མད་ཐཱ། 10

10
སྐུ་ཚབ་བཅུ་གཉིས་ཀྱི་ཕྱག་ལས།
(མར་ཀུ། ༣:༡༣-༡༩;༦:༧-༡༣; ལུ་ཀ། ༦:༡༢-༡༦;༩:༢-༦)
1ཡེ་ཤུ་ཡིས་ཉེ་གནས་བཅུ་གཉིས་ལ་རང་ཙ་རུ་བོས་རེ་ཁོང་ཀྱ་ལ་གནོད་པ་ཀྱ་བཏོན་ཡས་དང་། ན་ཚ་དང་། ནད་སྐྱོན་གི་རི་སེལ་ཡས་ཀྱི་དབང་ཆ་གནང་བ་ལགས།
2སྐུ་ཚབ་བཅུ་གཉིས་ཀྱི་མིང་དེ་ཀྱ་ལགས། དང་པོ་གོ་སི་མོན་སྨྲ་གིན་པེ་ཏྲོ། དེ་ནས་ཁོའི་ནུ་བོ་ཨན་དྲི་ཡཱ། ཟེ་བད་དཱི་ཡི་བི་ཛ་ཡ་ཀོབ་དང་། ཁོའི་ནུ་བོ་ཡོ་ཧ་ནན། 3ཕི་ལིབ་དང་། བར་ཐོ་ལོ་མཱ། ཐོ་མཱ། ཁྲལ་སྡུད་མཁན་མད་ཐཱ་། ཨལ་ཕཱ་ཡུའི་བི་ཛ་ཡ་ཀོབ། ཐཱ་ཨད་དེ་ཨ། 4རྒྱལ་གཅེས་པ་#༡༠:༤ རང་གི་རྒྱལ་ཁབ་ཀྱི་རང་བཙན་གྱི་ཕྱིར་ལ་འདོད་པ་ཆེ་དང་དམག་འཐྲབ་ཐུབ་ཀྱིན།སི་མོན་དང་། ཡེ་ཤུ་ལ་གཤམ་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་ཨཱིས་ཀ་རི་ཨཱོད།
5དེ་བཅུ་གཉིས་ལ་ཡེ་ཤུ་ཡིས་དེ་རེ་བཀའ་གནང་རེ་བརྫངས་བ་ལགས། ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་གུང་ལ་མ་འགྲོ། དེ་ནས་ས་མར་ཡཱ་པ་ཀྱ་ཡི་ཡུལ་ཀྱ་ལ་ག་རུའང་མ་ཞུགས། 6ཡིན་ནའང་ཡིས་ར་ཨེལ་མི་རིགས་ཀྱི་ལུག་སྟོར་ཏ་ཀྱ་རྩ་རུ་སོང་། 7དེ་ནས་ཁྱེད་ཀྱ་འགྲོ་བ་རང་ནམ་མཁའི་རྒྱལ་སྲིད་ཉེ་སླེབས་འདུག་སྨྲས་རེ་གསལ་བསྒྲགས་བྱེད། 8ནད་པ་ཀྱ་ལ་བཅོས་ག་བྱེད། ཤིན་པོ་ཀྱ་ལ་སློང་། མཛེ་ནད་ཀྱ་ལ་གཙང་མ་བཟོས། འདྲེ་ཀྱ་བཏོན། ཁྱེད་ཀྱ་ལ་ཤུས་དུས་ལ་འབྱོར་པ་ལགས། དེ་ནས་གཞན་མ་ལ་ཤུས་དུས་ལ་སྟེར། 9ཁྱེད་རི་སྐེད་རགས་ཀྱ་ལ་གསེར་དང་། དངུལ་དང་། ཟངས་ཀྱི་ཊམ་ཀ་ཀྱ་མ་འཁྱེར། 10རང་གི་འགྲུལ་ལ་ཁུག་མ་མ་འཁྱེར། གོས་གཉིས། པོ་ལེ་ཡང་མེད་ན་བེར་ཀྱོག་མ་ཁུར། གི་བྱས་རེ་སྨྲ་ན་ལས་ཀ་བྱེད་མཁན་ཀྱ་ལ་དགོས་ཀྱིན་གོ་འཐོབ་དགོས་གུ་ལགས།
11དེ་ནས་ཁྱེད་ཀྱ་རྒྱལ་ས་ཡང་མེད་ན་ཡུལ་ག་རུ་འགྲོ་ན། འོ་དུ་རུ་ཁྱེད་ཀྱ་ལ་བསྡད་དུ་བཅུག་ཉིད་འདོད་མཁན་གོ་ལ་ཚོལ། དེ་ནས་འོ་དེ་ནས་མེད་འགྲོ་གིན་ཐུག་པའི་འོ་དུ་རུ་རང་སྡོད། 12ཁྱིམ་གོ་ནང་དུ་འཛུལ་ལི་གང་ལ་འཚམས་འདྲི་ཞུས། 13དེ་ནས་འོ་དེ་ནང་གི་མི་ཀྱ་ཡིས་ཁྱེད་ཀྱ་ལ་ཕེབས་བསུ་ཞུ་ན། ཁྱེད་རི་ཞི་བདེ་འོ་དེ་ནང་དུ་གནས་ལ་ཤོག།ཡིན་ནའང་ཁོང་ཀྱ་ཡིས་ཕེབས་བསུ་མི་ཞུ་ན། ཁྱེད་ཀྱ་ཡི་ཞི་བདེ་ཁྱེད་ལ་རང་ལོག་སྟེ་འོང་བར་ཤོག། 14དེ་ནས་ཁྱེད་ཀྱ་ལ་ཁས་མེད་ལེན་མཁན་དང་ཁྱེད་ཀྱི་བཀའ་ཀྱ་ལ་མེད་ཉན་མཁན་ཀྱ་ལ་འོ་དེའི་ཁང་པ་ཡང་མེད་ན། རྒྱལ་ས་ནས་འཐོན་ཏེ་གང་ལ་ཁྱེད་རི་རྐང་པ་ནས་ཐལ་ལ་སྤྲུགས། 15ང་ཁྱེད་ཀྱ་ལ་བདེན་པ་རང་སྨྲ་ཡིན། ཁྲིམས་བཅད་ཀྱིན་ཉིན་མ་གོ་ལ་འོ་དེ་རྒྱལ་ས་ལ་སཱ་དོམ་དང་གཱོ་མོ་རཱ་རྒྱལ་ས་ཀྱ་ནས་ལྷག་ཁྲིམས་ཕོག་གི་ལགས།
མ་འོང་པར་གྱི་སྡུག་སྦྱོང་གི་སྐོར་ལ།
(མར་ཀུ། ༡༣:༩-༡༣; ལུ་ཀ། ༢༡:༡༢-༡༧)
16ད་ང་ཁྱེད་ཀྱ་ལ་སྤྱུང་གུ་ཀྱ་ཡི་ཁོག་ལ་ལུག་ཀྱ་ཅོག་རེ་བརྫངས་ང་ཡིན། འོ་བྱས་རེ་སྦྲུལ་ཅོག་རེ་གྲུང་པོ་དང་ཕུག་རོན་ཅོག་རེ་རྫོང་བ་འབྱུང་ཞིག། 17མི་ཀྱ་ནས་གཟབ་གཟབ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ཁྲིམས་ཁང་ལ་རྩི་བརྒྱབ་ཀྱི་ལགས། དེ་ནས་ཁོང་ཀྱ་ཡི་ཚོགས་ཁང་ཀྱ་རུ་ཁྱེད་ཀྱ་ལ་རྟ་ལྕག་གཞུ་གི་ལགས། 18དེ་ནས་ཁོང་ཀྱ་དང་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ལ་དཔང་པོ་འོང་ཡས་ལ། ངའི་དོན་དུ་ཁྱེད་ཀྱ་ལ་དཔོན་པོ་ཀྱ་དང་རྒྱལ་བོ་ཀྱ་རྩ་རུ་འཁྲིད་ཀྱི་ལགས། 19ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་འོ་བྱས་རེ་རྩི་བརྒྱབ་བའི་གང་ལ། གང་བྱས་རེ་གི་སྨྲ་ཡས་སྨྲས་རེ་ཁྱེད་ཀྱ་སེམས་ཁྲལ་མ་བྱེད། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་གི་སྨྲ་དགོས་ཀྱིན་གོ་འོ་དེ་དུས་ལ་རང་ཁྱེད་ཀྱ་ལ་གནང་གི་ལགས། 20གི་བྱས་རེ་སྨྲ་ན་གསུངས་ཀྱིན་གོ་ཁྱེད་ཀྱ་མ་ལགས། ཡིན་ནའང་ཁྱེད་ཀྱི་ཐོག་ནས་ཁྱེད་རི་ཡབ་ཀྱི་ཐུགས་ཉིད་གོ་ལགས།
21སྤུན་གཅིག་གིས་རང་གི་སྤུན་གཞན་མ་ལ་བསད་དུ་བཅུག་གི་ལགས། དེ་ནས་ཨ་རྒས་ཀྱིས་རང་གི་ཕྲུ་ལ། དེ་ནས་ཕྲུ་བ་ཀྱ་ཕ་མའི་རྒྱབ་ལ་ལངས་ཀྱི་ལགས། དེ་ནས་ཁོང་ཀྱ་ལ་བསད་དུ་བཅུག་གི་ལགས། 22དེ་ནས་ངའི་མིང་གི་ཕྱིར་ལ་གི་རི་ཡིས་ཁྱེད་ཀྱ་ལ་སྡང་ང་བྱེད་ཀྱི་ལགས། ཡིན་ནའང་མཐའ་མ་ཐུག་པའི་བཟོད་པ་སྒོམ་མཁན་གོ་ལ་ཐར་པ་འཐོབ་ཀྱི་ལགས། 23རྒྱལ་ས་གཅིག་ཏུ་ཁྱེད་ཀྱ་ལ་སྡུག་པོ་སྟེར་ན། རྒྱལ་ས་གཞན་མ་རུ་བྲོས། གི་བྱས་རེ་སྨྲ་ན་ང་བདེན་པ་རང་ཁྱེད་ཀྱ་ལ་སྨྲ་ཡིན། མིའི་བུ་ཕེབས་ཀྱིན་ཨེན་ལ་ཁྱེད་ཀྱ་ཡིས་ར་ཨེལ་གྱི་རྒྱལ་ས་གི་རི་ལ་འཁོར་མེད་ཚར་གྱི་ལགས།
24ཉེ་གནས་གཅིག་རང་གི་དགེ་རྒན་ནས་མཐོ་བ་མེད་ཡོང་ང་ལགས། ཡང་གཡོག་པོ་གཅིག་རང་གི་བདག་པོ་ནས་མཐོ་བ་མེད་ཡོང་ང་ལགས། 25ཉེ་གནས་གཅིག་རང་གི་དགེ་རྒན་ཅོག་རེ་དང་། གཡོག་པོ་གཅིག་རང་གི་བདག་པོ་ཅོག་རེ་འབྱུང་ན་སྒྲིག་གི་ལགས། ནང་གི་བདག་པོ་ལ་བེ་ཨལ་ཟེ་བུལ་#༡༠:༢༥ བདུད། (སཱ་ཏན)སྨྲས་རེ་ཁོང་ཀྱ་ཡིས་སྨྲས་འོད་ན། ནང་མི་ཀྱ་ལ་འོ་དེ་ནས་ལྷག་ག་ཚོད་སྨྲིས་འོད་གྲོ།
26འོ་བྱས་རེ་ཁོང་ཀྱ་ནས་མ་འཇིགས། གི་བྱས་རེ་སྨྲ་ན་མངོན་དུ་མི་འགྱུར་གྱིན་གིའང་མ་སྦས་འོད་ད་ལགས། དེ་ནས་ཤེས་ཡས་མི་འགྱུར་གྱིན་གིའང་གསང་རེ་མ་བཞག་འོད་ད་ལགས། 27ངས་ཁྱེད་ཀྱ་ལ་མིན་ནག་པ་ལ་སྨྲ་གིན་གོ་འོད་ནང་དུ་ཤོད། དེ་ནས་ཁ་པ་ཁྱེད་ཀྱི་ཨམ་མཆོག་ལ་ཉན་གྱིན་གོ་ཁང་པ་ཡི་ཐོག་ནས་གསལ་བསྒྲགས་བྱེད། 28དེ་ནས་སེམས་བསད་མི་ཐུབ་ཀྱིན། ཡིན་ནའང་ལུས་ལ་བསད་མཁན་ཀྱ་ལ་མ་འཇིགས། ཡིན་ནའང་ལུས་དང་སེམས་གཉིས་ཀ་ར་དམྱལ་བ་རུ་མེད་ད་ལ་མཛད་ཐུབ་མཁན་ལ་འཇིགས། 29སྒོར་མོ་གཅིག་ལ་ཁང་བྱིའུ་གཉིས་མེད་བཙོངས་ང་ལེ། ཡིན་ནའང་ཁྱེད་རི་ཡབ་ཀྱི་ཐུགས་དགོངས་མེད་ད་ལ། འོ་དེ་ཀྱ་ནས་གཅིག་འང་ས་ལ་མི་ལྷིམ་གྱི་ལགས། 30ཁྱོའི་མགོ་བ་ཡི་སྐྲ་རེ་རེ་གྲངས་ཀ་བརྩིས་འོད་ད་ལགས། 31འོ་བྱས་རེ་མ་འཇིགས། ཁྱེད་ཀྱ་ཁང་བྱིའུ་མང་ང་ཀྱ་ནས་རིན་ཐང་ཆེ་ལགས།
32འོ་བྱས་རེ་མི་གདོང་དུ་ང་ལ་ཁས་ལེན་མཁན་ཀྱ་ལ། ང་ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་གདོང་དུ་ཁས་ལེན་བྱེད་ཡས་ཡིན། 33ཡིན་ནའང་མིའི་གདོང་དུ་ང་ལ་ཁས་མེད་ལེན་མཁན་ཀྱ་ལ། ནམ་མཁའི་ཞིང་ཁམས་དུ་བཞུགས་ཀྱིན་ངའི་ཡབ་ཀྱི་གདོང་དུ་ང་ཁས་མེད་ལེན།
34ང་འཇིག་རྟེན་དུ་ཞི་བདེ་བསྐྱལ་རུ་འོངས་བ་ཡིན་སྨྲས་རེ་མ་བསམ། ང་ཞི་བདེ་བསྐྱལ་རུ་འོངས་བ་མིན། ཡིན་ནའང་རལ་གྲི་བསྐྱལ་རུ་འོངས་བ་ཡིན། 35གི་བྱས་རེ་སྨྲ་ན་ང་བི་ཛ་དང་ཨ་རྒས། དེ་ནས་བུ་མོ་དང་ཨ་མ། དེ་ནས་མནའ་མ་དང་ཨ་མ་ལ་གཅིག་གཅིག་ནས་རྒྱབ་ལོག་ཏུ་འོངས་བ་ཡིན། 36དེ་ནས་མི་གཅིག་གི་དགྲ་གོ་རང་གི་ནང་མི་ཀྱ་ནས་རང་འབྱུང་གི་ལགས། 37ང་ལའང་ལྷག་རང་གི་ཕ་མ་ལ་བརྩེ་བ་བྱེད་ན། འོ་དེ་ངའི་མི་འབྱུང་ཡས་ཀྱི་དབང་ཆ་མེད། དེ་ནས་ང་ལའང་ལྷག་རང་གི་བུ་དང་བུ་མོ་ལ་བརྩེ་བ་བྱེད་ན། འོ་དེ་ལ་ངའི་མི་འབྱུང་ཡས་ཀྱི་དབང་ཆ་མེད། 38དེ་ནས་རང་གི་རྒྱང་ཤིང་འཁྱེར་ཏེ་ངའི་གཤམ་པ་ལ་མེད་འབྲང་མཁན་ཀྱ་ལ་ངའི་ཉེ་གནས་འབྱུང་ཡས་ཀྱི་དབང་ཆ་མེད། 39རང་གི་སྲོག་སྐྱོབ་ཀྱིན་གྱིས་འོ་དེ་ཤོར་དུ་བཅུག་གི་ལགས། དེ་ནས་ངའི་དོན་དུ་རང་གི་སྲོག་ཤོར་དུ་བཅུག་གིན་གྱིས་འོ་དེ་སྐྱོབ་ཀྱི་ལགས།
40ཁྱེད་ཀྱ་ལ་ཁས་ལེན་བྱེད་མཁན་ཀྱ་ཡིས་ང་ལ་ཁས་ལེན་བྱེད་ད་ལགས། དེ་ནས་ང་ལ་ཁས་ལེན་བྱེད་མཁན་ཀྱ་ཡིས་ང་ལ་བརྫངས་མཁན་གོ་ལ་ཁས་ལེན་བྱེད་ད་ལགས། 41མངོན་ཤེས་མཁན་གཅིག་ལ་མངོན་ཤེས་མཁན་གཅིག་ལགས་སྨྲས་རེ་རྩི་ན། འོ་དེ་གོ་ལ་མངོན་ཤེས་མཁན་གྱི་བྱ་དགའ་འཐོབ་ཀྱི་ལགས། དེ་ནས་དྲང་བདེན་གྱི་མི་གཅིག་ལ་དྲང་བདེན་མི་སྨྲས་རེ་བརྩིས་ན། འོ་དེ་ལ་དྲང་བདེན་མི་ཡི་བྱ་དགའ་འཐོབ་ཀྱི་ལགས། 42ངའི་ཉེ་གནས་ཀྱ་ནས་ཆུང་བ་གཅིག་ལ་ཆུ་གྲང་མོ་ཕོ་ར་གང་གཅིག་ཡིན་ན་སྟེར་མཁན་གོ་ལ། ང་བདེན་པ་རང་སྨྲ་ཡིན། ཁོའི་བྱ་དགའ་གོ་ག་ནས་འང་སྟོར་གྱི་མ་ལགས།།

वर्तमान में चयनित:

མད་ཐཱ། 10: LOY

हाइलाइट

शेयर

कॉपी

None

Want to have your highlights saved across all your devices? Sign up or sign in