1
ཡོ་ཧ་ནན། 10:10
New Tibetan Bible བོད་འགྱུར་གསར་མ།
སྤྱིར་རྐུན་མ་ཐམས་ཅད་ནི་རྐུ་བྱེད་པ་དང་སྲོག་གཅོད་པའམ་མེད་པར་བྱེད་པ་བཅས་ཁོ་ནའི་ཆེད་དུ་ཡོང༌བ་ཡིན། འོན་ཀྱང་ང་རང་ནི་དེ་རྣམས་ལ་ཚེ་སྲོག་དཔག་ཏུ་མེད་པ་སྩོལ་བའི་ཕྱིར་ཡོང༌ངོ༌།།
Compare
Explore ཡོ་ཧ་ནན། 10:10
2
ཡོ་ཧ་ནན། 10:11
ང་རང་ནི་ལུག་རྫི་བཟང་པོ༌ཡིན་ཏེ། ལུག་རྫི་བཟང་པོས་ལུག་རྣམས་ཀྱི་དོན་དུ་རང་སྲོག་ཀྱང་བློས་གཏོང་བ༌ཡིན།
Explore ཡོ་ཧ་ནན། 10:11
3
ཡོ་ཧ་ནན། 10:27
ངའི་ལུག་རྣམས་ཀྱིས་ངའི་སྐད་ལ་ཉན་པ༌དང༌། ངས་ཀྱང་ལུག་དེ་དག་ངོ་ཤེས་ཏེ་ལུག་རྣམས་ཀྱང་བདག་གི་རྗེས་སུ་འབྲང༌ངོ་།།
Explore ཡོ་ཧ་ནན། 10:27
4
ཡོ་ཧ་ནན། 10:28
ཡང་བདག་གིས་དེ་རྣམས་ལ་མཐའ་མེད་པའི་ཚེ་སྲོག་སྩོལ༌བས། དེ་དག་ནམ་ཡང་འཇིག་པར་མི་འགྱུར་ཞིང་སུས་ཀྱང་བདག་གི་ལག་ནས་དེ་རྣམས་འཕྲོག་མི་ནུས།
Explore ཡོ་ཧ་ནན། 10:28
5
ཡོ་ཧ་ནན། 10:9
ང་རང་ནི་སྒོ་ཡིན༌ཏེ། ང་རང་བརྒྱུད་ནས་ནང་དུ་འགྲོ་བ་ཐམས་ཅད་སྐྱོབ་པར་འགྱུར༌ཞིང༌། ཕྱི་ནང་གང་དུ་སོང་ནའང་བཟའ་བྱའི་རྩྭ་འཐོབ་པར་འགྱུར།
Explore ཡོ་ཧ་ནན། 10:9
6
ཡོ་ཧ་ནན། 10:14
ང་རང་ནི་ལུག་རྫི་བཟང་པོ༌ཡིན་ཏེ། ངས་རང་གི་ལུག་རྣམས་ངོ་ཤེས༌ཤིང༌། ངའི་ལུག་རྣམས་ཀྱིས་ཀྱང་ང་རང་ངོ་ཤེས༌པ་ཡིན།
Explore ཡོ་ཧ་ནན། 10:14
7
ཡོ་ཧ་ནན། 10:29-30
བདག་གི་ཡབ་ཀྱིས་ལུག་དེ་རྣམས་བདག་ལ་གནང་ཞིང་ཁོང་ཉིད་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན༌ཏེ། སུ་ཞིག་གིས་ཀྱང་བདག་གི་ཡབ་ཀྱི་ཕྱག་ནས་ལུག་དེ་རྣམས་འཕྲོག་པར་མི་ནུས། བདག་དང་ཡབ་ནི་ངོ་བོ་གཅིག་རང་ཡིན་ཞེས་གསུངས༌སོ།།
Explore ཡོ་ཧ་ནན། 10:29-30
8
ཡོ་ཧ་ནན། 10:15
བདག་གི་ཡབ་ཀྱིས་ང་རང་ངོ་ཤེས་པ་དང་ངས་ཀྱང་ཁོང་ཉིད་ངོ་ཤེས་པ༌ལྟར། བདག་གིས་ལུག་རྣམས་ཀྱི་དོན་དུ་རང་སྲོག་བློས་གཏོང་བ་ཡིན།
Explore ཡོ་ཧ་ནན། 10:15
9
ཡོ་ཧ་ནན། 10:18
བདག་ནི་རང་སྲོག་རང་གིས་བློས་གཏོང་བ་ལས་གཞན་སུས་ཀྱང་འཕྲོག་མི་ནུས༌ཏེ། བདག་ལ་རང་སྲོག་བློས་གཏོང་བའི་དབང་ཡོད་ལ་སླར་གསོན་པའི་དབང་ཡང་ཡོད། དེ་ནི་བདག་གི་ཡབ་ཀྱིས་ང་རང་ལ་བསྩལ་བའི་བཀའ་ཡིན་ཞེས་གསུངས༌སོ།།
Explore ཡོ་ཧ་ནན། 10:18
10
ཡོ་ཧ་ནན། 10:7
དེའི༌ཕྱིར། ཡང་སྐྱབས་མགོན་ཡེ་ཤུས་དེ་རྣམས་ལ་འདི་སྐད༌དུ། ངས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། ལུག་རྣམས་ཀྱི་སྒོ་ནི་ང་རང་ཡིན།
Explore ཡོ་ཧ་ནན། 10:7
11
ཡོ་ཧ་ནན། 10:12
གླ་བ་ནི་ལུག་རྫི་དངོས་མིན་ལ་ལུག་གི་བདག་པོའང་མ་ཡིན༌པས། ཁོས་སྤྱང་ཀི་ཡོང་བ་མཐོང་ཚེ་ལུག་རྣམས་བསྐྱུར་ནས་འབྲོ་བ༌དང༌། སྤྱང་ཀིས་ལུག་འཛིན་པ་དང་ལུག་ཁྱུའང་གཏོར་བར་བྱེད།
Explore ཡོ་ཧ་ནན། 10:12
12
ཡོ་ཧ་ནན། 10:1
དེ་ནས་ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གིས་ཁྱོད་རྣམས་ལ་ཡང་དག་པར་བདེན་པར་སྨྲ༌སྟེ། མི་སུ་ཞིག་ལུག་རའི་ནང་དུ་སྒོ་ལམ་བརྒྱུད་ནས་མི་འགྲོ༌བར། གནས་གཞན་ནས་ཡར་འགོས་ཏེ་འགྲོ་བ་ནི་ཇག་རྐུན་ཡིན།
Explore ཡོ་ཧ་ནན། 10:1
Home
Bible
Plans
Videos