26འོ་བྱས་རེ་གཡོག་པོ་གོས་པུས་མོ་བཙུགས་ཏེ་ཞུ་བ་ཕུལ་བ་ལགས། ང་ལ་བཟོད་པ་མཛད་རོགས་བྱེད། དེ་ནས་ངས་ཁྱེད་རི་བུ་ལོན་གི་རི་ཇང་བོ། 27དེ་ནས་རྒྱལ་བོ་གོས་ཁོ་ལ་སྙིང་རྗེ་རེ་ཁོའི་བུ་ལོན་གོ་དགོངས་ཡངས་སྟེར་ཏེ་ཁོ་ལ་བཏང་བ་ལགས།
28ཡིན་ནའང་འོ་དེ་གཡོག་པོ་གོ་འོ་དེ་ནས་སོང་བ་ལགས། དེ་ནས་ཁོ་ནས་དངུལ་གྱི་ཊམ་ཀ་རྒྱ་བུ་ལོན་ལེན་ལ་ཁོ་རི་གཡོག་པོ་རོགས་བ་གཅིག་ལ་ཐུག་པ་ལགས། དེ་ནས་ཁོས་ཁོ་ལ་ཟིམ་ཏེ་མིག་པ་བཙིར་ཏེ་སྨྲས་བ་ལགས། ཁྱོས་ལེན་གྱིན་བུ་ལོན་གོ་རྫོངས། 29ད་ཁོའི་གཡོག་པོ་རོགས་བ་གོ་པུས་མོ་ས་ལ་བཙུགས་ཏེ་ཞུ་བ་ཕུལ་བ་ལགས། ང་ལ་བཟོད་པ་བྱེད་རོགས་བྱེད། དེ་ནས་ངས་ཁྱོད་ལ་བུ་ལོན་ཇང་བོ། 30ཡིན་ནའང་ཁོས་མ་མཉན་པ་ལགས། དེ་ནས་ཁོ་ལ་བུ་ལོན་མ་ཇང་གིན་ཐུག་པའི་བཙོན་ཁང་ནང་དུ་བཅུག་པ་ལགས།
31དེ་ནས་ཁོའི་གཡོག་པོ་རོགས་བ་གཞན་མ་ཀྱ་ཡིས། འོ་དུ་རུ་གི་བྱུང་གིན་གོ་མཐོང་རེ་ཁོང་ཀྱ་དམི་ཅིག་གི་སེམས་ཕམ་པ་ལགས། དེ་ནས་སོང་རེ་རྒྱལ་བོ་གོ་ལ་འོ་དུ་རུ་བྱུང་གིན་གི་རི་བཤད་པ་ལགས། 32དེ་ནས་རྒྱལ་བོ་ཡིས་ཁོ་ལ་བོས་རེ་སྨྲས་བ་ལགས། གཡོག་པོ་ངན་པ་ཁྱོད། ཁྱོས་ང་ལ་ཞུ་བ་ཕུལ་རེ་ངས་ཁྱོའི་བུ་ལོན་གི་རི་བསལ་པའི། 33ངས་ཁྱོད་ལ་སྙིང་རྗེ་བྱེད་ཀྱིན་ཅོག་རེ་ཁྱོས་འང་རང་གི་རོགས་བ་ལ་སྙིང་རྗེ་བྱེད་དགོས་གུ་མ་ལེ། 34དེ་ནས་ཞེ་སྡང་ལངས་རེ་རྒྱལ་བོ་ཡིས་ཁོ་ལ་ཁོའི་བུ་ལོན་གི་རི་མ་ཇང་གིན་ཐུག་པའི། བཙོན་ཁང་གི་དཔོན་པོའི་ལག་པ་རུ་ཁྲིམས་འཁུར་ཡས་ལ་བརྩིས་བརྒྱབ་པ་ལགས།
35དེ་རེ་རང་བྱས་རེ་ཁྱེད་ཀྱ་ཡིས་ཁྱེད་རི་སྤུན་ལ་སེམས་ནང་ནས་དགོངས་ཡངས་མེད་སྟེར་ན། ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱིས་འང་ཁྱེད་ཀྱ་ལ་དེ་རེ་རང་མཛད་ཀྱི་ལགས།།
Currently Selected:
མད་ཐཱ། 18: LOY
Highlight
Share
Copy
Want to have your highlights saved across all your devices? Sign up or sign in
© 2023, Wycliffe Bible Translators, Inc. and Nepal Bible Society