1
བཀོད་པ 15:6
Tibetan Old Testament 2011
ཨབ་རམ་གྱིས་གཙོ་བོ་དཀོན་མཆོག་ལ་བློ་བཅོལ་ལོ། གཙོ་བོ་དཀོན་མཆོག་ཁོ་དང་ཐུགས་དགྱེས་ནས་ཁོ་ལ་ངོས་ལེན་གནང་ངོ་།
ஒப்பீடு
བཀོད་པ 15:6 ஆராயுங்கள்
2
བཀོད་པ 15:1
དེའི་རྗེས་སུ་ཨབ་རམ་གྱིས་ཞལ་གཟིགས་ཞིག་མཐོང་བའི་ནང་། དཀོན་མཆོག་གིས། ཨབ་རམ་ལ་མ་འཇིགས་ཤིག། ངས་ཁྱོད་ལ་ཉེན་ཁ་ཐམས་ཅད་ལས་སྲུང་སྟེ་བྱ་དགའ་ཆེན་པོ་ཞིག་སྟེར་བར་བྱ་ཞེས་གསུངས་སོ།
བཀོད་པ 15:1 ஆராயுங்கள்
3
བཀོད་པ 15:5
ཁོང་གིས་ཁོ་ལ་ཕྱི་རོལ་དུ་འཁྲིད་དེ། ནམ་མཁར་བལྟས་ཏེ་སྐར་མ་རྣམས་རྩིས་ཤིག དེ་ལྟར་ཁྱོད་ཀྱི་རིགས་བརྒྱུད་འབྱུང་བར་འགྱུར་གསུངས་སོ།
བཀོད་པ 15:5 ஆராயுங்கள்
4
བཀོད་པ 15:4
གཙོ་བོ་དཀོན་མཆོག་གིས་འདི་ལྟར་གསུངས་པ་ཁོང་གིས་ཐོས་སོ། བྲན་གཡོག་ཨེ་ལི་ཨེ་ཛེར་ཁྱོད་ཀྱི་ནོར་བདག་ཏུ་འགྱུར་མི་ཡོང་། ཁྱོད་ཀྱི་བུ་དེའི་ནོར་བདག་ཏུ་འགྱུར་ཡོང་།
བཀོད་པ 15:4 ஆராயுங்கள்
5
བཀོད་པ 15:13
གཙོ་བོ་དཀོན་མཆོག་གིས་ཁོ་ལ་གསུངས་པ། ཁྱོད་ཀྱི་མི་བརྒྱུད་རྣམས་ནི་གཞན་གྱི་ཡུལ་དུ་ཕྱི་མི་རྣམས་འབྱུང་ཡོང་། དེར་ཁོང་ཚོས་བྲན་གཡོག་བྱས་ཏེ་ལོ་ ༤༠༠ བར་ཁོང་ཚོར་དབང་གནོན་བྱེད་ཡོང་།
བཀོད་པ 15:13 ஆராயுங்கள்
6
བཀོད་པ 15:2
འོན་ཀྱང་ཨབ་རམ་གྱིས་ལན་དུ། བླ་ན་མེད་པའི་གཙོ་བོ་དཀོན་མཆོག་ལགས་ང་ལ་ཕྲུ་གུ་གཅིག་ཀྱང་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་བྱ་དགའ་དེ་ང་ལ་ཕན་ཐོག་མི་ཡོང་། དྷ་མསེ་ཀསེ་ཀྱི་ཨེ་ལི་ཨེ་ཛེར་ཞེས་པ་ནི་ངའི་ནོར་བདག་གཅིག་པོ་དེ་ཡིན་ནོ།
བཀོད་པ 15:2 ஆராயுங்கள்
7
བཀོད་པ 15:18
དེ་མ་ཉིད་དུ་དཀོན་མཆོག་གིས་ཨབ་རམ་དང་དམ་བཅའ་མཛད་དེ་ཁོང་གིས་གསུངས་པ། ཨི་ཇིབ་ཀྱི་ས་མཚམས་ནས་ཡུབ་རད་གཙང་པོ་ཆེན་པོའི་བར་དུ་ཡོད་པའི།
བཀོད་པ 15:18 ஆராயுங்கள்
8
བཀོད་པ 15:16
མི་རབས་བཞིའི་རྗེས་སུ་ཁྱོད་ཀྱི་མི་བརྒྱུད་རྣམས་ས་གནས་འདིར་ཡོང་བར་འགྱུར། གང་ལ་ཟེར་ན། ཨ་མོར་པ་རྣམས་ཀྱི་ལས་ངན་ཐམས་ཅད་མ་སྒྲུབ་བར་དུ་ངས་དེ་ཚོ་ལ་དེད་པར་མི་འགྱུར་གསུངས་སོ།
བཀོད་པ 15:16 ஆராயுங்கள்
முகப்பு
வேதாகமம்
வாசிப்புத் திட்டங்கள்
காணொளிகள்