YouVersion Logo
Search Icon

གོ༌ཟུག༌ 12

12
དཀོན༌མཆོག༌གི༌ ཨབ༌རམ༌མ༌ བོད༌ད༌ ཛདས༌།
12:1-9
1ཡ༌ཝ༌ དཀོན༌མཆོག༌གི༌ ཨབ༌རམ༌མ༌ མོལས༌, “རང༌ཡུལ༌, ཉེན༌གྲུང༌ དང༌ ཨ༌བའེ༌ ནང༌མི༌ གུན༌ ཕངས༌ཏེ༌ ངའེ༌ སྟན༌ཅེས༌ཅན༌ནི༌ ས༌ཆ༌བོའ༌ སོང༌། 2ངའེ༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ གྱལ༌ཁམས༌ ཀྲག༌པོ༌ཞིག༌ གྱུར༌ཅུག༌ཨིན༌, ཡང༌ ཁྱོ༌རང༌ང༌ ཅིན༌ལབས༌ ཏངས༌ཏེ༌ མིང༌ཅན༌ གྱུར༌ཅུག༌ཨིན༌། ཏེ༌ནེ༌ ཁྱོ༌རང༌ གྱུད༌ཏེ༌ ཞན༌མ༌གུན༌ལ༌ ཅིན༌ལབས༌ ཐོབ༌ཨིན༌། 3ཁྱོ༌རང༌ང༌ ཅིན༌ལབས༌ ཏང༌ཁན༌གུན༌ལ༌ ངའེ༌ ཅིན༌ལབས༌ ཏང༌ཨིན༌, ཡང༌ ཁྱོ༌རང༌ང༌ ངན༌ ཏབ༌ཁན༌གུན༌ལ༌ ངའེ༌ ངན༌ ཏབ༌ཨིན༌། ཇིག༌རྟེན༌པ༌ མི༌ཚང༌མ༌ལ༌ ཁྱོ༌རང༌ གྱུད༌ཏེ༌ ཅིན༌ལབས༌ ཐོབ༌ཨིན༌།”
4ཏེ༌ནེ༌ ཡ༌ཝའེ༌ མོལ༌ཁན༌ ནང༌ཞིན༌, ཨབ༌རམ༌ ཏེ༌ ནས༌ས༌བོ༌ ཕངས༌ཏེ༌ སོང༌, ཡང༌ ལོད༌དའང༌ ཁོ༌ ཉམ༌པོ༌ སོང༌། ཨབ༌རམ༌ ཧ༌རན༌ནེ༌ བིང༌ཏེ༌ ཆ༌ ཟ༌ནེ༌ ཁོའ༌ ལོ༌ 75 ཆའད༌པིན༌། 5ཁོའེ༌ ཁོ༌རང༌ངི༌ ན༌མ༌ སཱ༌རཱི༌, ཁོ༌རང༌ངི༌ ཚ༌འོ༌ ལོད༌, ཁོང༌གུན༌ནི༌ གྱུར༌ནོར༌ སགས༌ཁན༌ ཚང༌མ༌ ཡང༌ ཧ༌རན༌ནི༌ ནང༌ང༌ ཉོས༌ཁན༌ནི༌ སེམས༌ཅན༌ དང༌ ཚེ༌ཡོག༌ གུན༌ ཁྲིད༌ཏེ༌, ཀེ༌ནན༌ནི༌ ས༌ཆའ༌ སོང༌། ཀེ༌ནན༌ལ༌ ལེབ༌བ༌ཅིག༌, 6ཨབ༌རམ༌ དང༌ ཁོའེ༌ ཕྲོ༌པ༌ ཚང༌མ༌ ཤེ༌ཀེམ༌མི༌ གྲོང༌སེབ༌ ཚོག༌པ༌ སོང༌, ཏེ༌རུ༌ ཁོང༌ མོ༌རེཧ༌ ཨིན༌ཁན༌ནི༌ མིང༌ཅན༌ ལྕང༌མའེ༌ ཉེ༌མོའ༌ ཏུས༌བན༌ཤིག༌ ནས༌ཏེ༌ དུགས༌། ༼ཏེ༌ཏུས༌ལ༌ ཀེ༌ནན༌པ༌གུན༌ ཏེ༌ ས༌ཆའེ༌ ནང༌ང༌ དུག༌གད༌པིན༌།༽
7ཏེ༌ནེ༌ ཨབ༌རམ༌མ༌ ཡ༌ཝ༌ ཇལ༌, ཡང༌ ཁོང༌ངི༌ མོལ༌ལ༌ ཛདས༌, “ངའེ༌ འི༌ ས༌ཆ༌བོ༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ལ༌ ཏང༌ཨིན༌།” ཏེན༌ན༌བོའེ༌ཕིའ༌ ཨབ༌རམ༌མི༌ ཁོའ༌ ཇལ༌ཁན༌ནི༌ ཡ༌ཝའ༌ ཆོད༌པ༌ ཕུལ༌ཅེས༌ལ༌ ཆོད༌ཁྲི༌ཞིག༌ རྩིགས༌། 8སྟིང༌ནེ༌ ཨབ༌རམ༌ ཏེ༌ཀ༌ནེ༌ ལྷོ༌ ཆོགས༌ལ༌ སོང༌, ཡང༌ ནུབ༌ ཆོགས༌ལ༌ བེ༌ཐེལ༌ལི༌ གྲོང༌ཁྱེར༌ དང༌ ཤར༌ ཆོགས༌ལ༌ ཨའི༌ གྲོང༌ཁྱེར༌ ཉིས༌ཀོའེ༌ པར༌རི༌ རི༌ཡུལ༌ཞིག༌གི༌ ནང༌ང༌ ཚུགས༌ཏེ༌ དུགས༌། ཏེ༌རུ༌ ཁོའེ༌ ཆོད༌ཁྲི༌ཞིག༌ རྩིགས༌ཏེ༌ དཀོན༌མཆོག༌ག༌ ཡ༌ཝ༌ ཟེར༌ཨིན༌ ཅོལ༌ཅེས༌ གོ༌ཟུགས༌། 9ཏེ༌ ནས༌ས༌ནེ༌ བིང༌ཏེ༌ ཏུས༌ མང༌པོའེ༌ སྟིང༌ནེ༌ ཨབ༌རམ༌ ནེ༌གེཝ༌ ཟེར༌ཁན༌ནི༌ ས༌ཆ༌ ལེབ༌།
ཨི༌ཇིབ༌བི༌ ནང༌ང༌ ཨབ༌རམ༌ དང༌ སཱ༌རཱི༌
12:10-20
10ཏེ༌ཏུས༌ལ༌ ཀེ༌ནན༌ནི༌ ནང༌ང༌ མུ༌གེ༌ ཡོངས༌། ཨབ༌རམ༌ ཐུར༌ ཆོགས༌ལ༌ ཨི༌ཇིབ༌བི༌ ཡུལ༌ལ༌ དུག༌ཅེས༌སི༌ ཕིའ༌ ཆ༌གོས༌ ཅིའ༌ཟེར༌ན༌ མུ༌གེ༌ མ༌སྲན༌ཏྲེ༌ ཡོངས༌ཏེ༌ ཡོད༌པིན༌། 11ཨི༌ཇིབ༌བི༌ ནང༌ང༌ ལེབ༌ཀྱིས༌ལ༌ ཁོའེ༌ ཁོ༌རང༌ངི༌ ན༌མ༌ ཟེརས༌, “སཱ༌རཱི༌ ཁྱོ༌རང༌ བུ༌མོ༌ མ༌ ལྡེ༌མོ༌ ཡོད༌ཅེས༌པོའེ༌, 12ཨི༌ཇིབ༌པ༌གུན༌ནི༌ ཁྱོ༌རང༌ ཐོང༌ང༌ཅིག༌, ‘ཁྱོ༌རང༌ ངའེ༌ ན༌མ༌ ཨིན༌ནོག༌’ སམས༌ཏེ༌ ང༌ སད༌ད༌ནོག༌ ཨིན༌ནའང༌ ཁྱོ༌རང༌ སོན༌ཏེའ༌ བོར༌ར༌ནོག༌། 13ཁྱོ༌རང༌ངི༌ ཞས༌ཏེ༌ ང༌ མ༌སད༌ད༌ གྱལ༌ལ༌ ཅོ༌ཅེས༌སི༌ ཕིའ༌ ཁོང༌གུན༌ལ༌ ‘ཁྱོ༌རང༌ ངའེ༌ སྲིང༌མོ༌ ཨིན༌ ཟེར༌།’”
14ཨབ༌རམ༌ ཨི༌ཇིབ༌བི༌ ཡུལ༌ལ༌ ལེབ༌བ༌ཅིག༌, ཨི༌ཇིབ༌པ༌གུན༌ནི༌ སཱ༌རཱི༌ མ༌ བུ༌མོ༌ ལྡེ༌མོ༌ཞིག༌ ཡོད༌ཁན༌བོ༌ ཐོང༌། 15ཨི༌ཇིབ༌བི༌ གྱལ༌པོ༌ ཕེ༌རོའེ༌ སྤོན༌བོ༌གུན༌ནི༌ སཱ༌རཱི༌ ཐོང༌ཏེ༌, ཁོང༌གུན༌ནི༌ གྱལ༌པོའ༌ ཁོ༌ ཙམ༌ཤིག༌ ལྡེ༌མོ༌ ཡོད༌ཁན༌བོའེ༌ སྐོར༌ལ༌ ཤདས༌། ཡང༌ སཱ༌རཱི༌ གྱལ༌པོའེ༌ ཁར༌ལ༌ ཁྲིད༌ཏེ༌ ཁྱེརས༌། 16སཱ༌རཱི༌ ཞས༌ཏེ༌, གྱལ༌པོའེ༌ ཨབ༌རམ༌མ༌ སྙིང༌རྗེ༌ སྟནས༌ ཡང༌ ཁོའ༌ སྐྱེས༌ མང༌པོ༌ ཏངས༌, སྤེར༌ན༌ ལུག༌, ར༌མ༌, བ༌ལང༌, བུང༌བུ༌ ཕོ༌ དང༌ མོ༌, རྔ༌བོང༌ དང༌ ཚེ༌ཡོག༌ བུ༌མོ༌ དང༌ བུ༌ཚ༌ གུན༌།
17ཨིན༌ནའང༌ ཡ༌ཝའེ༌ གྱལ༌པོ༌ དང༌ ཁོའེ༌ ནང༌ཚངས༌ ཚང༌མ༌ལ༌ ཟུ༌མོ༌ མ༌ ཇིགས༌ནང༌ཅན༌ རིག༌ ཡོང༌ ཅུག༌ག༌ ཛདས༌, ཅིའ༌ཟེར༌ན༌ གྱལ༌པོའེ༌ ཨབ༌རམ༌མི༌ ན༌མ༌ སཱ༌རཱི༌, ན༌མ༌ ཅོ༌ཅེས༌ལ༌ ཁྱེར༌ཏེ༌ ཨིན༌པིན༌། 18ཏེན༌ན༌བོའེ༌ཕིའ༌ ཕེ༌རོའེ༌ ཨབ༌རམ༌མ༌ བོད༌ཏེ༌ ཟེརས༌, “ཁྱོ༌རང༌ངི༌ ངའ༌ འི༌བོ༌ ཅིའ༌ ཅོས༌ཏེ༌ ཨིན༌? ཁོ༌ ཁྱོ༌རང༌ངི༌ ན༌མ༌ ཨིན༌ ཟེར༌ཏེ༌ ང༌ ཅི༌ཕིའ༌ ཁྱོ༌རང༌ངི༌ མ༌ཤད༌པིན༌? 19ཁོ༌ ཁྱོ༌རང༌ངི༌ སྲིང༌མོ༌ ཨིན༌ ཟེར༌པ༌, ངའེ༌ ཁོ༌ ང༌རང༌ངི༌ ན༌མ༌ ཅོ༌ཅེས༌ལ༌ ཁྱེར༌པིན༌། ཅི༌ཕིའ༌ ཁྱོ༌རང༌ངི༌ ཏེ༌ཟུག༌ ཟེར༌པིན༌? ཡའ༌, ཁྱོ༌རང༌ངི༌ ན༌མ༌ ཁྲིད༌ཏེ༌ སོང༌!” 20གྱལ༌པོའེ༌ ཁོ༌རང༌ངི༌ མག༌མི༌ སྤོན༌བོ༌གུན༌ལ༌ བཀའ༌ ཏངས༌པ༌ ཁོང༌གུན༌ནི༌ ཨབ༌རམ༌ དང༌ ཁོའེ༌ ན༌མ༌, ཁོང༌གུན༌ནི༌ ནོར༌གུན༌ ཉམ༌པོ༌ ཨི༌ཇིབ༌བི༌ ཡུལ༌ནེ༌ ཕི༌ལོག༌ག༌ ལམ༌ཅུགས༌།

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in