མད་ཐཱ། 11

11
ཡེ་ཤུ་དང་ཁྲུས་གསོལ་མཁན་ཡོ་ཧ་ནན།
(ལུ་ཀ། ༧:༡༨-༣༥)
1ཡེ་ཤུ་ཡིས་རང་གི་ཉེ་གནས་བཅུ་གཉིས་ལ་སློབ་སྟོན་མཛད་ཚར་ཏེ། ཁོང་པ་འོ་དེ་ནས་འོ་དེ་ཡུལ་གྱི་རྒྱལ་ས་ཀྱ་ལ་ཆོས་སྟོན་ཡས་དང་བཀའ་བཤད་ཡས་ལ་ཕེབས་པ་ལགས།
2ད་ཡོ་ཧ་ནན་གྱིས་མཱ་ཤི་ཀའི་ཕྱག་ལས་ཀྱ་ཡི་སྐོར་ལ་བཙོན་ཁང་དུ་གོ་སྟེ། ཁོས་ཁོ་རི་ཉེ་གནས་ཀྱ་ལ་ཡེ་ཤུ་ཙ་རུ་ལོན་ཞུ་རུ་བརྫངས་བ་ལགས། 3དེ་ནས་ཁོང་ཀྱ་ཡིས་ཁོང་པ་ལ་ཞུས་བ་ལགས། ཕེབས་ཡས་ཡིན་མཁན་གོ་ཁྱེད་རང་རང་ཡིན་ནེ། ཡང་མེད་ན་འེ་ཀྱ་གཞན་མ་ལ་སྒུག་གུ་ལེ།
4ཡེ་ཤུ་ཡིས་བཀའ་ལན་གནང་བ་ལགས། སོང་ལ་ཁྱེད་ཀྱ་ཡིས་གོ་གིན་དང་མཐོང་གིན་དེ་ཀྱ་ཡོ་ཧ་ནན་ལ་ཤོད། 5ཞ་ར་ཀྱ་ཡིས་མཐོང་བའི། ཞ་ཀྱོག་ཀྱ་གོམ་པ་བཙུགས་བའི། མཛེ་ནད་ཀྱ་དག་བའི། ཨམ་མཆོག་མེད་གོ་མཁན་ཀྱ་གོ་རི། ཤི་མཁན་ཀྱ་ལངས་བའི། དེ་ནས་དབུལ་སྤྲེ་ཀྱ་ལ་གཏམ་བཟང་གོ་བཤད་འདིག། 6ང་ལ་བལྟས་རེ་དད་པ་ནས་མེད་ལོག་མཁན་ཀྱ་བྱིན་རླབས་ཆེ་ཡིན།
7ད་ཡོ་ཧ་ནན་གྱི་ཉེ་གནས་ཀྱ་ལོག་སྟེ། ཡེ་ཤུ་ཡིས་མི་ཚོགས་ཀྱ་ལ་ཡོ་ཧ་ནན་སྐོར་ལ་བཀའ་མོལ་གནང་བ་ལགས། ཁྱེད་ཀྱ་རི་སྟོང་དུ་གི་ལྟ་རུ་སོང་བ། རླུང་བུ་ཡིས་སྒུལ་གྱིན་རྩྭ་ལ་ལྟ་རུ་སོང་བའི། 8ཧ་ན་ཁྱེད་ཀྱ་གི་ལྟ་རུ་སོང་བ། གོས་འཇམ་པོ་གོན་ག་མི་གཅིག་ལ་ལྟ་རུ་སོང་བའི། གོས་འཇམ་པོ་གོན་ག་མི་ཀྱ་རྒྱལ་བོའི་རྒྱལ་ཁང་ཀྱ་ལ་བསྡད་ད་ལགས། 9ད་ཧ་ན་ཁྱེད་ཀྱ་གི་ལྟ་རུ་སོང་བ། མངོན་ཤེས་མཁན་གཅིག་ལ་ལྟ་རུ། དེ་རེ་ཡིན་ན་ང་ཁྱེད་ཀྱ་ལ་སྨྲ་ཡིན། མངོན་ཤེས་མཁན་ནས་ལྷག་གོ་ལ་ལྟ་རུ་སོང་བ་ལགས། 10དེ་རེ་བྲིས་བྲ་དེ་ཁོའི་སྐོར་ལ་རང་ལགས།
ལྟོས་དང་། ཁྱོད་ནས་ཨེན་ལ་ཁྱོའི་ཕེབས་ལམ་གྲ་སྒྲིག་བྱེད་ཡས་ལ།
ང་ངའི་བང་ཆེན་ཁྱོའི་གདོང་དུ་བཏང་ང་ཡིན།#མ་ལ་ཀི། ༣:༡
11ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། སྐྱེས་དམན་ཀྱ་ལ་སྐྱེས་ཀྱ་ཀྱ་ཡི་ནང་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་ནས་ཆེ་སུ་གཅིག་འང་མེད། ཡིན་ནའང་ནམ་མཁའི་རྒྱལ་སྲིད་ཀྱི་ནང་ལ་ཆུང་ཤོས་དེ་ཁོ་ནས་ཆེ་ཡིན། 12ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དུས་ཚོད་ནས་ད་ལྟ་ཐུག་པའི་ནམ་མཁའི་རྒྱལ་སྲིད་ཀྱི་སྡུག་པོ་མྱངས་འོད་ད་ལགས། དེ་ནས་དེ་ལ་སྡུག་པོ་བཏང་མཁན་ཀྱ་ཡིས་རུབ་སྟེ་འཕྲོག་པ་ལགས། 13གི་བྱས་རེ་སྨྲ་ན་ཡོ་ཧ་ནན་གྱི་དུས་ཚོད་ཐུག་པའི་མངོན་ཤེས་མཁན་གི་རི་དང་། ཆོས་ཁྲིམས་ཀྱིས་དེའི་སྐོར་ལ་མངོན་སྟོན་པ་ལགས། 14ཁྱེད་ཀྱ་ཁས་ལེན་ཉིད་འདོད་ན། ཨེ་ལི་ཡཱ་ཕེབས་ཡས་ཡིན་གྱིན་གོ་ཁོ་རང་ལགས།#མ་ལ་ཀི། ༤:༥,༦ 15ཉན་ཡས་ཨམ་མཆོག་འོད་ཀྱིན་ཀྱ་ཡིས་ཉན་ད་ཤོག།
16ད་དེ་མི་རབས་འདི་ལ་ང་གི་མུ་ལ་སྡུར་ཡས། དེ་ཀྱ་ནི་ཁྲོམ་ཀྱ་ལ་བསྡད་དེ་རང་གི་རོགས་བ་ཀྱ་ལ་དེ་རེ་འབོད་ཀྱིན་ཕྲུ་བ་ཀྱ་ཅོག་རེ་ལགས།
17འི་ཀིས་ཁྱེད་ཀྱ་ཡི་ཕྱིར་ལ་གླིང་བུ་བཏང་བའི། ཡིན་ནའང་ཁྱེད་ཀྱ་གར་རྩེད་ཀྱི་མིན་འདུག།
འེ་ཀྱ་ཡིས་སྡུག་གླུ་བཏང་བའི། ཡིན་ནའང་ཁྱེད་ཀྱ་སྡུག་སྲུང་གི་མིན་འདུག།
18གི་བྱས་རེ་སྨྲ་ན་ཡོ་ཧ་ནན་བཟས་རེ་དང་འཐུང་#༡༡:༡༨ ཁོ་སྨྱུང་གནས་སྲུང་ང་ལགས། དེ་ནས་རྒུན་ཆང་མི་འཐུང་ང་ལགས།རེ་མ་ཡོང་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ་འདྲེ་འཛུལ་འདུག་སྨྲས་བ་ལགས། 19མིའི་བུ་ནི་ཟ་འཐུང་བྱས་རེ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་ཁོ་ལ། ལྟོས་དང་། ཟ་འདྲེ་དང་ཆང་འཐུང་བ། དེ་ནས་ཁྲལ་སྡུད་མཁན་དང་སྡིག་ཅན་ཀྱ་ཡི་རོགས་བ་སྨྲས་རེ་སྨྲས་ལགས། ཡིན་ནའང་ཤེས་རབ་དེ་འོ་དེའི་ལས་ཀའི་ཐོག་ནས་ཡང་དག་པ་ཡིན་གྱིན་གོ་ཁུངས་བསྐྱལ་ལ་ལགས།
འགྱོད་པ་མི་བྱེད་ཀྱིན་གྲོང་ཁྱེར་ཀྱ།
(ལུ་ཀ། ༡༠:༡༣-༡༥)
20ཡེ་ཤུ་ཡིས་ཡ་མཚན་གྱི་ཕྱག་ལས་མང་ཆེ་མཛད་ཛ་གྲོང་ཁྱེར་གྱི་མི་ཀྱ་ཡི་སེམས་མ་འགྱུར་གྱིན་བྱས་རེ། ཁོང་པ་ཡིས་ཁོང་ཀྱ་ལ་བཀའ་བཀྱོན་གསུངས་བ་ལགས། 21ཁྱེད་ཀོ་ར་ཟིན་ཀྱ་མྱངས་བ་ལི། ཁྱེད་བེད་སད་དཱ་ཀྱ་མྱངས་བ་ལི། ཁྱེད་ཀྱ་ཡི་གདོང་དུ་བྱུང་གིན་ཧང་སང་གིན་ཕྱག་ལས་ཀྱ་ཏཱ་ཨར་དང་སི་དཱོན་དུ་བྱུང་འོད་ན། ཁོང་ཀྱ་ཨེན་མ་ནས་རང་རྩྭ་ཕད་གོན་ཏེ། གོག་ཐལ་བྲུ་རེ་ཁོ་རི་སྡིག་པ་སྤངས་རེ་སེམས་འགྱུར་འོད་གྲོ། 22ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྲིམས་བཅད་ཀྱིན་ཉིན་མ་ལ་ཁྱེད་ཀྱ་ལས་ལྷག། ཏཱ་ཨར་དང་སི་དཱོན་གྱི་གནས་ཚུལ་ལ་བཟོད་པ་བཞེས་ཀྱི་ལགས།
23དེ་ནས་ཁྱེད་ཀཱ་ཕར་ན་ཧུམ་གྱི་མི་ཀྱ་རང་རང་ལ་ནམ་མཁའི་ཞིང་ཁམས་དུ་བཏག་གྲོ་སྨྲས་རེ་བསམས་བའི་འོད་དེ། ཁྱེད་ཀྱ་དམྱལ་བའི་གཏིང་ལ་པབ་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཁོག་ཏུ་བྱས་བྱ་ཧང་སང་གིན་ཕྱག་ལས་ཀྱ་སཱ་དོམ་དུ་བྱུང་འོད་ན། དི་རིང་ཐུག་པའི་འོ་དེ་རྒྱལ་ས་གོ་གནས་འོད་གྲོ། 24ཡིན་ནའང་ང་ཁྱེད་ཀྱ་ལ་སྨྲ་ཡིན། ཁྲིམས་བཅད་ཀྱིན་ཉིན་མ་ལ་ཁྱེད་ཀྱ་ལས་ལྷག།སཱ་དོམ་ལ་བཟོད་པ་བཞེས་ཀྱི་ལགས།
ཐང་ཆད་མཁན་ཀྱ་ལ་ངལ་གསོ།
(ལུ་ཀ། ༡༠:༢༡-༢༢)
25འོ་དེ་གང་ལ་ཡེ་ཤུ་ཡིས་གསུངས་བ་ལགས། ཀྱེ་ཡབ། ནམ་མཁའ་དང་ས་གཉིས་ཀྱི་གཙོ་བོ། ཁྱེད་ཀྱི་དོན་འདི་མཁས་པ་ཀྱ་དང་ཧ་གོ་གིན་ཀྱ་ནས་ཡིབ་མཛད་དེ། ཕྲུ་བ་ཅོག་རེས་ཀྱ་ལ་མངོན་ད་མཛད་དེ། ཁྱེད་རང་ལ་ང་བསྟོད་པ་འབུལ་ལ་ཡིན། 26ལགས་ཡབ། ཁྱེད་རང་གི་ཐུགས་དགོངས་དེ་རེ་ལ་རང་དགྱེས་བ་ལགས།
27ངའི་ཡབ་ཀྱིས་ང་ལ་གི་རི་གནང་འོད་ད་ལགས། ཡབ་ཀྱིས་མ་ན་སྲས་ལ་སུས་འང་ངོ་མེད་ཤེས་ལ་ལགས། དེ་ནས་སྲས་དང་སྲས་ཀྱི་ཡབ་ལ་སྟོན་ཡས་འདོད་པ་འོད་ཀྱིན་མི་ཀྱ་ཡིས་མ་ན། ཁོང་ལ་སུས་འང་ངོ་མེད་ཤེས་ལ་ལགས།
28ཁྱེད་ཐང་ཆད་ཆ་དང་ཁུར་ཆེ་ཡིས་བསྣེམས་ཏེ་བསྡད་ད་གི་རི་ངའི་རྩ་རུ་ཤོག ངས་ཁྱེད་ཀྱ་ལ་ངལ་གསོ་སྟེར་རོ། 29ངའི་གཉའ་ཤིང་འཁུར། དེ་ནས་ང་ནས་སྦྱོང་། གི་བྱས་རེ་སྨྲ་ན་ང་སེམས་ལ་བཟང་ང་དང་ཉམ་ཆུང་འོད། དེ་ནས་ཁྱེད་ཀྱ་ཡི་སེམས་ཀྱ་ལ་ངལ་གསོ་འཐོབ་ཀྱི་ལགས། 30གི་བྱས་རེ་སྨྲ་ན་ངའི་གཉའ་ཤིང་ལས་སླ་དང་ངའི་ཁུར་ཡང་ང་འོད།།

वर्तमान में चयनित:

མད་ཐཱ། 11: LOY

हाइलाइट

शेयर

कॉपी

None

Want to have your highlights saved across all your devices? Sign up or sign in