YouVersion Logo
Search Icon

མཛད་པ། 4

4
པེ་ཏྲོ་དང་ཡོ་ཧ་ནན་ཚོགས་ཁང་གི་གདོང་དུ།
1པེ་ཏྲོ་དང་ཡོ་ཧ་ནན་མི་ཀྱ་མུ་ལ་ལབ་གཏང་རེ་བསྡད་དེ་གང་ལ། མཆོད་དཔོན་ཀྱ་དང་། སཱ་དུ་ཀི་པ་ཀྱ་དང་། མཆོད་ཁང་གི་སྒོ་སྲེ་ཀྱ་ཡི་དཔོན་པོ་ཁོང་ཀྱ་རྩ་རུ་འོངས་བ་ལགས། 2དེ་ནས་ཡེ་ཤུའི་ཐོག་ནས་འཆི་བ་ནས་གསོན་པོ་ལངས་ཐུབ་ཡས་འོད་ད་ལགས་སྨྲས་རེ། མི་ཀྱ་ལ་པེ་ཏྲོ་དང་ཡོ་ཧ་ནན་གྱིས་བསླབས་ཀྱིན་གོ་ལ་ཁོང་ཀྱ་དམི་ཅིག་གི་ཁོང་ཁྲོ་ལངས་བ་ལགས། 3དེ་ནས་ཁོང་ཀྱ་ཡིས་པེ་ཏྲོ་དང་ཡོ་ཧ་ནན་ལ་ཟིམ་ཏེ་ཉིན་མ་གཤམ་མ་གོ་ཐུག་པའི་བཙོན་ཁང་དུ་འདགས་པ་ལགས། གི་བྱས་རེ་སྨྲ་ན་འོ་དེ་གང་ལ་སྲོད་རུགས་ཚར་འོད་ད་ལགས། 4ཡིན་ནའང་འོ་དེ་སྐུ་ཚབ་གཉིས་བོའི་བཀའ་ཉན་མཁན་ཀྱ་ནས་མི་མང་ཆེ་ཡིས་དད་པ་བྱས་བ་ལགས། དེ་ནས་དད་པ་བྱེད་མཁན་མི་ཀྱ་ཡི་གྲངས་ཀ་མང་དུ་སོང་རེ་སྟོང་ལྔ་ཚོད་བྱུང་བ་ལགས།
5ཉིན་མ་གཤམ་མ་གོ་ལ་དཔོན་པོ་ཀྱ་དང་། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་དང་། འགོ་ཁྲིད་ཀྱ་ཡེ་རུ་ཤ་ལེམ་དུ་འཛོམས་པ་ལགས། 6གཙོ་མཆོད་དཔོན་ཧན་ནཱ་སི་དང་། ཀ་ཡ་ཕཱ་དང་། ཡོ་ཧ་ནན་དང་། ཨ་ལེག་སན་དེར་དང་། གཙོ་མཆོད་དཔོན་གྱི་མི་ཚང་ཀྱ་གི་རི་འོ་དུ་རུ་འོད་ད་ལགས། 7ཁོང་ཀྱ་ཡིས་པེ་ཏྲོ་དང་ཡོ་ཧ་ནན་ལ་གུང་དུ་བསླངས་རེ། སུའི་དབང་ཆ་ཡང་མིན་ན་སུའི་མིང་ནས་ཁྱེད་ཀྱ་དེ་རེ་ལས་ཀ་བྱེད་ད་སྨྲས་རེ་དྲིས་བ་ལགས།
8དེ་ནས་པེ་ཏྲོ་དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ་ཁོང་ཀྱ་ལ་སྨྲས་བ་ལགས། མི་ཀྱ་ཡི་དཔོན་པོ་ཀྱ་དང་འགོ་ཁྲིད་ཀྱ། 9དི་རིང་འི་ཀིས་མི་ཞ་ཀྱོག་བ་གཅིག་ལ་ལས་ཀ་བཟང་པོ་གཅིག་བྱས་ཀྱིན་གོ་ལ། འོ་དེ་གང་གི་བྱས་རེ་བཅོས་ག་བྱུང་སོ་སྨྲས་རེ་དྲི་བ་བསྐུལ་ཡས་འེ་ཀྱ་ལ་འདི་རུ་འབོད་བ་ཡིན་ན། 10ཁྱེད་ཀྱ་དང་ཡིས་ར་ཨེལ་གྱི་མི་ཀྱ་གི་རི་ཡིས་ཧ་གོ་ར་ཤོག འདི་མི་ཞ་ཀྱོག་བ་འདི་ན་ཙ་རེད་ཀྱི་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་བཅོས་ག་བྱུང་བ་ལགས། ཁྱེད་རང་ཀྱ་ཡིས་ཁོང་པ་ལ་རྒྱང་ཤིང་ཁར་ལ་བརྐྱངས་པ་ལགས། ཡིན་ནའང་དཀོན་མཆོག་གིས་ཁོང་པ་ལ་འཆི་བ་ནས་གསོན་པོ་བཞེངས་བ་མཛད་པ་ལགས། 11གསུང་རབ་ལ་དེ་ལབ་དེ་ཁོང་པ་ཡི་སྐོར་ལ་རང་བྲིས་འོད་ད་ལགས།
ཁྱེད་རྩིག་པ་རྩིག་མཁན་ཀྱ་ཡིས་གཡུགས་ཏེ་བཞག་ཞ་རྡོ་གོང་གོ།
ད་ལྟ་ཟུར་རྡོ་གོ་བྱུང་འདུག#གསུང་མགུར། ༡༡༨:༢༢
12གཞན་མ་སུ་ནས་འང་ཐར་པ་མེད་འཐོབ་ཀྱི་ལགས། གི་བྱས་རེ་སྨྲ་ན་འོ་རི་ཐར་པ་ཡི་ཕྱིར་ལ་ཡེ་ཤུ་ཡི་མཚན་མ་ན། དཀོན་མཆོག་གིས་གཞན་མ་མིང་ནམ་མཁའི་ཞིང་ཁམས་འོག་ཏུ་མ་གནང་བ་ལགས།
13དེ་ནས་ཚོགས་པ་ཡི་མི་ཀྱ་ཡིས་པེ་ཏྲོ་དང་ཡོ་ཧ་ནན་ཆོས་མ་སྒྲོག་གྲ་དང་། མི་ཉམ་ཆུང་བྱུང་རེའང་། ཁོང་གཉིས་བོ་དམི་ཅིག་གི་སྙིང་ཆེ་བྱས་ཀྱིན་གོ་མཐོང་རེ་ཧང་སངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་དེ་གཉིས་བོ་ཡེ་ཤུ་མུ་ལ་བསྡད་པ་ལགས་སྨྲས་རེ་ཧ་གོ་པ་ལགས། 14ཡིན་ནའང་བཅོས་ག་བྱུང་བྱ་མི་ཞ་ཀྱོག་གོ་ལ་པེ་ཏྲོ་དང་ཡོ་ཧ་ནན་མུ་ལ་ལངས་རེ་བསྡད་ད་མཐོང་རེ། ཁོང་ཀྱ་ཡིས་གིའང་སྨྲ་མ་ཐུབ་པ་ལགས། 15འོ་བྱས་རེ་ཁོང་ཀྱ་ཡིས་དེ་གཉིས་བོ་ལ་ཕི་ལ་སོང་སྨྲས་རེ་བཀའ་གནང་རེ་ཁོ་རང་ཀྱ་ནང་དུ་གྲོས་བྱས་བ་ལགས། 16དེ་མི་གཉིས་བོ་ལ་འོ་རང་ཀྱ་གི་བྱེད་ཡས། གི་བྱས་རེ་སྨྲ་ན་དེ་ཀྱ་ནས་དངོས་གནས་ཀྱི་ཧང་སང་གིན་ལས་ཀ་གཅིག་བྱུང་བྱ་གོ། ཡེ་རུ་ཤ་ལེམ་གྱི་མི་མང་གི་རི་ལ་ཆ་བྱུང་ཚར་འདུག དེ་ནས་འོ་རང་གིས་འོ་དེ་ལས་ཀ་མ་བྱེད་འདུག་སྨྲས་རེ་སྨྲ་ཐུབ་ཡས་མེད་ད་ལགས། 17ཡིན་ནའང་འདི་ལབ་དེ་མི་མང་ཀྱ་ལ་མེད་བཀྲམ་ཡས་ཀྱི་ཆེད་དུ། དེ་ནས་ཧ་ལ་ཡང་ཡེ་ཤུའི་མཚན་ནས་མི་སུའི་མུ་ལ་ལབ་མ་བཏང་སྨྲས་རེ། དེ་ཀྱ་ལ་འཇིགས་སྐྲག་སྐུལ་དགོས་གུ་ལགས།
18འོ་བྱས་རེ་ཁོང་ཀྱ་ཡིས་ཁོང་གཉིས་བོ་ལ་སྐད་བཏང་རེ། ཡེ་ཤུའི་མིང་ནས་སུའི་མུ་ལ་ལབ་མ་བཏང་ཡང་ན་ཆོས་མ་བཤད་སྨྲས་རེ་བཀའ་སྟེར་པ་ལགས། 19ཡིན་ནའང་པེ་ཏྲོ་དང་ཡོ་ཧ་ནན་གྱིས་ཁོང་ཀྱ་ལ་ལན་བསློགས་པ་ལགས། འེ་ཀྱ་དཀོན་མཆོག་གི་ཁ་ལ་ཉན་ཡས་ཡང་ན་ཁྱེད་རང་ཀྱ་ཡི་ཁ་ལ་ཉན་ཡས། དཀོན་མཆོག་གི་དམིགས་བ་རུ་ག་རེ་གོ་དྲང་ང་ལེ། ཁྱེད་རང་ཀྱ་རང་ཐག་བཅད་རོགས་བྱེད། 20གི་བྱས་རེ་སྨྲ་ན་འེ་ཀྱ་ཡིས་མཐོང་ཐ་དང་ཧ་གོ་ག་ལབ་ཀྱ་མེད་སྨྲ་བསྡད་ཐུབ་ཡས་མིན་འདུག 21འོ་དུ་རུ་བྱུང་བྱ་ལབ་ཀྱི་སྐོར་ལ་མི་གི་རི་ཡིས་དཀོན་མཆོག་ལ་བསྟོད་སྒྲ་ཕུལ་རེ་བསྡད་འོད་ད་ལགས། འོ་བྱས་རེ་ཚོགས་པ་ཡི་མི་ཀྱ་ཡིས་ཁོང་གཉིས་བོ་ལ་གང་གི་བྱས་རེ་ཆད་པ་བཀལ་ཡས་སྨྲས་རེ་གྲོས་བྱེད་མ་ཐུབ་པ་ལགས། དེ་ནས་ཁོང་གཉིས་བོ་ལ་ཡོལ་ལེ་མང་ང་འཇིགས་སྐྲག་བསླངས་རེ་བོར་པ་ལགས། 22འོ་དེ་ཧང་སང་གིན་ལས་ཀ་ནས་བཅོས་ག་བྱུང་བྱ་མི་གོ་ལོ་བཞི་བཅུ་ནས་མང་ང་སླེབས་འོད་ད་ལགས།
དད་པ་བྱེད་མཁན་ཀྱ་ཡི་སྨོན་ལམ།
23པེ་ཏྲོ་དང་ཡོ་ཧ་ནན་འོ་དེ་ནས་ཐར་ཏེ། ཁོ་རི་རོགས་བ་ཀྱ་རྩ་རུ་འོངས་རེ་མཆོད་དཔོན་ཆེ་ཀྱ་དང་འགོ་ཁྲིད་ཀྱ་ཡིས་གསུངས་ས་ལབ་གི་རི་ཁོང་ཀྱ་ལ་བཤད་པ་ལགས། 24དེ་ནས་ཁོང་ཀྱ་ཡིས་འོ་དེ་ལབ་མཉན་ཏེ་ཁོང་ཀྱ་གི་རི་སྡེབ་གཅིག་ལ་དཀོན་མཆོག་ལ་སྨོན་ལམ་དེ་ཕུལ་བ་ལགས། གཙོ་བོ་དཀོན་མཆོག། ཁྱེད་རང་གིས་ནམ་མཁའི་ཞིང་ཁམས་དང་། འཛམ་བུ་གླིང་དང་། རྒྱ་མཚོ་དང་། དེ་ཀྱ་ལ་འོད་ཀྱིན་གི་རི་བཀོད་གནང་སོང་། 25ཁྱེད་རང་གིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་རང་གི་ཞབས་ཕྱི་འི་ཀི་མེ་མེ་དཱ་བིད་ཀྱི་ཐོག་ནས་གསུངས་སོང་།
ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་གི་བྱས་རེ་ཁོང་ཁྲོ་ལངས་ང་ལེ། དེ་ནས།
མི་ཀྱ་གི་བྱས་རེ་ཕན་མེད་ཐོགས་ཀྱིན་གྲོས་བཟོ་བ་ཡིན་གྲོའི།
26དེ་ནས་འཛམ་བུ་གླིང་གི་རྒྱལ་བོ་ཀྱ་དམག་འཐྲབ་ཡས་ལ་གྲ་སྒྲིག་བྱས་འདུག
དེ་ནས་ཁོང་ཀྱ་ཡིས་དཔོན་པོ་ཀྱ་མུ་ལ་རུབ་སྟེ།
གཙོ་བོ་དང་ཁོང་གིས་བདམས་ད་མཱ་ཤི་ཀའི་རྒྱབ་འགེལ་ལ་གྲོས་བྱས་འདུག#གསུང་མགུར། ༢:༡,༢
27མངོན་འདི་དངོས་གནས་ཀྱི་གྲུབ་སོང་། གི་བྱས་རེ་སྨྲ་ན་རྒྱལ་བོ་ཧེ་རོ་དཱེ་དང་། པོན་ཏིའུ་པི་ལ་ཏུ་དང་། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་དང་། ཡ་ཧུ་དཱ་པ་མི་ཀྱ་གི་རི་ཡེ་རུ་ཤ་ལེམ་དུ་ཁྱེད་རང་གིས་བདམས་ད་དམ་པའི་ཞབས་ཕྱི་ཡེ་ཤུ་ལ་ངོ་རྒོལ་བྱེད་ཡས་ལ་འཛོམས་སོང་། 28ཁྱེད་རང་གི་དབང་དང་འདོད་པ་ཡིས་བྱེད་རེ། འདི་མི་དེ་ཀྱ་ཡིས་ཁྱེད་རང་གིས་ཨེན་མ་ནས་མཛད་ཛ་འཆར་གཞི་གོ་གྲུབ་ཏུ་བཅུག་པ་ལགས། 29ད་གཙོ་བོ། ཁོང་ཀྱ་ཡི་འཇིགས་སྐྲག་སྐུལ་གྱིན་གོ་ལ་གཟིགས་བ་མཛད། ཁྱེད་རང་གི་གཡོག་པོ་ཀྱ་ལ་ཁྱེད་རང་གི་བཀའ་མི་འཇིགས་བ་བཤད་ཡས་ལ་ཤུགས་གནང་རོགས་གནང་། 30ཁྱེད་རང་གི་དམ་པའི་ཞབས་ཕྱི་ཡེ་ཤུ་ཡི་མཚན་ནས་ནད་པ་ཀྱ་བཅོས་ག་བྱེད་ཡས། དེ་ནས་ཧང་སང་གིན་ལས་ཀ་ཀྱ་བྱས་རེ་རྟགས་ཀྱ་སྟོན་ཡས་ལ་ཤུགས་གནང་རོགས་གནང་།
31ཁོང་ཀྱ་ཡིས་སྨོན་ལམ་བརྒྱབ་ཚར་ཏེ་གཤམ་ལ། ཁོང་ཀྱ་བསྡད་ས་ས་གོ་ལིང་ལིང་བྱས་བ་ལགས། དེ་ནས་ཁོང་གི་རི་དམ་པའི་ཐུགས་ཉིད་ཀྱིས་ཁངས་བ་ལགས། དེ་ནས་དཀོན་མཆོག་གི་བཀའ་བློ་ཁོག་ཆེ་བྱས་རེ་བཤད་པ་ལགས།
དད་པ་བྱེད་མཁན་ཀྱ་ཡི་རྒྱུ་གི་རི་པི་མ།
32དད་པ་བྱེད་མཁན་མི་ཀྱ་སེམས་དང་བསམ་བློ་གཅིག་བྱུང་རེ་མཐུན་ཏེ་བསྡད་པ་ལགས། ཁོང་ཀྱ་ཡི་རང་གི་རྒྱུ་ནོར་ཀྱ་ངའི་ཡིན་སྨྲས་རེ་སྨྲ་གིན་གཅིག་འང་མེད་ད་ལགས། རྒྱུ་ནོར་འོད་ཀྱིན་གི་རི་བགོས་རེ་པི་མ་བརྩིས་ལ་ལགས། 33སྐུ་ཚབ་ཀྱ་ཡིས་གཙོ་བོ་ཡེ་ཤུ་འཆི་བ་ནས་གསོན་པོ་བཞེངས་ཀྱིན་གྱི་སྐོར་ལ། དབང་ཆེའི་ཐོག་ནས་མི་ཀྱ་ལ་དཔང་པོ་བྱས་བ་ལགས། དེ་ནས་དཀོན་མཆོག་གི་ཐུགས་རྗེ་ཆེན་པོ་ཁོང་ཀྱ་ཡི་ཁར་ལ་མོད་ཆོ་ལི་བྱུང་བ་ལགས། 34ཚོགས་པ་ནང་དུ་འོད་མཁན་གི་རི་ལ་མེད་ཚང་གིན་མ་བྱུང་བ་ལགས། གི་བྱས་རེ་སྨྲ་ན་ས་དང་ཁང་པ་འོད་མཁན་ཀྱ་ཡིས་འོ་དེ་ཀྱ་ནས་རིང་འགའ་བཙོངས་རེ། 35དངུལ་གོ་སྐུ་ཚབ་ཀྱ་ལ་འབུལ་ལ་ལགས། དེ་ནས་སྐུ་ཚབ་ཀྱ་ཡིས་དགོས་ཀྱིན་མི་གི་རི་ལ་སྟེར་ར་ལགས།
36དེ་ནས་དད་པ་བྱེད་མཁན་ཀྱ་ནི་ས་ཡིབ་པུ་རུས་རྒྱལ་ཁབ་ཀྱི་ཡོ་སེབ་སྨྲ་གིན་ལེ་ཝི་མི་གཅིག་འོད་ད་ལགས། སྐུ་ཚབ་ཀྱ་ཡིས་ཁོའི་མིང་བར་ན་བཱ། (སེམས་ཤུགས་ཀྱི་བུ།) སྨྲས་རེ་བཏགས་པ་ལགས། 37ཁོས་ཁོ་རི་ཞིང་ཀྱ་ནས་གཅིག་བཙོངས་རེ། འོ་དེ་ཨ་ལེ་གོ་འཁྱེར་ཏེ་འོངས་རེ་སྐུ་ཚབ་ཀྱ་ཡི་གདོང་དུ་ཕུལ་བ་ལགས།།

Currently Selected:

མཛད་པ། 4: LOY

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in