1
བཀོད་པ། 9:12-13
New Tibetan Bible བོད་འགྱུར་གསར་མ།
ཡང་དཀོན་མཆོག་གིས་འདི་སྐད༌དུ། བདག་གིས་ཁྱོད་དང་ཁྱོད་ཅག་དང་མཉམ་དུ་ཡོད་པའི་སྲོག་ཆགས་ཐམས་ཅད༌དང༌། མི་རབས་ཕྱི་མ་ཐམས་ཅད་ལ་ཁ་ཆད་ཀྱི་རྟགས་ཤིག་བཀོད་ཡོད༌དེ། བདག་གིས་འཇའ་ཚོན་ནི་སྤྲིན་ཕུང་ནང་དུ་བཞག༌ཅིང༌། དེ་ནི་བདག་དང་ས་གཞིའི་བར་དུ་ཁ་ཆད་བཞག་པའི་རྟགས་སུ་བྱས་པ༌ཡིན།
Compare
Explore བཀོད་པ། 9:12-13
2
བཀོད་པ། 9:16
འཇའ་ཚོན་ནི་སྤྲིན་གྱི་ནང་དུ་འཆར་ངེས་པ་དང་བདག་གིས་དེ་མཐོང་བ༌ན། བདག་གིས་སྲོག་དང་ལྡན་པ་ཐམས་ཅད་ཀྱི་བར་དུ་བཞག་པའི་དུས་གཏན་གྱི་ཁ་ཆད་དེ་དྲན་པར་ངེས་ཞེས་གསུངས༌སོ།།
Explore བཀོད་པ། 9:16
3
བཀོད་པ། 9:6
ཡང་སུ་ཞིག་གིས་མི་བསད༌ན། ལག་དམར་དེའི་སྲོག་ཀྱང་མི་གཞན་གྱིས་ལེན་དགོས༌སོ། །ཅིའི་ཕྱིར་ཞེ༌ན། དཀོན་མཆོག་གིས་མིའི་རིགས་བསྐྲུན་པ་ནི་རང་གི་སྣང་བརྙན་ལྟར་བསྐྲུན་པའི་ཕྱིར༌རོ།།
Explore བཀོད་པ། 9:6
4
བཀོད་པ། 9:1
དེ་ནས་དཀོན་མཆོག་གིས་ནོ་ཨ་དང་ཁོའི་བུ་རྣམས་ལ་བྱིན་གྱིས་བརླབས་ཏེ་འདི་སྐད༌དུ། ཁྱོད་རྣམས་ཀྱིས་རྒྱུད་དང་ལྡན་པར་གྱུར་ནས་མང་དུ་སྤེལ་ཏེ་ས་གཞིར་གང་བར་གྱིས༌ཤིག
Explore བཀོད་པ། 9:1
5
བཀོད་པ། 9:3
སྲོག་ཆགས་ཐམས་ཅད་ཁྱོད་རྣམས་ཀྱིས་ཟས་སུ་བྱོས༌དང༌། འདི་ཐམས་ཅད་ནི་སྔོན་ལ་སྔོ་ཚལ་སྤྲད་པ་བཞིན་དུ་བདག་གིས་ཁྱོད་ཅག་ལ་སྦྱིན་པ་ཡིན༌ནོ།།
Explore བཀོད་པ། 9:3
6
བཀོད་པ། 9:2
བདག་གིས་ས་སྟེང་དུ་རྒྱུ་བའི་དུད་འགྲོ༌དང༌། ནམ་མཁའི༌བྱ། ས་སྟེང་གི་ལྟོ་འགྲོ་དང་འབུ་སྲིན་དང་རྒྱ་མཚོའི་ཉ་ཐམས་ཅད་ཁྱོད་ཅག་ལ་དབང་བར་བྱས༌ཤིང༌། དེ་རྣམས་ཁྱོད་ཅག་ལ་འཇིགས་ཤིང་སྐྲག་པར་གྱུར༌ཅིག
Explore བཀོད་པ། 9:2
7
བཀོད་པ། 9:7
ཡང་ཁྱོད་རྣམས་ཀྱིས་རྒྱུད་དང་ལྡན་པར་གྱུར་ནས་མང་དུ་སྤེལ་ཏེ་ས་སྟེང་དུ་དར་ཞིང་རྒྱས་པར་གྱིས་ཞེས་གསུངས༌སོ།།
Explore བཀོད་པ། 9:7
Home
Bible
Plans
Videos