བཀོད་པ། 9:12-13
བཀོད་པ། 9:12-13 NTB
ཡང་དཀོན་མཆོག་གིས་འདི་སྐད༌དུ། བདག་གིས་ཁྱོད་དང་ཁྱོད་ཅག་དང་མཉམ་དུ་ཡོད་པའི་སྲོག་ཆགས་ཐམས་ཅད༌དང༌། མི་རབས་ཕྱི་མ་ཐམས་ཅད་ལ་ཁ་ཆད་ཀྱི་རྟགས་ཤིག་བཀོད་ཡོད༌དེ། བདག་གིས་འཇའ་ཚོན་ནི་སྤྲིན་ཕུང་ནང་དུ་བཞག༌ཅིང༌། དེ་ནི་བདག་དང་ས་གཞིའི་བར་དུ་ཁ་ཆད་བཞག་པའི་རྟགས་སུ་བྱས་པ༌ཡིན།