1
མེ་ཐིའུ་ལེའུ་ 16:24
རྫོང་ཁ་
དེ་ལས་ཡེ་ཤུ་གིས་སློབ་མ་ཚུ་ལུ་ ག་ར་འབད་རུང་ ངེ་གི་སློབ་མ་སྦེ་འོང་དགོ་མནོ་བ་ཅིན་ མི་དེ་གིས་ཨིན་ཅི་མིན་ཅི་ རང་གིས་རང་ལུ་སྤངས་ ཁོ་རང་གི་ཁྲམ་ཤིང་འབག་སྟེ་ ངེ་གི་ཤུལ་ལས་འོང་དགོ།
Compară
Explorează མེ་ཐིའུ་ལེའུ་ 16:24
2
མེ་ཐིའུ་ལེའུ་ 16:18
ང་གིས་ཁྱོད་ལུ་དོན་ལས་རང་སླབ་དོ་ ཁྱོད་ཀྱི་མིང་ པེ་ཏྲོ་ཨིན་ ཨ་ནི་ཁྱོད་ཀྱིས་སླབ་མི་འདི་ རྡོ་བཟུམ་གཅིག་དེ་གུ་ ང་གིས་ངེ་གི་ཆོས་ཚོགས་བརྐྱབ་ནི་ཨིན་ དེ་ལས་ཆོས་ཚོགས་ཀྱི་རྒྱལ་ཁ་ཐོབ་ཡོད་མི་ལས་ གཤིན་ཡུལ་གྱིས་རྒྱབ་འགལ་འབད་མི་ཚུགས།
Explorează མེ་ཐིའུ་ལེའུ་ 16:18
3
མེ་ཐིའུ་ལེའུ་ 16:19
ད་ང་གིས་ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་ལྡེ་མིག་ཚུ་ ཁྱོད་ལུ་སྤྲོད་ནི་ཨིན་ ཁྱོད་ཀྱིས་འཛམ་བུ་གླིང་ནང་ལུ་ག་ཅི་ར་བསྡམ་རུང་ འདི་ཡར་ཞིང་ཁམས་ལུ་བསྡམ་ནི་ཨིན་ དེ་ལས་ཁྱོད་ཀྱི་འཛམ་བུ་གླིང་ནང་ག་ཅི་ར་འཁྱོལ་རུང་ དེ་ཡར་ཞིང་ཁམས་ལུ་ཡང་འཁྱོལ་ནི་ཨིན་ཟེར་གསུངས་ཞིནམ་ད།
Explorează མེ་ཐིའུ་ལེའུ་ 16:19
4
མེ་ཐིའུ་ལེའུ་ 16:25
ག་ཅི་སྨོ་ཟེར་བ་ཅིན་ ག་ར་འབད་རུང་ རང་གི་མི་ཚེ་ཕངས་པ་ཅིན་ དེ་གིས་འཕྲོ་བརླག་གཏང་ནི་ཨིན་ དེ་འབདཝ་ད་ ག་ར་འབད་རུང་ རང་གི་མི་ཚེ་ངེ་གི་དོན་ལུ་བློས་གཏང་པ་ཅིན་ འདི་གིས་མི་ཚེ་ངོ་མ་ཐོབ་ཨིན།
Explorează མེ་ཐིའུ་ལེའུ་ 16:25
5
མེ་ཐིའུ་ལེའུ་ 16:26
ག་དེམ་ཅིག་སྦེ་ མི་གཅིག་གིས་འཛམ་བུ་གླིང་གི་དབང་ཚད་ག་ར་ཐོབ་སྟེ་འབད་རུང་ རང་གི་མི་ཚེ་འདི་འཕྲོ་བརླག་གཏང་པ་ཅིན་ འདི་ལུ་ཁེ་སང་ག་ཅི་ཡོདཔ་སྨོ་ མི་ཚེ་འདི་ལོག་སྟེ་ག་དེ་སྦེ་ཐོབ་ཚུགས་ནི་སྨོ།
Explorează མེ་ཐིའུ་ལེའུ་ 16:26
6
མེ་ཐིའུ་ལེའུ་ 16:15-16
དེ་འབདཝ་ད་ཡེ་ཤུ་གིས་ ཁྱེད་ཀྱིས་འབད་བ་ཅིན་ང་ག་སྨོ་ཟེར་གསུངསམ་ད། དེའི་ལན་ལུ་ སི་མཱོན་པེ་ཏྲོ་གིས་ ནཱ་གསོན་པོའི་དཀོན་མཆོག་གི་སྲས་ དཀོན་མཆོག་གིས་བཙག་འཐུ་མཛད་མི་ཁིརཱིས་ཨིན་མས་ཟེར་ཞུ་ནུག
Explorează མེ་ཐིའུ་ལེའུ་ 16:15-16
7
མེ་ཐིའུ་ལེའུ་ 16:17
དེའི་ལན་ལུ་ ཡེ་ཤུ་གིས་ བཱར་ཡོ་ན་གི་བུ་ སི་མཱོན་ ཁྱོད་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནི་འདི་མི་ལས་མེན་ དེ་འབདཝ་ད་ ཞིང་ཁམས་ལུ་བཞུགས་ཡོད་མི་ ངེ་གི་ཡབ་ཀྱིས་ཁྱོད་ལུ་སྟོན་གནང་གནངམ་ཨིན།
Explorează མེ་ཐིའུ་ལེའུ་ 16:17
Acasă
Biblia
Planuri
Videoclipuri