ཡུལ་དེའི་མཐའ་སྐོར་ནས་ལུག་རྫི་འགའ་ཞིག་ཐང་རྒོད་དུ་བསྡད་དེ། མཚན་མོར་རེས་བསྐོར་ནས་རང་གི་ལུག་ཁྱུ་སྲུང་བཞིན་ཡོད་ལ། གཙོ་བོའི་ཕོ་ཉ་ཞིག་གློ་བུར་ལུག་རྫི་རྣམས་ཀྱི་གམ་དུ་ཕེབས༌ཤིང༌། གཙོ་བོའི་གཟི་བརྗིད་ཀྱི་འོད་སྣང་ཡང་ཁོ་ཚོའི་ཕྱོགས་བཞིར་ཁྱབ་པས་ཁོ་རྣམས་ཤིན་ཏུ་འཇིགས་སོ།།