ལོ་ཀུ 10:36-37

ལོ་ཀུ 10:36-37 NTB

དེས་ན་ཁྱོད་ཀྱིས་སོམས༌དང༌། མི་དེ་གསུམ་ལས་ཇག་པའི་ལག་ཏུ་ཤོར་བའི་མི་དེའི་ཁྱིམ་མཚེས་སུ་ཡིན་ནམ་ཞེས་གསུངས་པ༌ན། ཁོ་ན༌རེ། རྨས་མ་ལ་སྙིང་རྗེ་བྱེད་མཁན་དེ་ཡིན་ཞེས་ཞུས་པ༌དང༌། སྐྱབས་མགོན་ཡེ་ཤུས་ཁྱོད་རང་ཡང་སོང་ནས་དེ་ལྟར་བྱོས་ཤིག་ཅེས་གསུངས༌སོ།།