1
མད་ཐཱ། 8:26
Tibetan, Modern, gSungrab གསུང་རབ།
ཁོང་གིས་ཁོ་ཚོར་“ཁྱོད་ཚོ་དད་ཆུང་བ་རྣམས། ཞེད་དགོས་དོན་གང་ཡིན་”ཞེས་གསུངས་ཏེ་ཡར་བཞེངས་ནས་རླུང་དང་མཚོ་ལ་བཀའ་བཀྱོན་མཛད་ཅིང༌། དེ་ཚོ་ཡོངས་སུ་ཞི་བར་གྱུར།
Compare
Explore མད་ཐཱ། 8:26
2
མད་ཐཱ། 8:8
ལན་དུ་བརྒྱ་དཔོན་དེས་“གཙོ་བོ་ལགས། ཁྱེད་ངའི་ཁྱིམ་ནང་དུ་ཕེབས་པར་མི་འོས་པས་བཀའ་ཁོ་ན་གསུངས་དང༌། ངའི་གཡོག་པོ་ནད་ལས་ཐར་བར་འགྱུར།
Explore མད་ཐཱ། 8:8
3
མད་ཐཱ། 8:10
ཡེ་ཤུས་དེ་གསན་ནས་ཡ་མཚན་སྐྱེས་ཏེ་ཁོང་གི་རྗེས་སུ་འབྲང་བའི་མི་རྣམས་ལ་“ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། ཡི་སི་ར་ཨེལ་ཡུལ་ལའང་ངས་འདི་འདྲ་བའི་དད་སེམས་ཡོད་པའི་མི་མཐོང་མ་མྱོང༌།
Explore མད་ཐཱ། 8:10
4
མད་ཐཱ། 8:13
ཡང་ཡེ་ཤུས་བརྒྱ་དཔོན་དེ་ལ་“སོང་ལ་ཁྱེད་ཀྱིས་དད་པ་བཞིན་དུ་སྒྲུབ་པར་འགྱུར་”ཞེས་གསུངས་ནས། དུས་དེ་རང་ལ་གཡོག་པོ་དེ་ནད་ལས་ཐར་བར་གྱུར།
Explore མད་ཐཱ། 8:13
5
མད་ཐཱ། 8:27
ཡ་མཚན་ཆེན་པོ་སྐྱེས་ཏེ་ཁོ་ཚོས་གཅིག་གིས་གཅིག་ལ་“སྐྱེས་བུ་འདི་ཅི་ལྟར་ཡིན། རླུང་དང་མཚོ་ཡིས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་”ཅེས་ཟེར།
Explore མད་ཐཱ། 8:27
বাড়ি
বাইবেল
পরিকল্পনাগুলো
ভিডিও