Akara Njirimara YouVersion
Akara Eji Eme Ọchịchọ

མད་ཐཱ། 1:18-19

མད་ཐཱ། 1:18-19 CTB

ཡེ་ཤུ་མཱ་ཤི་ཀ་འཁྲུངས་པའི་ལོ་རྒྱུས་འདི་ལྟར་ཡིན་ཏེ། ཁོང་གི་ཡུམ་མིར་ཡམ་དང་ཡོ་སེབ་གཉེན་སྒྲིག་བྱེད་རྒྱུའི་ཐག་བཅད་ཟིན་ཡང༌། ཁོ་གཉིས་མཉམ་དུ་མ་འདུས་པའི་གོང་དུ་མིར་ཡམ་གྱིས་རང་ཉིད་ལ་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་ཡིས་མངལ་དང་ལྡན་པར་གྱུར་བར་ཤེས། རང་གི་ཁྱོ་བོ་ཡོ་སེབ་ནི་མི་དྲང་ལྡན་ཞིག་ཡིན་པས། ཁོང་གིས་མིར་ཡམ་ལ་མིང་གྲགས་ངན་པ་བཟོ་མ་འདོད་པར་ཁ་ཁུ་སིམ་མེས་ལྐོག་ཏུ་ཁ་འབྲལ་བར་ཐག་གཅོད་བྱས།