གོ༌ཟུག༌ 5
5
ཨ༌དམ༌མི༌ པུར༌གྱུད༌།
5:1-32
1འི༌བོ༌ ཨ༌དམ༌མི༌ པུར༌གྱུད༌གུན༌ནི༌ སྐོར༌ལ༌ བྲིས༌ཁན༌ནི༌ ཐོ༌ ཨིན༌ནོག༌། དཀོན༌མཆོག༌གི༌ མི༌ ཛད༌ ཟ༌ནེ༌, ཁོང༌ངི༌ མི༌གུན༌ ཁོང༌རང༌ ཙོགས༌ ཛདས༌། 2ཏེ༌གུན༌ ཁོང༌ངི༌ བུ༌ཚ༌ དང༌ བུ༌མོ༌ ཛད༌ཏེ༌ ཅིན༌ལབས༌ སལ༌ལ༌ ཛདས༌། ཡང༌ ཏེ༌གུན༌ ཛད༌ ཚར༌ར༌ཅིག༌, མི༌ ཟེར༌ཏེ༌ མིང༌ ཏག༌ག༌ ཛདས༌།
3ཨ༌དམ༌མ༌ ལོ༌ 130 ཆ༌ ཟ༌ནེ༌ ཁོ༌, ཁོ༌རང༌ངི༌ ཡིབས༌ དང༌ཙོགས༌ ཡོད༌ཁན༌ནི༌ ཕྲུ༌གུ༌ཞིག༌གི༌ ཨ༌བ༌ གྱུར༌། ཁོའེ༌ ཁོ༌རང༌ངི༌ བུ༌ཚ༌བོའ༌ སེད༌ མིང༌ང༌ ཏགས༌། 4སེད༌ སྐྱེས༌ཏེ༌ སྟིང༌ནེ༌, ཨ༌དམ༌ ཡང༌ ལོ༌ 800 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 5ཨ༌དམ༌ ལོ༌ 930 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
6སེད༌ལ༌ ལོ༌ 105 ཆ༌ ཟ༌ནེ༌ ཁོ༌, ཨེ༌ནོཤ༌ཤི༌ ཨ༌བ༌ གྱུར༌། 7ཨེ༌ནོཤ༌ སྐྱེས༌ཏེ༌ སྟིང༌ནེ༌, སེད༌ ཡང༌ ལོ༌ 807 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 8སེད༌ ལོ༌ 912 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
9ཨེ༌ནོཤ༌ལ༌ ལོ༌ 90 ཆའ༌ ཟ༌ནེ༌ ཁོ༌, ཀེ༌ནན༌ནི༌ ཨ༌བ༌ གྱུར༌། 10ཀེ༌ནན༌ སྐྱེས༌ཏེ༌ སྟིང༌ནེ༌ ཨེ༌ནོཤ༌, ཡང༌ ལོ༌ 815 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 11ཨེ༌ནོཤ༌ ལོ༌ 905 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
12ཀེ༌ནན༌ལ༌ ལོ༌ 70 ཆ༌ ཟ༌ནེ༌, ཁོ༌ མ༌ཧ༌ལ༌ལེལ༌ལི༌ ཨ༌བ༌ གྱུར༌། 13མ༌ཧ༌ལ༌ལེལ༌ སྐྱེས༌ཏེ༌ སྟིང༌ནེ༌ ཀེ༌ནན༌, ཡང༌ ལོ༌ 840 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 14ཀེ༌ནན༌ ལོ༌ 910 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
15མ༌ཧ༌ལ༌ལེལ༌ལ༌ ལོ༌ 65 ཆ༌ ཟ༌ནེ༌, ཁོ༌ ཡེ༌རེད༌དི༌ ཨ༌བ༌ གྱུར༌། 16ཡེ༌རེད༌ སྐྱེས༌ཏེ༌ སྟིང༌ནེ༌ མ༌ཧ༌ལ༌ལེལ༌ ཡང༌ ལོ༌ 830 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 17མ༌ཧ༌ལ༌ལེལ༌ ལོ༌ 895 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
18ཡེ༌རེད༌ལ༌ ལོ༌ 162 ཆ༌ ཟ༌ནེ༌, ཁོ༌ ཨེ༌ནོག༌གི༌ ཨ༌བ༌ གྱུར༌། 19ཨེ༌ནོག༌ སྐྱེས༌ཏེ༌ སྟིང༌ནེ༌ ཡེ༌རེད༌ ཡང༌ ལོ༌ 800 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 20ཡེ༌རེད༌ ལོ༌ 962 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
21ཨེ༌ནོག༌ག༌ ལོ༌ 65 ཆ༌ ཟ༌ནེ༌ ཁོ༌ མ༌ཐུ༌ཤེ༌ལག༌གི༌ ཨ༌བ༌ གྱུར༌། 22མ༌ཐུ༌ཤེ༌ལག༌ སྐྱེས༌ཏེ༌ སྟིང༌ནེ༌ ལོ༌ 300 ཨེ༌ནོག༌གི༌ བྲེལ༌ དཀོན༌མཆོག༌ ཉམ༌པོ༌ མ༌ ཉེ༌མོ༌ ཡོད༌པིན༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 23ཨེ༌ནོག༌ ལོ༌ 365 སོན༌ཏེའ༌ ལུས༌། 24དཀོན༌མཆོག༌ དང༌ ཉེ༌མོ༌ བྲེལ༌ ཡོད༌དི༌ ཏུས༌, ཞག༌ཤིག༌ ཨེ༌ནོག༌ སྟོར༌ སོང༌, ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཁོ༌ ཁོང༌རང༌ ཡོད༌ས༌ ཁྱེར༌ར༌ ཛདས༌།
25མ༌ཐུ༌ཤེ༌ལག༌ག༌ ལོ༌ 187 ཆ༌ ཟ༌ནེ༌ ཁོ༌ ལ༌མེག༌གི༌ ཨ༌བ༌ གྱུར༌། 26ལ༌མེག༌ སྐྱེས༌ཏེ༌ སྟིང༌ནེ༌ མ༌ཐུ༌ཤེ༌ལག༌, ཡང༌ ལོ༌ 782 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 27མ༌ཐུ༌ཤེ༌ལག༌ ལོ༌ 969 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
28ལ༌མེག༌ག༌ ལོ༌ 182 ཆ༌ ཟ༌ནེ༌, ཁོ༌ བུ༌ཚ༌ཞིག༌གི༌ ཨ༌བ༌ གྱུར༌། 29ལ༌མེག༌གི༌ ཁོ༌རང༌ངི༌ བུ༌ཚའ༌ ནོ༌ཨ༌ མིང༌ང༌ ཏགས༌ཏེ༌, ཟེརས༌, “འི༌ བུ༌ཚ༌བོའེ༌ ང༌དང༌གུན༌, དཀོན༌མཆོག༌གི༌ ངན༌ ཏབ༌བ༌ ཛད༌ཁན༌ནི༌, འི༌ ས༌ཀྱད༌པོ༌ བད༌ཅེས༌སི༌ ནགས༌ དང༌ བར༌དོ༌ གུན༌ནི༌ ཀ༌ནེ༌ ཐར༌ཅུག༌ག༌ནོག༌།” 30ནོ༌ཨ༌ སྐྱེས༌ཏེ༌ སྟིང༌ནེ༌ ལ༌མེག༌ ཡང༌ ལོ༌ 595 སོན༌ཏེའ༌ ལུས༌། ཁོའ༌ ཞན༌ཡང༌ ཕྲུ༌གུ༌, བུ༌ཚ༌ དང༌ བུ༌མོ༌ གུན༌ ཡོད༌པིན༌། 31ལ༌མེག༌ ལོ༌ 777 སོན༌ཏེའ༌ ལུས༌ ཏེ༌ནེ༌ ཤི༌།
32ནོ༌ཨ༌ ལོ༌ 500 ཆའད༌པིན༌ ནམ༌, ཁོ༌ ཤེམ༌, ཧེམ༌ དང༌, ཡབ༌ཕེད༌ གུན༌ནི༌ ཨ༌བ༌ གྱུར༌།
Atualmente selecionado:
གོ༌ཟུག༌ 5: lbj
Destaque
Partilhar
Copiar
Quer salvar os seus destaques em todos os seus dispositivos? Faça o seu registo ou inicie sessão
© Wycliffe Bible Translators, Inc. All rights reserved.