མད་ཐཱ། 6

6
ལེའུ་དྲུག་པ།
སྦྱིན་པ་གཏོང་བའི་སྐོར།
1དེ་ནས་ཡང་དང་ཡེ་ཤུས་མི་ཚོགས་ཀྱ་ལེ། ཁྱེད་ཀྱ་ཀྱིས་མི་གཞན་གྱིས་མཐོང་རྒྱུ་ཆེད་དུ། ཁོང་ཀྱ་ཀྱི་མདུན་ལེ་ལས་བཟང་པོ་བགྱིད་རྒྱུ་ལེ་དོགས་ཟོན་གྱིས་ཤིག འོ་དེ་གི་བྱས་ནི། ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱིས་ཁྱེད་ཀྱ་ལེ་བྱ་དགའ་མི་གནང་འོད་དིག 2འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་སྤྲང་པོ་ཀྱ་ལེ་སྦྱིན་པ་གཏོང་རྒྱ། མི་ཀུན་གྱིས་ཧ་གོ་རྒྱུ་དོན་ལེ་དུང་འབུད་དུ་མ་ཆུག་ཅིག ཁ་ཚིག་དོན་ལེ་མི་གནས་མཁན་ཀྱ་ཀྱིས་རང་ལེ། མིའི་བསྟོད་ར་འཐོབ་རྒྱུ་ཆེད་དུ་གཞུང་ལམ་དིང་ཚོགས་ཁང་གི་ནང་ལེ་འོ་དེ་གི་བགྱིད་འོད་དིག ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་དེ་ཀྱ་ལེ་མིའི་བསྟོད་ར་ཐོབ་ཚར་འོད་དིག#6.2 གེ་རིག་གི་སྐད་ལུགས་ནང་ལེ་སྤྲང་པོ་ཀྱ་ལེ་སྦྱིན་པ་གཏོང་རྒྱ། དུང་ཆེན་མ་འབུད་ཟིན་འོད་དིག དུང་ཆེན་མ་འབུད་ཟེར་རི་དོན་དེ་ནི། མི་ལེ་ཁྱབ་གྲགས་མ་བགྱིད་ཟེར་རི་དོན་ཡིན་དིག 3ཡིན་ནའང་། ཁྱོད་ཀྱིས་སྤྲང་པོ་ཀྱ་ལེ་སྦྱིན་པ་གཏོང་རྒྱ། ཁྱོད་ཀྱི་ལག་ག་གཡས་པས་ཅི་སྦྱིན་པ་བཏང་པི་དེ། ལག་ག་གཡོན་མས་ཧ་གོ་རུ་མ་འཇུག་ཅིག 4འོ་དེ་གི་བྱས་ནི། ཁྱོད་ཀྱིས་གསང་བའི་ངང་ནས་སྦྱིན་པ་བཏང་པི་ཡིན་ཕེན། ཡང་གསང་བ་ལེ་གཟིགས་གནང་མཁན་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལེ་བྱ་དགའ་སྟེར་གྱི་དིག
གསོལ་བ་སྨོན་ལམ་གྱི་སྐོར།
5ཡང་ཁྱོད་ཀྱིས་གསོལ་བ་སྨོན་ལམ་འདེབས་རྒྱ། ཁ་བཤད་ལག་མེད་མི་ཀྱ་ཀྱིས་བགྱིད་དང་ཅོག་འདྲ་མ་བགྱིད་ཅིག ཅི་ལེ་ཟེར་ནི། མིས་མཐོང་རྒྱུ་ཆེད་དུ། མི་ཀྱ་ཀྱིས་ཚོགས་ཁང་དིང་། སྲང་ལམ་ལེ་ལངས་ཏེ། གསོལ་བ་སྨོན་ལམ་འདེབས་རྒྱུ་ལེ་དགའ་རི་བགྱིད་འོད་དིག ང་ཁྱེད་ཀྱ་ལེ་བདེན་པ་ཟེར་རོ། མི་དེ་ཀྱ་ལེ་མི་བརྒྱུད་ནས་བསྟོད་ར་ཐོབ་འོད་དི་མ་གཏོགས། དཀོན་མཆོག་གི་བརྒྱུད་ནས་བྱ་དགའ་ཐོབ་མེད་དིག 6འོ་དེ་ལེ་བརྟེན་ཏེ། ཁྱོད་ཀྱིས་གསོལ་བ་སྨོན་ལམ་འདེབས་རྒྱ། རང་གི་ཁྱིམ་གྱི་སྒོ་བརྒྱབ་ཏེ། ནང་ཕུག་ལེ་ཕྱིན་ཏེ་མཐོང་ས་ལེ་བཞུགས་མི་གནང་མཁན་ཁྱོད་ཀྱི་ཡབ་དཀོན་མཆོག་ལེ་གསོལ་བ་སྨོན་ལམ་ཐོབ་ཅིག དེ་ནས་གསང་བ་གཟིགས་མཁན་ཁྱོད་ཀྱི་ཡབ་ཀྱིས་ཁྱེད་ལེ་བྱ་དགའ་གནང་གྱི་དིག 7ཡང་གསོལ་བ་སྨོན་ལམ་འདེབས་རྒྱ། ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ཀྱིས་བགྱིད་དི་ཅོག་འདྲ། དོན་མེད་ཀྱི་ལབ་མ་ཤོད་ཅིག ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་ཚིག་མང་པོ་བེད་སྤྱོད་བྱས་ཏེ། གསོལ་བ་སྨོན་ལམ་བཏབ་ནི། དཀོན་མཆོག་གིས་དེ་ལེ་གསན་གྱི་དིག་བསམ་གྱོ་འོད་དིག 8ཡིན་ནའང་། མི་དེ་ཀྱ་ཀྱིས་བྱས་པའི་མིག་དཔེ་དེ་ལེ་མ་ལྟ་ཅིག ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱིས་མ་ཞུས་པའི་སྔོན་ལེ། ཁྱེད་ཀྱ་ཀྱི་ཡབ་ཀྱིས་ཁྱེད་ཀྱ་ལེ་ཅི་དགོས་པ་འོད་མེད་དེ་མཁྱེན་གནང་གྱོ་འོད་དིག 9འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་གསོལ་བ་སྨོན་ལམ་འདེབས་རྒྱ།
ནམ་མཁའ་ལེ་བཞུགས་པའི་ཉེད་ཀྱི་ཨ་ཀྱེ། །
ཁྱེད་ཀྱི་མཚན་དམ་པར་བརྩི་བར་ཤོག །
10ཁྱེད་ཀྱི་རྒྱལ་ཁབ་འོང་བར་ཤོག །
ཁྱེད་ཀྱི་དགོངས་པ་ནམ་མཁའ་ལེ། །
བསྒྲུབས་པའི་ཅོག་འདྲ་ས་ལེ་བསྒྲུབ་པར་ཤོག །
11ཉེད་ཀྱི་ཉིན་རེའི་ཁ་ཟས་དེ། །
ད་རིང་ཟང་གནང་རོགས། །
12ཉེད་ཀྱིས་མི་གཞན་གྱི་སྡིག་ཉེས་ཀྱ། །
དགོངས་ཡངས་གཏོང་གི་ཅོག་འདྲ། །
ཉེད་ཀྱི་སྡིག་ཉེས་ཟང་སེལ་གནང་རོགས། །
13ཉེད་ཀྱ་སྡིག་པའི་ཉམས་ཚོད་མི་ལེན་པའི་ཆེད་དུ། །
ངན་པའི་ལས་ནས་ཉེད་ཀྱ་ལེ་ཐར་བར་གནང་རོགས། །
རྒྱལ་ཁབ་དབང་དིང་གཟི་བརྗིད་ནི། །
རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་ཡིན་དིག །
ཟིན་གསོལ་བ་སྨོན་ལམ་ཐོབ་ཅིག 14གལ་སྲིད་ཁྱེད་ཀྱ་ཀྱིས་མི་གཞན་ལེ་དགོངས་ཡངས་བཏང་ནི། ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱིས་ཟང་ཁྱེད་ཀྱ་ཀྱི་སྡིག་ཉེས་དེ་སེལ་གནང་གྱི་དིག 15ཡིན་ནའང་། མི་གཞན་ལེ་དགོངས་ཡངས་མ་བཏང་ནི། ཁྱེད་ཀྱ་ཀྱི་ཡབ་ཀྱིས་ཟང་ཁྱེད་ཀྱ་ཀྱི་སྡིག་ཉེས་སེལ་གནང་གྱི་མ་དིག
སྨྱུང་གནས་ཀྱི་སྐོར།
16ཁྱེད་ཀྱ་ཀྱིས་སྨྱུང་གནས་སྲུང་རྒྱ། ཁ་བཤད་ལག་མེད་ཀྱ་ཀྱིས་རྣམ་འགྱུར་བསྟན་པི་ཅོག་འདྲ། མ་སྟོན་ཅིག ཅི་ལེ་ཟེར་ནི། མི་གཞན་ལེ་སྨྱུང་གནས་སྲུང་གྱོ་འོད་དི་སྟོན་རྒྱུ་ཆེད་དུ། མི་དེ་ཀྱ་ཀྱིས་རང་གི་ངོ་གདོང་ལེ་སྐྱོ་སྣང་གི་རྣམ་འགྱུར་སྟོན་གྱོ་འོད་དིག ང་ཁྱེད་ཀྱ་ལེ་བདེན་པར་ཟེར་རོ། མི་དེ་ཀྱ་ལེ་མིའི་བརྒྱུད་ནས་བསྟོད་ར་ཐོབ་ཚར་འོད་དིག 17ཡིན་ནའང་། ཁྱོད་ཀྱིས་སྨྱུང་གནས་སྲུང་རྒྱ། ནམ་རྒྱུན་ཅོག་འདྲ། མགོ་ལེ་སྣུམ་བསྐུ་སྟེ་ངོ་གདོང་ཁྲུས་ཤིག 18དེ་ནས་མི་ཀྱ་ཀྱིས་ཁྱོད་ཀྱིས་སྨྱུང་གནས་སྲུང་གྱོ་འོད་དི་མ་མཐོང་ནའང་། གསང་བ་ལེ་བཞུགས་མཁན་ཡབ་ཀྱིས་གཟིགས་ཏེ། གསང་བ་གཟིགས་མཁན་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལེ་བྱ་དགའ་གནང་གྱི་དིག
བདེན་པའི་རྒྱུ་ནོར་སྐོར་གྱི་ཆོས་གསུངས་པ།
19རང་གི་དོན་ལེ་འཇིག་རྟེན་འདི་རུ་རྒྱུ་ནོར་མ་གསོག ཅི་ལེ་ཟེར་ནི། འབུ་མུག་པས་བཟའ་གྱི་དིག ཡང་བཙའ་བརྒྱག་གི་མ་ཟད། ཁང་པའི་ནང་ལེ་རྐུན་མ་འཛུལ་ཏེ་ཡེ་རེ་བརྐུ་ཀྱི་དིག 20འབུ་མུག་པས་མི་བཟའ་དིང་། བཙའ་བརྒྱག་རྒྱུ་མེད་མེད། ཡང་རྐུན་མས་མི་རྐུ་ས་དཀོན་མཆོག་གི་ཞིང་ཁམས་ལེ་རྒྱུ་ནོར་གསོག 21ཅི་ལེ་​ཟེར་​ནི། རྒྱུ་ནོར་ག་ན་ལེ་འོད་​ནི། འོ་​དེ་ལེ་​ཁྱེད་ཀྱི་སེམས་པ་​ཆགས་​ཀྱི་​དིག་ཟིན་གསུང་པི་དིག 22མིག་ནི་ལུས་ཀྱི་སྒྲོན་མེའི་འོད་ཅོག་འདྲ་ཡིན་དིག མིག་བཟང་པོ་འོད་ནི་ལུས་པོ་ལེ་ཟང་འོད་ཀྱིས་ཁྱབ་ཀྱི་དིག 23ཡིན་ནའང་། མིག་བཟང་པོ་མེད་ནི་ལུས་པོ་ཡེ་རེ་མུན་ནག་གིས་ཁྱབ་ཀྱི་དིག གལ་སྲིད་ཁྱེད་ཀྱི་སེམས་ནང་ལེ་འོད་དེ་མུན་ནག་ཡིན་ནི། མུན་ནག་དེ་ནི་ཅི་གི་ཚབས་ཆེ་བ་ཡིན་གོ། 24མི་སུ་ཞིག་གིས་བདག་པོ་གཉིས་ལེ་གཡོག་པོ་རྒྱུགས་མི་ཐུབ་འོད་དིག ཅི་ལེ་ཟེར་ནི། གཡོག་པོ་ཁོས་བདག་པོ་གཅིག་ལེ་སྡང་པོ་དིང་། གཅིག་ལེ་གཅེས་པོ་བགྱིད་ཀྱི་དིག ཡང་བདག་པོ་གཅིག་ལེ་བཀུར་ཏེ་བསྡོད་དི་དིང་། གཅིག་ལེ་སྨད་ར་གཏོང་གྱི་དིག འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་དཀོན་མཆོག་དིང་རྒྱུ་ནོར་གཉིས་ཀ་ལེ་གཡོག་པོ་བགྱིད་ཐུབ་ཀྱི་མ་དིག
སེམས་ཁྲལ་བགྱིད་མི་དགོས་པའི་སྐོར།
25འོ་དེ་ལེ་བརྟེ་ན་ཏེ། ང་ཁྱེད་ཀྱ་ལེ་ཟེར་རོ། ཚེ་སྲོག་གི་ཆེད་དུ་ཟ་མ་ཅི་ཟ་རྒྱུ། ཅི་འཐུང་རྒྱུ། ལུས་ལེ་གོས་ཅི་གྱོན་རྒྱུ་ཟིན་སེམས་ཁྲལ་མ་བགྱིད་ཅིག ཅི་ལེ་ཟེར་ནི། ཚེ་སྲོག་དིང་ལུས་པོ་དེ་གཉིས་ནི་ཟས་དིང་གྱོན་ཆས་ལས་ལྷག་གི་གལ་ཆེ་བ་མ་གས། 26ནམ་མཁའི་བྱ་བྱིའུ་ལེ་ལྟོས་དང་། དེ་ཀྱ་ཀྱིས་ས་ངོན་མི་འདེབས་འོད་དིག ཡང་ལོ་ཏོག་ཟང་མི་རྔ་འོད་དིག ཡང་མཛོད་ཁང་ནང་ལེ་འབྲུ་མི་གསོག་འོད་དིག ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱིས་བྱ་བྱིའུ་དེ་ཀྱ་ལེ་ཟང་ཁ་ཟས་གནང་གྱོ་འོད་ཕེན། ཁྱེད་ཀྱ་ནི་དེ་ཀྱ་ལས་ལྷག་གི་གལ་ཆེ་བ་མ་གས། 27ཁྱེད་​ཀྱ་​ནང་​ནས་​མི་སུ་ཞིག་གིས་སེམས་ཁྲལ་​བྱས་​ཏེ། རང་གི་དེ་ཚེ་​ཁྲུ་​གཅིག་རིང་རུ་གཏོང་​ཐུབ་​མཁན་སུ་​འོད་​དོ། 28འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་ལུས་ལེ་ཅི་གྱོན་རྒྱུ་ཟིན་དེའི་དོན་ལེ་སེམས་ཁྲལ་མ་བགྱིད་ཅིག ལྟོས་དང་། སྤང་ཐང་གི་མེ་ཏོག་དེ་ཀྱ་ཅི་གི་བྱས་ཏེ་སྐྱེས་འོང་འདུག་གོ། མེ་ཏོག་དེ་ཀྱ་ཀྱིས་ལས་ཀ་མི་བགྱིད་འོད་དི་མ་ཟད་བལ་ཟང་མི་འཁལ་འོད་དིག 29ང་ཁྱེད་ཀྱ་ལེ་ཟེར་རོ། རྒྱལ་པོ་སོ་ལོ་མོན་​ཁོ་རང་ནི་​གཟི་བརྗིད་ཆེན་པོ་ཞིག་ཡིན་ནའང་། ཁོང་གི་གྱོན་པའི་རྒྱན་གོས་​དེ་ཀྱ་ནང་ནས་གཅིག་ལེ་ཟང། སྤང་​ཐང་གི་མེ་ཏོག་​དིང་མཛེས་ལོད་​ཀྱི་འགྲན་​བསྡུར་​བགྱིད་​ཐུབ་ཀྱི་མ་དིག 30གལ་སྲིད་དཀོན་མཆོག་གིས་འདི་རིང་ཞིང་ལེ་སྐྱེས་ཏེ། སྔ་དྲོ་མེ་ལེ་བརྒྱག་རྒྱུ་ཡིན་དི་རྩྭ་དེ་ཀྱ་ལེ་ཟང་། ཁོང་གིས་གཟིགས་སྐྱོང་གནང་ནི། དད་པ་ཆུང་མ་འོད་ཡོད་ཁྱེད་ཀྱ་ལེ་ཁོང་གིས་དེ་ལས་ལྷག་གི་གཟིགས་སྐྱོང་མི་གནང་འོད་དི་གས། 31འོ་དེ་ལེ་བརྟེན་ཏེ། རང་གི་དོན་ལེ་ཅི་ཟ་རྒྱུ། ཅི་འཐུང་རྒྱུ། ཅི་གྱོན་རྒྱུ་ཟིན་ཁྱེད་ཀྱ་ཀྱིས་སེམས་ཁྲལ་མ་བགྱིད་ཅིག 32ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ཀྱིས་འོ་དེའི་དོན་ལེ་པ་རྐྱང་འཚོལ་གྱོ་འོད་དིག ཞིང་ཁམས་ལེ་བཞུགས་མཁན་ཁྱེད་ཀྱ་ཀྱི་ཡབ་ཀྱིས་ཁྱེད་ཀྱ་ལེ་དེ་ཡེ་རེ་དགོས་པ་འོད་དི་མཁྱེན་གནང་གྱོ་འོད་དིག 33དང་པོ་དཀོན་མཆོག་གི་རྒྱལ་ཁབ་དིང་། ཁོང་གི་དྲང་བདེན་ལེ་འབད་བརྩོན་གྱིས་དང་། དེ་ནས་ཁོང་གིས་ཁྱེད་ཀྱ་ལེ་ཅི་དགོས་པ་འོད་ཡོད་ཡེ་རེ་གནང་གྱི་དིག 34འོ་དེ་ལེ་བརྟེན་ཏེ། སྔ་དྲོའི་དོན་ལེ་སེམས་ཁྲལ་མ་བགྱིད་ཅིག ཅི་ལེ་ཟེར་ནི། སྔ་དྲོའི་སེམས་ཁྲལ་དེ་སྔ་དྲོ་འོང་གྱི་དིག ད་རིང་གི་སེམས་ཁྲལ་དེ་ནི་ད་རིང་འཁུར་དགོས་འོད་དིག་ཟིན་གསུངས་པི་དིག །

Tällä hetkellä valittuna:

མད་ཐཱ། 6: DLPO

Korostus

Jaa

Kopioi

None

Haluatko, että korostuksesi tallennetaan kaikille laitteillesi? Rekisteröidy tai kirjaudu sisään