YouVersion Logo
Search Icon

ཡོ་ཧ་ནན། 7

7
ཡེ་ཤུའི་སྤུན་ཀྱ་ཡི་སྐོར་ལ།
1འོ་དེ་གཤམ་ནས་ཡེ་ཤུ་ག་ལིལ་ཡུལ་ལ་ཕེབས་པ་ལགས། ཡིན་ནའང་ཡུ་དེ་ཡཱ་ཡུལ་ལ་ཕེབས་ཉིད་མ་འདོད་པ་ལགས། གི་བྱས་རེ་སྨྲ་ན་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་པ་ལ་བསད་ཡས་ཀྱི་ཐབས་ཤེས་བཙལ་ལི་འོད་ད་ལགས། 2ད་ཡ་ཧུ་དཱ་པ་སྤྱིལ་བུའི་དུས་ཆེན་#༧:༢ དེ་ནི་ཡ་ཧུ་དཱ་པ་ཀྱ་ཡི་སྟོན་ཀ་རྒུན་འབྲུམ་གྱི་ཞིང་ཀྱ་ལ་དཔྱང་མའི་ཡལ་ག་ཀྱ་དང་ལོ་མ་ཀྱ་ཡི་བསྡད་ས་ཅི་མེ་རེ་བཟོས་རེ་བསྲུངས་ཏེ་བསྡད་ཀྱིན་དུས་ཆེན་ལགས།གོ་ཉེ་སླེབས་འོད་ད་ལགས། 3འོ་བྱས་རེ་ཁོང་པ་ཡི་སྤུན་ཀྱ་ཡིས་ཞུས་བ་ལགས། ཁྱེད་རང་གིས་མཛད་ཀྱིན་ཕྱག་ལས་ཀྱ་ཁྱེད་རང་ལ་འབྲང་མཁན་མི་ཀྱ་ཡིས་མཐོང་ཡས་ཀྱི་ཕྱིར་ལ། ཁྱེད་རང་འདི་འབོར་ཏེ་ཡུ་དེ་ཡཱ་ཡུལ་དུ་ཕེབས་རོགས་མཛད། 4མི་མང་གིས་ཁོག་ལ་སྟོན་འདོད་འོད་མཁན་སུས་འང་གསང་བ་ལ་ལས་ཀ་མི་བྱེད་ད་ལགས། ཁྱེད་རང་དེ་རེ་ཕྱག་ལས་མཛད་ན། རང་ལ་འཇིག་རྟེན་ལ་མངོན་དུ་མཛད། 5གི་བྱས་རེ་སྨྲ་ན་ཁོང་པ་ཡི་སྤུན་ཀྱ་ཡིས་འང་ཁོང་པ་ལ་དད་པ་མ་བྱས་བ་ལགས།
6ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ཁྱེད་ཀྱ་ལ་ནམ་ཡིན་ན་གོ་སྐབས་འོད་ད་ལགས། ཡིན་ནའང་ངའི་དུས་ཚོད་གོ་བབ་མ་རན་འདུག། 7འཇིག་རྟེན་གྱིས་ཁྱེད་ཀྱ་ལ་སྡང་ང་བྱེད་མི་ཐུབ་ཀྱི་ལགས། ཡིན་ནའང་ངས་འཇིག་རྟེན་གྱི་ལས་ཀ་ཀྱ་ངན་པ་ཡིན་གྱིན་གོ་དཔང་པོ་བྱས་རེ་ང་ལ་སྡང་ང་བྱེད་ད་ལགས། 8ཁྱེད་རང་ཀྱ་དུས་ཆེན་ལ་སོང་། ཡིན་ནའང་ངའི་དུས་དོ་རང་འང་མ་རན་པ། ང་འདི་དུས་ཆེན་ལ་མེད་འགྲོ། 9དེ་གསུངས་བ་མཛད་དེ་ཁོང་པ་ག་ལིལ་དུ་བཞུགས་པ་ལགས།
10ཡིན་ནའང་ཁོང་པ་ཡི་སྤུན་ཀྱ་དུས་ཆེན་ལ་སོང་ཚར་ཏེ་གཤམ་ལ། ཁོང་པའང་མངོན་སུམ་དུ་མིན་ད་གསང་བ་ཕེབས་པ་ལགས། 11དུས་ཆེན་ལ་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་པ་ག་རུ་འདུག་སྨྲས་རེ་དྲིས་རེ་བཙལ་ལི་འོད་ད་ལགས། 12མི་ཚིགས་ཀྱ་ཡི་ཁོག་ཏུ་རིང་འགའ་ཡིས། ཁོང་མི་བཟང་པོ་གཅིག་ལགས། དེ་ནས་རིང་འགའ་ཡིས། ཁོང་དེ་རེ་མིན་ད་མི་མང་པོ་ལ་མགོ་སྐོར་བཏང་མཁན་གཅིག་ལགས། སྨྲས་རེ་ཁོང་པ་ཡི་སྐོར་ལ་ལབ་འདྲ་མིན་འདྲ་མང་ང་བྱུང་བ་ལགས། 13ཡིན་ནའང་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ལ་འཇིགས་ཏེ་མི་སུའི་འང་ཁོང་པ་ཡི་སྐོར་ལ་མངོན་སུམ་དུ་བཤད་མ་ཐུབ་པ་ལགས།
སྤྱིལ་བུའི་དུས་ཆེན་ལ་ཡེ་ཤུ་ཡིས་ཆོས་གསུང་པ།
14དེ་ནས་དུས་ཆེན་གྱི་ཕེད་ཚོད་ལ་ཡེ་ཤུ་མཆོད་ཁང་ནང་དུ་ཕེབས་ཏེ་ཆོས་གནང་ཡས་འགོ་བཙུགས་པ་ལགས། 15ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཧ་ལས་རེ་སྨྲས་བ་ལགས། འདི་མི་དེ་ཆོས་ནམ་མའང་མ་བསླབས་པ་ལའང་གང་གི་བྱས་རེ་ཆོས་ལ་དེ་རེ་མཁས་བ་བྱུང་བ་ལེ།
16དེ་ནས་ཡེ་ཤུ་ཡིས་གསུངས་ང་མཛད་པ་ལགས། ངས་བཤད་ཀྱིན་ཆོས་འདི་ང་རང་གི་མིན། ཡིན་ནའང་ང་ལ་མངགས་མཁན་གྱི་ཡིན། 17དཀོན་མཆོག་གི་ཐུགས་དགོངས་སྒྲུབ་ཏུ་བཅུག་ཉིད་འདོད་མཁན་ཀྱ་ཡིས། འདི་ཆོས་དེ་དཀོན་མཆོག་ནས་བྱུང་ང་ལེ། ཡང་ན་ངས་ཐོག་ནས་ལེ་སྨྲས་རེ་ཤེས་ཀྱི་ལགས། 18རང་ལ་བརྟེན་ཏེ་བཤད་ཀྱིན་དེ་རང་གི་སྙན་གྲགས་བཙལ་ལ་ལགས། ཡིན་ནའང་རང་ལ་མངགས་མཁན་གྱི་སྙན་གྲགས་བཙལ་གྱིན་དེ་བདེན་པ་ལགས། དེ་ནས་ཁོའི་ནང་དུ་ཟོག་མེད་ཡོང་ང་ལགས། 19མོ་ཤེ་ཡིས་ཁྱེད་ཀྱ་ལ་ཆོས་ཁྲིམས་དེ་མ་གནང་བ་ལེ། ཡིན་ནའང་ཡང་ཁྱེད་ཀྱ་སུས་འང་ཆོས་ཁྲིམས་དེ་མི་སྲུང་བ་ལགས། ད་ཁྱེད་ཀྱ་ང་ལ་བསད་ཡས་ཀྱི་ཐབས་ཤེས་གི་བྱས་རེ་བཙལ་ལ་ལེ།
20དེ་ནས་མི་ཚོགས་ཀྱིས་སྨྲས་བ་ལགས། ཁྱོད་ལ་འདྲེ་འཛུལ་འདུག། སུས་ཁྱོད་ལ་བསད་ཡས་ལ་ཐབས་ཤེས་བཙལ་ལི་བོ།
21ཡེ་ཤུ་ཡིས་ཁོང་ཀྱ་ལ་གསུངས་ང་མཛད་པ་ལགས། ངས་ངལ་གསོ་གིན་ཉིན་མ་ལ་ལས་ཀ་གཅིག་བྱས་བའི། དེ་ནས་ཁྱེད་གི་རི་འོ་དེ་ལ་ཧ་ལས་འགྲོའི། 22མོ་ཤེས་ཁྱེད་ཀྱ་ལ་ལྤགས་བོ་བཅད་ཀྱིན་སྲོལ་གནང་བ་ལགས། དེ་ནས་ཁྱེད་ཀྱ་ངལ་གསོ་གིན་ཉིན་མ་ལ་རང་གི་བུ་ལ་འོ་དེ་སྲོལ་དེ་བྱེད་ད་ལགས། (འདི་སྲོལ་དེ་མོ་ཤེ་ནས་མིན་ད་འོ་རི་དང་པའི་ཕ་མ་ནས་བྱུང་བ་ལགས།)#ལེ་ཝི། ༡༢:༣; བཀོད་པ། ༡༧:༡༠ 23མོ་ཤེའི་ཆོས་ཁྲིམས་སྲུང་ཡས་ཀྱི་ཕྱིར་ལ་ངལ་གསོ་གིན་ཉིན་མ་ལ་མི་གཅིག་གི་ལྤགས་བོ་བཅད་ཀྱིན་སྲོལ་གོ་སྲུང་ཐུབ་ན། ངས་འང་ངལ་གསོ་གིན་ཉིན་མ་ལ་མི་གཅིག་གི་ལུས་གང་ཚང་གསོ་སོང#༥:༩; མད་ཐཱ། ༡༢:༢་སྨྲས་རེ་ཁྱེད་ཀྱ་གི་བྱས་རེ་ངའི་མུ་ལ་ཁྲོས་ལ་ལེ། 24ངོ་ལ་བལྟས་རེ་ཁྲིམས་མ་བཅད། ཡིན་ནའང་དྲང་བདེན་ལ་བརྟེན་ཏེ་ཁྲིམས་གཅོད།
ཡེ་ཤུ་རང་མཱ་ཤི་ཀ་ཡིན་མིན་གྱི་སྐོར་ལ།
25ཡེ་རུ་ཤ་ལེམ་གྱི་མི་རིང་འགའ་ཡིས་སྨྲས་བ་ལགས། ཁོང་ཀྱ་ཡིས་བསད་ཡས་ལ་བཙལ་གྱིན་མོ་གོ་དེ་རང་མ་ལེ། 26ད་ལྟོས་དང་། ཁོང་ནི་དུ་རུ་མངོན་སུམ་དུ་ཆོས་གསུངས་བའི། དེ་ནས་ཁོང་ཀྱ་ཁོ་ལ་གིའང་མེད་སྨྲ། ད་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་རང་མཱ་ཤི་ཀ་གོ་ཡིན་བསམས་པ་རགས། 27ཡིན་ནའང་མི་འདི་ག་ནས་འོངས་བ་ལེ་སྨྲས་རེ་འོ་རང་ཤེས་ལ་ལགས། དེ་ནས་མཱ་ཤི་ཀ་མངོན་དུ་མཛད་དེ་གང་ལ་ཁོང་ག་ནས་ཕེབས་པ་ལེ་སྨྲས་རེ་སུས་འང་ཤེས་ཀྱི་མ་ལགས།
28འོ་བྱས་རེ་མཆོད་ཁང་གི་ནང་དུ་ཆོས་གསུངས་བའི་གང་ལ་ཡེ་ཤུ་ཡིས་གསུང་སྐད་ཆེ་ལ་གསུངས་ང་མཛད་པ་ལགས། ང་སུ་ཡིན་གྱིན་དང་ང་ག་ནས་འོང་གིན་གོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ང་ང་རང་རང་བཞིན་གྱི་འོངས་བ་མིན། ཡིན་ནའང་ང་ལ་མངགས་མཁན་གོ་བདེན་པ་ཡིན། དེ་ནས་ཁྱེད་ཀྱ་ཡིས་ཁོང་ལ་ངོ་མེད་ཤེས་ལ་ལགས། 29ང་ནི་ཁོང་ནས་འོངས་བ་ཡིན། དེ་ནས་ཁོང་གིས་ང་ལ་མངགས་བ་ཡིན། འོ་བྱས་རེ་ངས་ཁོང་ལ་ངོ་ཤེས་ལི་འོད།
30དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ཟིམ་ཡས་ལ་ཐབས་ཤེས་བཙལ་བ་ལགས། ཡིན་ནའང་ཁོང་པ་ཡི་དུས་མ་རན་པ་སུས་འང་ཁོང་པ་ལ་ལག་པ་མ་བརྐྱངས་བ་ལགས། 31གི་ཡིན་ན་མི་མང་ཆེ་ཡིས་ཁོང་པ་ལ་དད་པ་བྱས་རེ་སྨྲས་བ་ལགས། མཱ་ཤི་ཀ་ཕེབས་བའི་གང་ལ་ཁོང་གིས་འདི་མི་དེ་ལས་ལྷག་རྟགས་ཀྱ་མེད་མཛད་འོད་གྲོ།
32ཕཱ་རུ་ཤི་པ་ཀྱ་ཡིས་ཡེ་ཤུའི་སྐོར་ལ་མི་ཚོགས་ཀྱི་ལབ་ཕུ་སུ་ཕུ་སུ་བཏང་གིན་གོ་གོ་པ་ལགས། དེ་ནས་མཆོད་དཔོན་ཆེ་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་པ་ཟིམ་དུ་མཆོད་ཁང་གི་སྲུང་དམག་ཀྱ་བརྫངས་བ་ལགས།
33དེ་ནས་ཡེ་ཤུ་ཡིས་གསུངས་ང་མཛད་པ་ལགས། ང་ཁྱེད་ཀྱ་མུ་ལ་དོ་རང་འང་དུས་ཏི་ཏེ་གཅིག་བསྡད་ཡས་འདུག། དེ་ནས་ང་ང་ལ་མངགས་མཁན་གྱི་དྲུང་དུ་འགྲོ་ཡས་ལགས། 34ཁྱེད་ཀྱ་ཡིས་ང་ལ་བཙལ་གྱི་ལགས། ཡིན་ནའང་རྙེད་གུ་མ་ལགས། ང་འོད་ས་རུ་ཁྱེད་ཀྱ་སླེབ་མི་ཐུབ་ཀྱི་ལགས།
35དེ་ནས་ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་ཁོང་རང་ཀྱ་གུང་དུ་དེ་རེ་སྨྲས་བ་ལགས། མི་འདི་འོ་རེ་རྙེད་མི་ཐུབ་ཀྱིན་ས་ཆ་ག་རུ་འགྲོ་ཡས་ཡིན་གྲོའི། གྷི་རིག་ཀྱ་ཁོག་ཏུ་འཐོར་ཏེ་བསྡད་ད་ཡ་ཧུ་དཱ་པ་ཀྱ་གུང་དུ་སོང་རེ་ཁོ་གྷི་རིག་ཀྱ་ལ་ཆོས་ཤེད་ཡས་སེམས་མའི་འོད་ད། 36ཁོས་འོ་རང་ལ་ཁྱེད་ཀྱ་ཡིས་ང་ལ་བཙལ་གྱི་ལགས། ཡིན་ནའང་རྙེད་གུ་མ་ལགས། དེ་ནས་ང་འོད་ས་རུ་ཁྱེད་ཀྱ་སླེབ་མི་ཐུབ་ཀྱི་ལགས། སྨྲ་གིན་གྱི་དོན་དག་གོ་གི་ལེ།
37དུས་ཆེན་གྱི་མཐའ་ཡི་ཉིན་མ་ཆེ་གོ་ལ་ཡེ་ཤུ་བཞེངས་ཏེ་གསུང་སྐད་ཆེ་ལ་གསུངས་ང་མཛད་པ་ལགས། ཁྱེད་སྐོམ་མཁན་ཀྱ་ངའི་དྲུང་དུ་འོང་རེ་འཐུང་བར་ཤོག། 38ང་ལ་དད་པ་བྱེད་མཁན་གོ་གསུང་རབ་ནང་ལ་བྲིས་བྲ་ཅོག་རེ། ཁོའི་ནང་ནས་ཚེ་སྲོག་གི་ཆུ་ཡི་གཙང་པོ་བརྒྱུག་གི་ལགས།#ཨི་ཛི་ཀི་ཨེལ། ༤༧:༡; ཟེ་ཀ་རི་ཡཱས། ༡༤:༨ 39ཡིན་ནའང་ཁོང་ལ་དད་པ་བྱེད་མཁན་ཀྱ་ལ་ཐོབ་ཡས་ཡིན་གྱིན་དམ་པའི་ཐུགས་ཉིད་ཀྱི་སྐོར་ལ་ཡེ་ཤུ་ཡིས་གསུངས་བ་ལགས། གི་ཡིན་ན་ཡེ་ཤུ་གཟི་བརྗིད་ལ་མ་འཕག་པ་བྱས་རེ་དམ་པའི་ཐུགས་ཉིད་གོ་དོ་རང་འང་མ་གནང་འོད་ད་ལགས།
40ཁོང་པ་ཡིས་གསུངས་ཀྱིན་དེ་གོ་སྟེ་མི་ཚོགས་ཀྱི་ནང་ནས་རིང་འགའ་ཡིས་སྨྲས་བ་ལགས། མི་དེ་དངོས་གནས་ཀྱི་མངོན་ཤེས་མཁན་གོ་ལགས། 41དེ་ནས་གཞན་མ་ཀྱ་ཡིས་སྨྲས་བ་ལགས། འདི་ནི་མཱ་ཤི་ཀ་གོ་ལགས། ཡིན་ནའང་རིང་འགའ་ཡིས་སྨྲས་བ་ལགས། ག་ལིལ་ཡུལ་ནས་མཱ་ཤི་ཀ་གོ་ཕེབས་གུ་ལགས་སའི། 42མཱ་ཤི་ཀ་ནི་རྒྱལ་བོ་དཱ་བིད་ཀྱི་གདུང་རྒྱུད་ནས། དེ་ནས་དཱ་བིད་ཀྱི་ཕ་ཡུལ་བེད་ལེ་ཧེམ་ནས་ཕེབས་གུ་ལགས་སྨྲས་རེ་གསུང་རབ་ཀྱི་ནང་བྲིས་འོད་ད་མ་ལེ། 43ད་མི་ཚོགས་ཀྱི་གུང་དུ་ཡེ་ཤུའི་སྐོར་ལ་གཏམ་མ་མཐུན་པ་ཁག་བས་བ་ལགས། 44ཁོང་ཀྱ་ནས་རིང་འགའ་ཡིས་ཁོང་པ་ལ་ཟིམ་ཉིད་འདོད་པ་ལགས། ཡིན་ནའང་སུས་འང་ཁོང་པ་ལ་ལག་པ་མ་བརྐྱངས་བ་ལགས།
ཡ་ཧུ་དཱ་པ་དཔོན་པོ་ཀྱ་ཡིས་དད་པ་མེད་ཀྱིན་གྱི་སྐོར།
45དེ་ནས་མཆོད་ཁང་གི་སྲུང་དམག་ཀྱ་མཆོད་དཔོན་ཆེ་དང་ཕཱ་རུ་ཤི་པ་ཀྱ་རྩ་རུ་ལོག་སྟེ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁྱེད་ཀྱི་གི་བྱས་རེ་ཁོ་ལ་ཁྲིད་དེ་མ་ཡོང་བ་སྨྲས་རེ་དྲིས་བ་ལགས།
46དེ་ནས་མཆོང་ཁང་གི་སྲུང་དམག་ཀྱ་ཡིས་སྨྲས་བ་ལགས། མི་སུས་འང་ཁོའི་ཅོག་རེ་ཆོས་ནམ་མའང་གསུངས་མ་མྱོང་།
47དེ་ནས་ཕཱ་རུ་ཤི་པ་ཀྱ་ཡིས་ཁོང་ཀྱ་ལ་སྨྲས་བ་ལགས། ཁྱེད་ཀྱ་མགོ་འཁོར་སེ། 48དཔོན་པོ་ཀྱ་དང་ཕཱ་རུ་ཤི་པ་ཀྱ་ནས་གཅིག་གིས་འང་ཁོང་ལ་དད་པ་བྱེད་འདུག་བའི། 49ཡིན་ནའང་ཆོས་ཁྲིམས་མེད་ཤེས་ཀྱིན་དེ་མི་ཚོགས་ལ་དཀོན་མཆོག་གི་དམོད་མོ་ཕོག་འོད་ད་ལགས།
50ཡེ་ཤུ་ལ་ཨེན་མ་མཇལ་མྱངས་ཀྱིན་ཕཱ་རུ་ཤི་པ་ཀྱ་ནས་ནཱི་ཀོ་དེམ་སྨྲ་གིན་དཔོན་པོ་གཅིག་གི་ཁོང་ཀྱ་ལ་སྨྲས་བ་ལགས། 51མི་གཅིག་གི་ལབ་ལ་མ་ཉན་ད་ཁོས་གི་བྱེད་ཀྱིན་གོ་མ་ཤེས་བ་ལ། ཁོ་ལ་འོ་རེ་ཆོས་ཁྲིམས་ཀྱི་ཁྲིམས་བཏང་ང་ལེ།
52ཁོང་ཀྱ་ཡིས་ཁོ་ལ་སྨྲས་བ་ལགས། ཁྱོད་འང་ག་ལིལ་པ་ཡིན་ནེ། གསུང་རབ་ལ་བཙལ་རེ་ལྟོས། ག་ལིལ་ནས་མངོན་ཤེས་མཁན་སུའང་མི་འབྱུང་གི་ལགས།
ལོག་གཡེམ་པ་སྐྱེས་དམན།
[53དེ་ནས་མི་གི་རི་རང་རང་གི་ནང་ལ་ལོག་པ་ལགས།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in